Skip to main content Skip to search
28 Jun 2018
4 min 4 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ལས་སྐྱིད་སྒྲོལ་མ་ Leki Delma
    ངེད་ཕ་ཡུལ་ལ་གངས་རི་དཀར་པོ་འདྲ་ལ། །གངས་རི་ལ་དཀར་པོ་མཐོང་ཚེ། །ཕ་ཡུལ་དྲན་ལ། དགའ་བ་ལས་སྐྱིད། ཕ་ཡུལ་དྲན་ལ། དགའ་བ་ལས་སྐྱིད།
  • ལས་སྐྱིད་སྒྲོལ་མ་ Leki Delma
    ཏེ་་་་ ཡབ་ཆེན་ཁྲི་གདུགས་ལ་ཉི་མ་འདྲ་ལ། །ཁྲི་གདུགས་ལ་ཉི་མ་མཐོང་ཚེ། །ཡབ་ཆེན་དྲན་ལ། དགའ་བ་ལས་སྐྱིད། ཡབ་ཆེན་དྲན་ལ། དགའ་བ་ལས་སྐྱིད།
  • ལས་སྐྱིད་སྒྲོལ་མ་ Leki Delma
    ངེད་ཡུམ་ཆེན་ཞོ་ཤེལ་ལ་ཟླ་བ་འདྲ་ལ། །ཞོ་ཤེལ་ཟླ་བ་མཐོང་ཚེ། །ཡུམ་ཆེན་དྲན་ལ། དགའ་བ་ལས་སྐྱིད། ཡུམ་ཆེན་དྲན་ལ། དགའ་བ་ལས་སྐྱིད།
  • ལས་སྐྱིད་སྒྲོལ་མ་ Leki Delma
    ངེད་སྤུན་ཆ་གནམ་གྱི་ལ་སྐར་མ་འདྲ་ལ། །གནམ་གྱི་སྐར་མ་མཐོང་ཚེ། །སྤུན་ཆ་དྲན་ལ། དགའ་བ་ལས་སྐྱིད། གནམ་་་་ སྤུན་་་་ གནམ་གྱི་སྐར་མ་མཐོང་ཚེ། །སྤུན་ཆ་དྲན་ལ། དགའ་བ་ལས་སྐྱིད།
  • ལས་སྐྱིད་སྒྲོལ་མ་ Leki Delma
    ངེད་ཆོས་གྲོགས་སྤང་གི་ལ་མེ་ཏོག་འདྲ་ལ། །སྤང་གི་ལ་མེ་ཏོག་མཐོང་ཚེ། །ཆོས་གྲོགས་དྲན་ལ། དགའ་བ་ལས་སྐྱིད། ཆོས་གྲོགས་དྲན་ལ། དགའ་བ་ལས་སྐྱིད།། ལགས་སོ་ལགས།། །།