Skip to main content Skip to search
15 Dec 2011
1 min 6 sec
Video Overview
Creators: 
Unknown

Jangbu, a modern Tibetan poet from Amdo, reads the poem "My Tibet" from his book Poetic Compositions: The Nine-eyed Zi Stone.

Transcript search
No results found for this search
0 of 0
  • ལྗང་བུ
    ང་ཡི་བོད།
    nga yi bod/
  • ལྗང་བུ
    རི་རབ་དང་གཙང་པོའི་འཚང་གས་ཁོད་མ་སྙོམས་པའི་སྤང་ལྗོངས་ཆེན་པོ
    ri rab dang gtsang po'i 'tshang gas khod ma snyoms pa'i spang ljongs chen po
  • ལྗང་བུ
    རི་རབ་ནི་འཚང་ག་ཤིག་ཤིག་གི་རྩྭ་སྐྱའི་ཚོགས་དང
    ri rab ni 'tshang ga shig shig gi rtswa skya'i tshogs dang
  • ལྗང་བུ
    གཙང་ཆུ་ནི་རྩྭ་རྐང་ལ་འབྱར་བའི་ཟིལ་བ་དག་ཡིན
    gtsang chu ni rtswa rkang la 'byar ba'i zil ba dag yin
  • ལྗང་བུ
    སྤྲིན་པ་བྲལ་བའི་ཉི་འོད་འོག་གི་ནམ་མཁའ་དང་འདྲ་བར
    sprin pa bral ba'i nyi 'od 'og gi nam mkha' dang 'dra bar
  • ལྗང་བུ
    སྤང་ལྗོངས་འདི སྐོམ་ཐན་གྱིས་ཡོངས་སུ་ཟིན་སོང
    spang ljongs 'di_skom than gyis yongs su zin song
  • ལྗང་བུ
    ཨེ་མ་ང་ཡི་བོད སང་ཉིན་གྱི་སྨིག་རྒྱུའི་གྲོང་ཁྱེར
    e ma nga yi bod_sang nyin gyi smig rgyu'i grong khyer
  • ལྗང་བུ
    རྒྱང་རིང་ས་ནས རྡེའུ་ཆུ་ལ་བྱིངས་པ་ཇི་བཞིན
    rgyang ring sa nas_rde'u chu la byings pa ji bzhin
  • ལྗང་བུ
    གྲགས་མེད་ངང་མི་སྣང་ཡལ་གྱིན་པའི་གསང་བ་བདག་མེད་ཅིག
    grags med ngang mi snang yal gyin pa'i gsang ba bdag med cig
  • ལྗང་བུ
    འབྲུག་སྒྲ་མེད་པའི་གློག་དམར་ཞིག་གི་འཁྱུག་སྲོལ
    'brug sgra med pa'i glog dmar zhig gi 'khyug srol
  • ལྗང་བུ
    ཨེ་ཤར་ཡའི་སོག་སྲུབས་ལ་ཟུག་པའི་ཁེར་རྐྱང་གི་གླུ་གཞས
    e shar ya'i sog srubs la zug pa'i kher rkyang gi glu gzhas
  • ལྗང་བུ
    མཐོ་ས་ནས་ཙོག་པུར་བསྡད་དེ
    mtho sa nas tsog pur bsdad de
  • ལྗང་བུ
    ངག་མི་སྨྲ་བའི་ཤ་ཁྲག་གི་རི་རབ
    ngag mi smra ba'i sha khrag gi ri rab
  • ལྗང་བུ
    ང་ཡི་ཡུལ་ལྗོངས ཕྱོགས་བཞི་མཚམས་བརྒྱད་ཀྱི་རྦ་རླབས
    nga yi yul ljongs_phyogs bzhi mtshams brgyad kyi rba rlabs
  • ལྗང་བུ
    ཡིད་སེམས་མ་སྐྱིད་པ་དག་གི་ན་ཟུག་འབྲི་སའི་རྩིག་ལྡེབས་ཆེན་པོ
    yid sems ma skyid pa dag gi na zug 'bri sa'i rtsig ldebs chen po