11 Jan 2016
4 min 19 sec
Video Overview
Creators:
Tibetan & Himalayan Library
This is a video of Shabo Tso from Khengya Village in Chentsa singing a song called "A Mountain's Beauty is its Summit." This song is part of a collection of folk songs from the Rebgong cultural area.
འདི་ནི་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་རྫ་མགོ་མཐོན་པའི་སྟེང་དུ་འབྲོང་ཁྱུ་དང་ཁྱུ་བྱས་ཏེ་བཤར་ན་ཡག་པ་དང་། རྫ་སྐེད་བདེ་མོའི་སྟེང་དུ་རྟ་མཆོག་མང་པོ་རྒྱགས་ན་ཡག རྫ་རྟིང་དམའ་མོའི་འདབས་སུ་ཞིང་ལ་ལོ་ལག་རྒྱས་ན་ཡག་པ་བཅས་བརྗོད་ཡོད།
- ༼ཡེ་་་ཡང་ཡ་རེ་ལེན་དགོ༽
- ༼ཨོ་ཡེ༽རྫ་མགོ་རི་མགོ་༼ཨོ་ཡེ༽མཐོ་ན་ཡག།
- ༼ཨོ་ཡེ༽མཐོ་ནས་འབྲོང་བརྒྱ༼ཨོ་ཡེ༽བཤར་ན་ཡག།
- ༼ཨོ་ཡེ༽རྫ་སྐེད་རི་སྐེད༼ཨོ་ཡེ༽བདེ་ན་ཡག།
- ༼ཨོ་ཡེ༽བདེ་ནས་རྟ་མཆོག༼ཨོ་ཡེ༽རྒྱུགས་ན་ཡག།
- ༼ཡེ་་་ཡང་ཡ་རེ་ལེན་དགོ༽
- ༼ཨོ་ཡེ༽རྫ་རྟིང་རི་རྟིང༼ཨོ་ཡེ༽དམའ་ན་ཡག།
- ༼ཨོ་ཡེ༽དམའ་ནས་ལོ་ཏོག༼ཨོ་ཡེ༽འཁྲུངས་ན་ཡག།
- ༼ཨོ་ཡེ༽གླུ་ཤེས་ནི་མིན་ར༼ཨོ་ཡེ༽དགའ་ནི་ཡིན།།