05 Jan 2016
2 min 27 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo singing a song called "My Beloved Ones." This song is part of a collection of folk songs from the Rebgong cultural area.
འདི་ནི་རྫ་རི་མཐོན་པོ་དང་ཆུ་བོ་དྭངས་མོ་བཅས་ལ་སྲུང་སྐྱོབ་བྱེད་དགོས་པར་སྐུལ་བའི་གླུ་ཞིག་ཡིན།
འདིའི་ནང་དོན་གཙོ་བོ་ནི་རྫ་རི་མཐོན་པོ་དང་ཆུ་བོ་དྭངས་མོ་སོགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། རྫ་རི་མཐོན་པོ་ནི་དགྲ་ཡོང་ན་སྐུང་ས་དང་ཆུ་གཙང་མ་ནི་ཁ་སྐོམ་ན་འཐུང་རྐྱང་ཡིན་པ། ད་དུང་འཁྱོག་དཀར་གཞུ་ནི་དགྲར་འཐབ་ན་འཕེན་རྐྱང་ཡིན་པ་བཅས་བརྗོད་པའི་གླུ་ཞིག་ཡིན།
- ༼ ཡེ་་་་་་་ཡ་རེ་་་ཨ་ཟིན་ཁོ་ཡ་རེ་ལེན། ༽
- ང་ཁྲ་ཡག་རྫ་འདིར་ཕ་འདང་ཡོད།།
- ང་རང་ང་ཕ་འདང་ཡོད་ནི་མིན།།
- རྟ་དེད་པའི་ནངས་མོ་སྐུང་རྐྱང་རེད།།
- ང་གཙང་མོ་ཆུ་ལ་མ་འདང་ཡོད།།
- ང་རང་ང་མ་འདང་ཡོད་ནི་མིན།།
- ཁ་སྐོམ་པའི་ནངས་མོ་འཐུང་རྐྱང་རེད།།
- ང་འཁྱོག་དཀར་གཞུ་ལ་སྤུན་འདང་ཡོད།།
- ང་རང་ང་སྤུན་འདང་ཡོད་ནི་མིན།།
- དགྲ་འཐབ་པའི་ནངས་མོ་འཕེན་རྐྱང་རེད།།
- གླུ་ཤེས་ནི་མིན་ར་དགའ་ནི་ཡིན།།