Skip to main content Skip to search
30 Jan 2017
4 min 16 sec
Video Overview
Creators: 
Sherig Dentshog

Karma Jamtsho from Maan village sings a song that compares the homeland, parents, siblings and spouse with the mountain, sun, moon, stars and flower. The song describes that the white mountains are like the home land and expresses missing of home when ever one sees a white capped mountains. In the same manner, it goes on describing the father like the sun, mother like moon, siblings like the stars, a spouse like a flower therefore espressing loneliness and missing of those beloved ones when ever one see those natural elements.

ད་ལྟོ་ནཱ་ལུ་འབད་བ་ཅིན་ པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ སྨན་གཡུས་ཚན་ལས་ ཀརྨ་རྒྱ་མཚོ་གིས་ ཕ་ཡུལ་དང་ ཕམ་ འདི་ལས་སྤུན་ཆ་དང་ གཉེན་གྲོགས་ཚུ་ གངས་རི་དང་ ཉིམ་ འདི་ལས་ སྐརམ་དང་ མེ་ཏོག་ལུ་ དཔེ་སྦྱར་ཏེ་འཐེནམ་ཨིན་པས། གླུ་གཞས་འདི་ནང་ གངས་རི་དཀར་པོ་འདི་ཚུ་ ཕ་ཡུལ་འདྲཝ་ལས་ གངས་རི་དཀར་པོ་མཐོང་ཚེ་ ཕ་ཡུལ་དྲན་ཟེར་དང་ འདི་ཅོག་ར་འཐདཔ་སྦེ་ ཡབ་ཆེན་ཨ་པ་ཁྲི་གདུགས་ཉི་མ་འདྲ་ལོ་ ཡུམ་ཆེན་དཀར་གསལ་ཟླ་བ་འདྲ་ལོ་ སྤུན་ཆ་སྐར་མ་འདྲ་ལོ་ གཉེན་གྲོགས་མེ་ཏོག་འདྲ་ལོ་ཟེར་ འདི་ཚུ་མཐོང་པའི་སྐབས་སུ་  ཕ་ཡུལ་དང་ ཡབ་ཆེན་ ཡུམ་ཆེན་དང་ སྤུན་ཆ་ འདི་ལས་གཉེན་གྲོགས་འདི་ཚུ་ དྲན་མས་ཟེར་ སླབ་ཨིན་པས། 

Transcript search
No results found for this search
0 of 0
  • ཀརྨ་རྒྱ་མཚོ་ Karma Jamtsho
    ངེའི་ཕ་ཡུལ་གངས་རི་ལ་དཀར་པོ་འདྲ་ལ། །གངས་རི་དཀར་པོ་མཐོང་ཚེ་ཕ་ཡུལ་དྲན་ལ། །སྤང་ལ་གི་འོ། ཕ་ཡུལ་དྲན་ལ། སྤང་ལ་གི་འོ།
    My homeland is like the white mountain. When I see the white mountain, I miss my homeland. Pang la gi wo! I miss my homeland. Pang la gi wo!
  • ཀརྨ་རྒྱ་མཚོ་ Karma Jamtsho
    ངེའི་ཡབ་ཆེན་ཁྲི་གདུགས་ཉི་མ་འདྲ་ལ། །ཁྲི་གདུགས་ཉི་མ་མཐོང་ཚེ་ཡབ་ཆེན་དྲན་ལ། །སྤང་ལ་གི་འོ། ཡབ་ཆེན་དྲན་ལ། སྤང་ལ་གི་འོ།
    My father is like the sun. When I see the sun, I miss my father. Pang la gi wo! I miss my father. Pang la gi wo!
  • ཀརྨ་རྒྱ་མཚོ་ Karma Jamtsho
    ངེའི་ཡུམ་ཆེན་ཞོ་ཤེལ་ཟླ་བ་འདྲ་ལ། །ཞོ་ཤེལ་ཟླ་བ་མཐོང་ཚེ་ཡུམ་ཆེན་དྲན་ལ། །སྤང་ལ་གི་འོ། ཡུམ་ཆེན་དྲན་ལ། སྤང་ལ་གི་འོ།
    My mother is like the moon. When I see the moon, I miss my mother. Pang la gi wo! I miss my mother. Pang la gi wo!
  • ཀརྨ་རྒྱ་མཚོ་ Karma Jamtsho
    ངེའི་སྤུན་ཆ་ནམ་མཁའི་སྐར་མ་འདྲ་ལ། །ནམ་མཁའི་སྐར་མ་མཐོང་ཚེ་སྤུན་ཆ་དྲན་ལ། །སྤང་ལ་གི་འོ། སྤུན་ཆ་དྲན་ལ། སྤང་ལ་གི་འོ།
    My siblings are like the stars. When I see the stars in the sky, I miss my siblings. Pang la gi wo! I miss my siblings. Pang la gi wo!
  • ཀརྨ་རྒྱ་མཚོ་ Karma Jamtsho
    ངེའི་གཉེན་འགྲོགས་ཧ་ལོའི་མེ་ཏོག་འདྲ་ལ། །ཧ་ལོའི་མེ་ཏོག་མཐོང་ཚེ་གཉེན་འགྲོགས་དྲན་ལ། །སྤང་ལ་གི་འོ། གཉེན་གྲོགས་དྲན་ལ། སྤང་ལ་གི་འོ། གཉེན་གྲོགས་དྲན་ལ། སྤང་ལ་གི་འོ།། །།
    My wife is like the foxglove flower! When I see the foxgloves, I miss my wife. Pang la gi Wo! I miss my wife! Pang la gi wo! I miss my wife! Pang la gi wo!