Skip to main content Skip to search
11 Jan 2016
5 min 4 sec
Video Overview
Creators: 
Tibetan & Himalayan Library

This is a video of Tashi Tsomo from Yak Village in Chentsa singing a song called "My Older Sister Sermo Tso." This song is part of a collection of folk songs from the Rebgong cultural area.

འདི་ནི་བུ་མོ་རྣམས་ལ་བསྟོད་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དོན་གཙོ་བོ་ནི་གནས་འགྲོ་བུ་མོའི་མགོ་སྐྲ་བཤར་དུས་གསེར་གྱི་སོ་མང་དང་དངུལ་གྱི་སོ་མང་དུང་གི་སོ་མང་སོགས་དགོས་པས་བུ་མོ་སློང་མཁན་ཁྱོད་རང་ཉིད་ལ་མེད་ན་ཐབས་བརྒྱ་ཇུས་སྟོང་སྒོས་བཙལ་ཐབས་བྱས་ནས་ཁྱེར་ཡོང་དགོས་ཞེས་ཤུགས་ནས་བུ་མོ་རིན་ཐང་ཆེ་བར་བརྗོད་ཡོད།

Transcript search
No results found for this search
0 of 0
  • ༼ཡེ་་་ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • ངེད་ཀི་ཨ་ཅེ་གསེར་མོ་མཚོ།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • སྐྲ་གཡས་སྐྲ་བཤར་ན་གསེར་སོ་དགོས།།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • གསེར་གྱི་སོ་མང་ཆ་ཚང་དགོས།།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • ཁྱེད་ལ་མེད་རུང་གླིང་ལ་འཚོལ།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • ངེད་ཀི་ཨ་ཅེ་དངུལ་མོ་མཚོ།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • སྐྲ་གཡོན་སྐྲ་བཤར་ན་དངུལ་སོ་དགོས།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • དངུལ་གྱི་སོ་མང་ཆ་ཚང་དགོས།།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • ཁྱེད་ལ་མེད་རུང་གླིང་ལ་འཚོལ།།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • ངེད་ཀི་ཨ་ཅེ་དུང་མོ་མཚོ།།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • སྐྲ་ར་གཅིག་བཤར་ན་དུང་སོ་དགོས།།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • དུང་གི་སོ་མང་ཆ་ཚང་དགོས།།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • ཁྱེད་ལ་མེད་རུང་གླིང་ལ་འཚོལ།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽
  • གླུ་ཤེས་ནི་མིན་ར་དགའ་ནི་ཡིན།༼ཞང་ཨ་ལོང་ཡེ་ལ་མོ་་་ངས་གླུ་ཞིག་ལེན༽