27 Aug 2018
6 min 4 sec
Video Overview
Creators:
Sherig Dentshog
Sempa sings “My Government” (Ngi Zhungla), an old village boedra song. The lyrics of the song are very difficult to understand. The song was sung in their village since a very long time ago. He did not remember who had composed it, and learned the song from village elders.
སེམས་པ་ཀྱིས་ རང་ལུགས་བོད་སྒྲའི་གླུ་གཞས་ ངེ་གཞུང་ལ་ཟེར་མི་འཐེན་མས། གླུ་གཞས་ཀྱི་ ཚིག་ཚུ་ ཧ་གོ་ཚུགས་པ་ལཱ་ཁག་ཡོདཔ་ཨིན་མས། ཨིན་རུང་ གླུ་གཞས་འདི་ དུས་ཧེ་མ་ལས་ ཁོང་རའི་གཡུས་ཁ་ལུ་འཐེན་སྲོལ་ཡོདཔ་ཨིན་མས། ཁོ་གི་ གླུ་གཞས་འདི་ གཡུས་ཁའི་རྒན་ཤོས་ཚུ་ལས་ལྷབ་སྟེ་ཡོདཔ་ཨིན་རུང་ གླུ་གཞས་རྩམ་མི་འདི་ བརྗེད་སོངམ་ཨིན་མས།
- སེམས་དཔའ་ངེའི་གཞུང་ལ། །ག་ཏེ་འགྲོ་ག་བསམ་པ། །གཞན་འགྲོ་མེད་པར་ལུས་སོང་། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞན་གྱི་ལུས་ལ་སེང་ཞིག །
- སེམས་དཔའ་ངེའི་གཞུང་ལ། །ཉི་མ་ལ་ལ་ཤར་ན། །ཉི་མ་ལ་ལུ་འཛུལ་སོང་། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །ཆར་པ་ལ་ལ་འབབ་ན། །ལ་ཆུ་ལུང་གི་འབབ་སོང་། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །ཤིང་ཤིང་ལྕང་མའི་ཨོ་ལོ། །སེམས་པའི་མཆོང་བསྐོར་ལུས་སོང་། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །དགུ་ཀྲམ་བཏོན་པའི་ནང་ལུ། །དགུ་ཀྲམ་ཉི་ཤུ་རྩ་གཅིག །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །ང་རང་ནི་བུ་མོ་གཅིག་ལ། །ཡང་དག་ལ་ལ་ལུས་སོང་། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །ང་རང་ནི་བོང་ཀུ་གཅིག་ལ། །ཡོན་ཕུ་ལ་ལ་ལུས་སོང། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །ང་རང་ནི་ཨ་པ་གཅིག་ལ། །སེམས་པ་སྐྱོ་སྐྱོ་རྨ་རེད། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །ང་རང་ནི་ཨ་མ་གཅིག་ལ། །ཁྱད་རི་གཞུང་ལ་ལུས་སོང། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །ང་རང་ནི་སྤྲུལ་རྐོ་གཅིག་ལ། །ངེ་གི་ལག་པ་སྤྲོལ་སོང། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །ཞན་མ་པའི་ལུས་ལ་སེང་ཞིག །
- སེམས་དཔའ་ངེའི་གཞུང་ལ། །ཆང་གཅིག་མི་འཐུང་ཟེར་ན། །ཆང་མ་ཨ་མས་མི་བཞག །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །གླུ་ཅིག་མི་བཏང་ཟེར་ན། །གླུ་མ་ཨ་མས་མི་བཞག །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །ཞབས་ཁྲ་མི་བཏང་ཟེར་ན། །སྨན་ཆུང་བུ་མོའི་ཞབས་ཁྲ། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །
- སེམས་དཔའ་ངེའི་གཞུང་ལ། །རང་སེམས་དཀར་ཡང་མི་དཀར། །དཀར་བའི་མི་ཅིག་འཁྲུངས་སོང་། །
- སེམས་དཔའ་གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག །གཞོན་པའི་ལུས་ལ་(ལོགས་ལ་)གསོན་ཤོག། །།