Video Overview
འདི་ནི་རྒྱལ་བུ་ཞིག་དང་ཨ་མཆོད་གཉིས་རྒྱ་གར་ལ་ཆོས་སྦྱང་བར་སོང་བར་ཕྱིར་འོང་བའི་ལམ་དུ་ཨ་མཆོད་ཀྱིས་རྒྱལ་བུ་བསད་པའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་རྒྱལ་བུ་ཞིག་དང་ཨ་མཆོད་གཉིས་རྒྱ་གར་ལ་ཆོས་སྦྱང་བར་སོང་སྟེ་སྐད་དང་རིག་གནས་མང་པོ་སྦྱངས། ཕྱིར་འོངས་པའི་ལམ་དུ་ཁོང་གཉིས་ཀྱིས་མི་སུ་ལ་བར་ཆད་བྱུང་ན་ལག་རྟེན་ཁྱེར་ཕ་རོལ་བོས་འཁྱེར་རྒྱུ་བྱས། དེ་ནས་ཨ་མཆོད་ཀྱིས་རྒྱལ་བུ་བསད། རྒྱལ་བུའི་ལག་རྟེན་ཕྱིར་ཡུལ་དུ་ཁྱེར། ལག་རྟེན་གཤམ་དུ་སྔགས་ཡིག་ཅིག་ཡོད་པས་མི་མང་པོ་ཞིག་ལ་དྲིས་ཤིང་། མཐར་དེ་ནི་ལག་དམར་ཨ་མཆོད་ཡིན་པར་སྟོན་པའི་སྔགས་ཡིག་ཅིག་ཡིན་པས་ཚང་མས་ཨ་མཆོད་བཟུང་ནས་ཉེས་ཆད་བཅད།
这是一则关于一位王子和经师前往印度学佛,在回来的路上经师杀死王子的故事。
这则故事主要讲述了一位王子和经师前往印度学佛。在印度,学习了许多语言和文化相关的知识。在回来的路上,两人商量如果在路上谁遇难,另一方将带回他的拐杖。于是,经师杀死了王子并带回了他的拐杖。在拐杖下面写了一些梵文,经师问了很多人也没有弄明白。最后,发现那是证明经师是凶手的梵文,大家捉住经师并给予他相应的惩罚。
A prince and a priest go to India to study Buddhism, but the priest kills the prince on their way back home and is found out.
- ལྷ་དཔལ་སྐྱབས།གནའ་ཞིག་ལ་རྒྱལ་བོ་ཞིག་ཡོད།
- རྒྱལ་བོ་དེར་བུ་ཞིག་དང་ཨ་མཆོད་གཉིས་ཡོད་པ་རེད།
- དེ་ནས་དེ་གཉིས་ཀ་རྒྱལ་བོ་ཡིས།
- ཁྱོད་གཉིས་རྒྱ་གར་ཡུལ་ལ།
- རྒྱ་གར་ཡུལ་ལ་སོང་ནས་ཆོས་ཁྲིད།
- ཆོས་ཁྲིད་ཏུ་སོང་ཟེར་བར་ཡ་ཡ་ཟེར།
- གཉིས་ཀ་རྒྱ་གར་ཡུལ་ལ་ཆོས་ཁྲིད་ཏུ་སོང་།
- སོང་ནས་རྒྱ་གར་ཡུལ་དུ་ཆོས་ཁྲིད་ནས།
- སྐད་རིགས་མང་པོ་ཁྲིད་ནས།
- ཆོས་ཁྲིད་སྐད་རིགས་མང་པོ་གོ་ནས།
- ཁྱི་སྐད་གོ་བ་དང་།
- བོང་སྐད་གོ་བ་དང་།
- མེ་སྐད་གོ་བ་དེ་འདྲའི་ངར་བ་ཞིག་ཏུ་གྱུར་སོང་།
- མཐའ་མར་གཉིས་ཀ་ཕྱིར་ཡུལ་ལ་ཡོང་དུས།
- ཡོང་དུས་ཀྱི་ལམ་ནས།
- ཡུལ་ལ་མ་ཐོན་པའི་ལམ་དེ་ནས།
- གཞན་ཞིག་གིས་བདའ་ནས་ཡོང་དུས།
- རྒྱལ་བོའི་བུ་ཡིས་མེ་མདའ་ལྷུང་ནས།
- ཆུ་ཡི་ནང་ན་དེ་འདྲའི་སྒྲ་ཞིག་ཡོད་པ་རེད།
- ཁོ་དོ་དགོང་ཨ་ཕས་གསོད་རྒྱུ་རེད།
- དེ་འདྲའི་སྒྲ་ཞིག་གོ་བ་རེད།
- ཁྱོད་དེ་དགོང་ཉལ་ན།
- དེ་འདྲའི་སྒྲ་ཞིག་ཡོད་པ་རེད།
- དེ་ནས་ཁོ་ཡིས་ཡ་དེ་ན།
- ཁོའི་ཁ་ནས་འདོན་དགོས་འདོད་དེ།
- ངེད་གཉིས་ཤེས་ནི་མ་རེད།
- མི་ཟེར་བ་དེ་ཅི་འདྲ་ཡིན་པ་ཤེས་ནི་མ་རེད།
- ཁོ་ཤི་འགྲོ་ན་ཡང་འདྲ།
- ཁྱོད་ཤི་འགྲོ་ན་ཡང་འདྲ།
- ངེད་གཉིས་ལྶ་སུ་ཤི་ན།
- ཁོ་གཉིས་ཀྱིས་ལག་རྟེན་གཉིས་བཟུང་ཡོད་པ་རེད།
- ལག་རྟེན་འདི།
- སུ་ཤི་ན་རྒྱལ་བོའི་ཕྱག་ལ་འཇོག་ཟེར་བར་ཡ་ཟེར།
- མི་མཐོང་ས་ནས་ཆུ་ཁ་ན་བྲིས་པ་ཡིན་རྒྱུ་རེད།
- ལག་རྟེན་གྱི་ཞབས་ལ་བསྔགས་ཡིག་དེ།
- བསྔགས་ཀྱི་ཡི་གེ་དེ་བྲིས་ནས་བསྡད་པ་རེད།
- དེ་ནས་དགོང་མོ་ཨ་མཆོད་ཀྱིས་རྒྱལ་བོའི་བུ་བདའ་བ་རེད།
- དེ་ནས་ཨ་མཆོད་ཀྱིས་ལག་རྟེན་ཏེ་ཁྱེར་ནས།
- དེ་ལྟར་རྒྱལ་བོ་ཡོད་སར།
- ཕྱིར་བསྙེགས་ནས་རྒྱལ་ས་ལ་ཡོང་།
- དེ་ལྟར་རྒྱལ་བོའི་བུ་ཁོང་གཉིས་མར་ཡོང་དུས།
- གློ་བུར་དུ་ན་ནས་ཤི་བ་རེད།
- ཁོའི་ལག་རྟེན་ཁྱེད་ཀྱི་ཕྱག་ལ་ཞོར་ཟེར།
- དེ་བས་ངས་ཁྱེར་ཡོང་བ་ཡིན།
- རྒྱལ་བོ་ཡིས་དེར་ཁོར་ཡང་བཀོད་པ་ཡོད་ནི་མ་རེད།
- ཅི་བཤད་ཀྱང་ཤེས་ནི་མ་རེད།
- ཁྱོད་ཡིན་རུང་མཚམས་པོར་ཐོན་ན་བཟང་གི
- དེ་ལྟར་བཤད་ནས་དེར་བཀོད་པ་ཡོད་ནི་མ་རེད་ཟེར།
- ལག་རྟེན་དེ་ཕུར་ནས་ཚེ་གང་བོར་དེ་ལྟར་བསྡད་ནས།
- ལག་རྟེན་དེ་ཕུར་ནས།
- ཉིན་ཞིག་ལ་བལྟ་ཕྱོགས་ཞིག་གིས་བལྟས་དུས།
- ཞབས་ན་བསྔགས་ཡིག་གི་ཡི་གེ་ཞིག་ཡོད་པ་རེད།
- དེའི་ཞབས་ན་ཡོད།
- དེ་ནས་འདི་ཅི་རེད་ཟེར་ནས་བལྟས་དུས་མི་ཤེས།
- བསྔགས་ཡིག་དེ་མི་ཤེས།
- བསྔགས་དེ་འདྲའི་ཡི་གེ་མི་ཤེས་པ་རེད།
- དེ་ནས་རྒན་མོ་ཞིག་ལ་བན་དེ་གཅིག་ཡོད།
- རྒན་མོ་ཡིས་ཁྱོད་ཀྱིས་དྲིས་དང་།
- དགོན་པའི་ནང་གི་ཨ་ཁུ་མང་པོར་དྲིས་དང་།
- མ་ཤེས་ན་ཚང་མ་བསད་འཇོག་པ་རེད།
- ཁྱོད་ཀྱང་བསད་འཇོག་པ་རེད།
- བྲོས་ནས་བུད་སོང་།
- ཁོ་བྲོས་ནས་སོང་མཐར་བྲག་རྩ་ཞིག་ནས་བསྡད་དེ།
- བྲག་ཁུང་ཞིག་ཡོད།
- དེའི་སྒོ་ཁ་དེའི་ཕུག་ནས་ཉན་དུས།
- འདྲེ་མོ་མ་བུ་གཉིས་ཀྱིས་གྲོས་བྱེད་བཞིན་ཡོད།
- འདྲེ་མོ་ཆུང་བ་དེར་མོ་ཡི་ཨ་མས་འདྲི་བཞིན་ཡོད།
- གོ་ལོ་ག་ཟེར་བ་དེ་ཅི་ཞིག་རེད།
- དེའི་ནང་དོན་ཅི་ཞིག་རེད་ཟེར།
- དེའི་ཨ་མས་བཤད་མི་ཉན་ཟེར།
- འདྲེ་མོ་ཡིས་བཤད་མི་ཉན།
- དེ་གོ་སོང་ན་བ་གླང་གི་སྲོག་སྐྱོབ་པ་རེད།
- དེ་སྐྱོབ་ཚེ་ངེད་གཉིས་ལ་ཟ་རྒྱུ་མེད་པ་རེད།
- དེ་བསད་བཏང་ན་ངེད་གཉིས་ལ་བཟང་བ་རེད།
- བྱ་བ་ལམ་ལ་སོང་བ་རེད།
- དེ་གོ་ནི་མ་རེད།
- དེ་ན་ཁྱོད་སོང་ནས།
- ངེད་གཉིས་ཀྱི་ནོར་གི་གཡང་གཞི་གན།
- ཐེངས་གསུམ་ལ་སར་བརྒྱབ་ནས་ཁྱོད་ཤོག་དང།
- དེ་ནས་ཅང་གིས་མ་གོ་ན་ངས་ཁྱོད་ལ་བཤད་ཟེར།
- འགུལ་མི་ཉན་ཟེར་བར་ཡ་ཡ་ཟེར།
- དེ་ནས་རྡོ་རྒན་ཞིག་ལ་འཐམ་ནས།
- བཙན་པོས་བཟུང་ནས་བསྡད་དུས།
- ཐེངས་གསུམ་ལ་ཁོས་སྡོང་བོའི་ཐོག་ནས།
- ལག་ནས་འཆོར་ལ་ཉེ་བ་རེད།
- དེ་ནས་ཐེངས་གསུམ་ལ་སྨོན་ལམ་གསུམ་པོ་བརྒྱག་རག་བར་དུ།
- མ་འཆོར་བ་རེད།
- དཀོན་མཆོག་གི་ཐུགས་རྗེ་ཡིས་མ་འཆོར་བ་རེད།
- དེ་ནས་ཕྱིར་སོང་ནས།
- དེ་ནས་ཁོ་ཕྱིར་སོང་ནས་ངས་ཉན་ཟེར་ནས་དེ་ལྟར་བཤད།
- གོ་ལོ་ག་དང་གོ་ཤུ་ག་ཟེར་བ།
- དེ་ཅི་ཞིག་ཡིན་ཟེར་ན་རྒྱལ་བོའི་སྙིང།
- ཨ་མཚར་རྒྱག་དང་འདྲ་བའི་རྒྱལ་བོའི་སྙིང་གི་ནང་ལ།
- ར་ཁའི་འཁོར་ལོ་སྐོར་ནས།
- ཡ་རྫོང་ནགས་ལ་དྲུད་སོང་ཟེར་བ།
- ནང་དོན་དེ་ལྟར་བཤད་པ་རེད།
- བསྔགས་དེའི་ཡི་གེ་དེ་ལྟར་བྲིས་ཡོད།
- དེ་ནས་ཁོས་དེ་བཏོན་ནས་ཕྱིར་ཡོང་།
- ཡུལ་ལ་ཡོང་ནས།
- ཨ་མར་ངས་དེ་འདྲ་ཞིག་གོ་བ་རེད།
- དེ་ན་བཟང་སྟེ་ཉན་ཤེས་ན།
- ཁྱོད་ཀྱིས་བཟུང་ནས་སྡོད།
- ཁྱོད་ཀྱི་དྲང་མོར་ཐོན་ན་ངས་ཤེས་ཟེར།
- ཁྱོད་ཀྱིས་ཤེས་སམ་ཟེར་བར་ཤེས་ཟེར།
- དེ་ནས་ཁོ་སོང་ནས།
- ཁོ་ཚོའི་གྲལ་ནས་བསྡད་ཡོད་དུས།
- རྒྱལ་བོའི་གོང་ནས་བསྟན་ནས་ཡོང་སྟེ།
- ཁྱོད་ཀྱིས་ཨེ་ཤེས་འདི་ཡིས་ཨེ་ཤེས་ཟེར་ནས།
- བསྟན་ནས་ཁོ་ཡི་དྲང་མོར་ཐོན།
- ཨ་རོད་བན་དེ་ཁྱོད་ཀྱིས་མི་ཤེས་སམ།
- ཁོས་ཤེས་ཟེར།
- ཡ་ཁྱོད་ཀྱིས་ཤེས་ན་བཏོན་དང་ཅི་ཞིག་ཟེར་བ་རེད།
- གོ་ལོ་ག་དང་གོ་ཤུ་ག་ཟེར།
- དེ་ཅི་ཞིག་ཟེར་བ་རེད།
- ཨ་ཕའི་སྙིང་དང་འདྲ་བ།
- རྒྱལ་བོའི་སྙིང་གི་ནང་ལ།
- རྭ་ཁྲའི་འཁོར་ལོ་སྐོར་ནས།
- རྒྱ་རྫོང་ནགས་ལ་ཐོན་པ་རེད་ཟེར།
- ཨ་མཆོད་ཀྱིས་བསད་པ་རེད།
- དེ་ལྟར་བསད་ནས་ནགས་གསེང་ཞིག་ལ་དྲུད་པ་རེད།
- དེའི་ནང་དོན་དེ་རེད་ཟེར།
- ཨ་མཆོད་བཟུང་ནས་རྒྱལ་བོ་ཡིས།
- འབངས་མི་ཐམས་ཅད་ཀྱིས་ཨ་མཆོད་བཟུང་ནས།
- བཀྱིག་ནས་དེ་ལྟར་བྱས།
- ཁྱོད་རང་གང་ནས་གསོད་རྒྱུ།
- བཙོན་ཁང་ནང་ནས།
- དེ་ནས་བཟུང་སྟེ་རྐང་ལག་བཞི་པོ་བཞི་བརྒྱངས་ལ་བཏགས་ནས།
- མེ་སྒོང་ཞིག་བཞག་ནས་བུད་ཡོང་།
- ད་ཚར་སོང།