Skip to main content Skip to search
07 Feb 2017
3 min
Video Overview
Creators: 
Sherig Dentshog

ངེ་ཕ་ཡུལ་གངས་རི་དཀར་པོ་འདྲ་ཟེར་མི་འདི་ ཡོངས་གྲགས་ཅན་གྱི་ བོད་སྒྲའི་གླུ་གཞས་འདི་ པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ལས་ ཀུན་བཟང་ཆོས་སྒྲོན་གྱིས་འཐེནམ་ཨིན་པས། གླུ་གཞས་འདི་ནང་ ཞབས་བྲོ་བརྩམས་མི་གི་ གཡུས་དང་ཕམ་ འདི་ལས་གཉེན་གྲོགས་ཀྱི་བསྟོད་པ་་དང་ འགྲེལ་བཤད་རྐྱབ་ཨིནམ་ད་ ཕ་ཡུལ་འདི་ གངས་རི་དཀར་པོ་དང་ ཕམ་འདི་ འཛམ་གླིང་གི་མུན་པ་སེལ་མི་ ཉིམ་དང་ཟླཝ་ལུ་དཔེ་སྦྱརཝ་ཨིན་པས། ཏེ་མཇུག་ར་ གཉེན་གྲོགས་འདི་ ཧ་ལོའི་མེ་ཏོག་གི་ ཁ་མདོག་དང་བཀྲ་མདངས་ འཇའ་ཆི་ཆི་འདི་ལུ་ དཔེ་སྦྱརཝ་ཨིནམ་ད་ གླུ་གཞས་འདི་ནང་ སྤུན་ཆ་ཚུ་ གནམ་མཁའི་སྐརམ་ལུ་ དཔེ་སྦྱར་ནི་ཡོད་རུང་ མོ་གིས་འདི་ནང་མི་འཐེན་པས། 

Transcript search
No results found for this search
0 of 0
  • སྐལ་བཟང་དབྱངས་སྒྲོན། Kelzang Yangdon
    ངེད་ཕ་ཡུལ་གངས་རི་ལ་དཀར་པོ་འདྲ་ལ། །གངས་རི་དཀར་པོ་མཐོང་ཚེ་ཕ་ཡུལ་དྲན་ལ། །སྤང་ལ་གི་འོ།
    My homeland resembles a snow mountain. I miss my homeland, while seeing a snow mountain. Like a meadow.
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ངེད་ཡབ་ཆེན་ཁྲི་གདུགས་ལ་ཉི་མ་འདྲ་ལ། །ཁྲི་གདུགས་ཉི་མ་མཐོང་ཚེ་ཞབས་(ཡབ་)ཆེན་དྲན་ལ། །སྤང་ལ་གི་འོ།
    My father resembles a golden sun On seeing a sun, I remember my father. Like a meadow.
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ངེད་ཡབ་ཆེན་(ཡུམ་ཆེན་)ཞོ་ཤེལ་ལ་ཟླ་བ་འདྲ་ལ། །ཞོ་ཤེལ་ཟླ་བ་མཐོང་ཚེ་ཞབས་ཆེན་(ཡུམ་ཆེན་)དྲན་ལ། །སྤང་ལ་གི་འོ།
    My father resembles a crystal white moon. On seeing a crystal white moon, I remember my father. Like a meadow.
  • སྐལ་བཟང་དབྱངས་སྒྲོན་ Kelzang Yangdon
    ངེད་གཉེན་འགྲོགས་ཧ་ལོའི་ལ་མེ་ཏོག་འདྲ་ལ། །ཧ་ལོའི་མེ་ཏོག་མཐོང་ཚེ་གཉེན་འགྲོགས་དྲན་ལ། །སྤང་ལ་གི་འོ། གཉེན་འགྲོགས་དྲན་ལ། སྤང་ལ་གི་འོ།། །།
    My sweet heart resembles a hollyhock flower. I miss my sweet heart while seeing a hollyhock flower. Like a meadow. I miss my sweet heart. Like a meadow.