Skip to main content Skip to search
18 Jun 2018
5 min 28 sec
Video Overview
Creators: 
Sonam Tobgye

"Amo Lenchi Sungla" is sung in this video by Tshering Dema from Khoma village in Lhuntse District. This is a boedra song, one of the two most popular Bhutanese folk songs. This song describes the misfortunes and sufferings of Kuntu Legpa and Kuntu Zangmo, the children of Khandro Drowa Zangmo, a dakini who is believed to have come to Bhutan around fourteen centuries ago in order to spread the Dharma. Her children underwent painful sufferings in the hands of their evil stepmother, Düm Hachang. The lyrics to the song speak of three prophesied stages of Khandro Drowa Zangmo’s life: getting married to King Kala Wangpo; giving birth to two children; and being forced by Düm Hachang to flee to the western heaven, where she then preached the Dharma. In her absence, her children suffered terribly when Düm Hachang tried to kill them. This song is usually sung during celebrations, rituals and while working.  

༉  ཨེ་མོ་ལན་གཅིག་གསུངས་ལ་ཟེར་བའི་གླུ་གཞས་འདི་ ལྷུན་རྩེ་རྫོང་ཁག་ཁོ་མ་རྒེད་འོག་ ཁོ་མ་གཡུས་ཚན་ནང་ལས་ཨིན་མི་ཚེ་རིང་སྒྲོལ་མ་གིས་འཐེན་ཏེ་ཡོདཔ་ཨིན། གླུ་གཞས་འདི་འབོད་སྒྲ་རྙིང་ཤོས་ཅིག་ཨིནམ་མ་ཚད་རང༌ལུགས༌གླུ༌གཞས༌གཡུས་ཚན་ནང་ཡོངས༌གྲགས༌ཅན༌ཅིག༌ཡང༌ཨིན༌མས། གླུ༌གཞས་འདི༌གིས༌ མཁའ༌འགྲོ༌འགྲོ༌བ༌བཟང༌མོའི་སྲས༌ ཀུན༌ཏུ༌ལེགས༌པ༌དང༌སྲསམོ༌ཀུན༌ཏུ༌བཟང༌མོ༌གཉིས༌ཀྱི༌བར༌ནའི༌བར༌ཆད༌དང༌དཀའ༌སྡུག༌མྱོང༌ཡོད༌མི༌ཚུ༌བཤད༌པ༌རྐྱབ༌སྟེ༌ཡོདཔ༌ཨིན། དེ་ཡང༌ མི༌ལོ༌ ༡༤༠༠ དེ༌ཅིག༌གི༌ཧེ༌མ༌ལྷོ༌མོན༌གཡུས༌ལུ༌སངས༌རྒྱས༌ཀྱི༌བསྟན༌པ༌དར༌ཁྱབ༌བཏང༌མི༌མཁའ༌འགྲོ༌འགྲོ༌བ༌བཟང༌མོའི༌རྟོགས༌བརྗོད༌ལུ༌གཞི༌བཞག༌སྟེ༌བརྩམས༌ནུག ལྷ༌སྲས༌དང༌ལྷ༌སྲསམོ༌གཉིས༌ ཨམ༌ཅུངམ༌བདུདམོ༌ཧ༌ཅང༌མའི༌འོག༌ལུ༌ཚད༌མེད༌པའི༌དཀའ༌སྡུག༌མྱོང༌ཡོདཔ༌ད༌ གཞན༌ཡང༌བདུདམོ༌འདི༌གི༌གདུག༌རྩུབ༌ཆེ༌བའི༌ལཱ་ལས་བརྟེན་ མཁའ་འགྲོ་ཡང་ལྷ་ཡུལ༌ལུ༌འཕུར༌བྱོན༌སོངཔ༌ཨིན༌མས། དེ་འབདཝ༌ལས༌ གླུ༌གཞས་འདི༌ཡང༌བདུདམོ༌ཧ༌ཅང༌གི༌ལྷ༌སྲས༌མ༌སྨད༌ཚུ༌ལུ༌ངན༌སྤྱོད་འབད་བའི་སྐོར་ལས་སྟོན་དོ་ཡོདཔ་ཨིནམ་དང་ གླུ་གཞས་འདི་ནང་མཁའ་འགྲོ་ལུ་དུས་གསུམ་གྱི་ལུང་བསྟན་བྱུང་ཡོད་པའི་སྐོར་ལས་ཡོདཔ་ད་ དུས་སྔ་མ་སྐབས་ལུ་རྒྱལཔོ་ཀ་ལ་དབང་པོ་གྲོགས་སྦེ་བསྟེན་ བར་དུས་ལུ་སྲས་དང་སྲསམོ་འཁྲུངས་ དེ་ལས་ཕྱི་དུས་ལུ་བདུདམོ་ཧ་ཅང་གིས་བར་ཆད་སྦོམ་རྐྱབ་དཔ་ལས་ ནུབ་ཕྱོགས་མཁའ་འགྲོའི་གླིང་ལུ་ཆོས་སྟོན་པར་འཕུར་བྱོན་བྱོནམ་ཨིན་མས། དེ་འབད་ནི་དེ་གིས་ལྷ་སྲས་དང་སྲསམོ་གཉིས་བདུདམོ་ཧ་ཅང་གིས་སྲོག་དང་འབྲལ་བའི་འཇིགས་སྐྲག་འབད་དེ་ དཀའ་སྡུག་དྲག་པོ་མྱོང་དགོཔ་བྱུང་ནུག ཁོ་མ་གཡུས་ཚན་ནང་ཧེ་མ་ལས་ཡོད་པའི་གླུ་གཞས་རྙིང་ཤོས་ཅིག་ཨིནམ་ད་ ཡོངས་གྲགས་ཅན་ཅིག་མེན་རུང་ ད་རེས་ནངས་པར་ཕམ་རྒན་ཤོས་ཚུ་གིས་ དུས་སྟོན་དང་ལོ་མཆོད་ དེ་ལས་ལཱ་འབད་བའི་སྐབས་ཡང་འཐེན་དོ་ཡོདཔ་ཨིན།

Transcript search
No results found for this search
0 of 0
  • Tshering Dema: ཨེ་མོ་ལན་གཅིག་གསུངས་ལ། །རྒྱ་ནག་རི་བོ་རྩེ་ལུ་ཡ་ལ་གཡུ་ཡི་བཞེངས། །འཛམ་བུ་གླིང་སུ་སྐྱིད་བུའི་(ལུ་སྐྱིད་པའི་)ཉི་མ་ཤར་ལ། །ཨེ་མོ་ལན་གཅིག་གསུངས་ལ། །ལན་གཅིག་ཨེ་མོ་གསུངས་ལ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཨེ་མོ་ལན་གཅིག་གསུངས་ལ། །བསྟན་པའི་སྔ་དར་ཕྱི་དར་ཡ་ལ་བར་དར་གསུམ། །བསྟན་པའི་སྔ་དར་རྒྱལ་པོའི་བཙུན་མོ་གསོལ་ལ། །ཨེ་མོ་ལན་གཅིག་གསུངས་ལ། །ལན་གཅིག་ཨེ་མོ་གསུངས་ལ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཨེ་མོ་ལན་གཅིག་གསུངས་ལ། །བསྟན་པའི་བར་དར་སྲས་དང་ཡ་ལ་སྲས་མོ་འཁྲུངས་ལ། །བསྟན་པའི་ཕྱི་དར་བདུད་མོའི་དགྲ་གཅིག་འབྱུང་ལ། །ཨེ་མོ་ལན་གཅིག་གསུངས་ལ། །ལན་གཅིག་ཨེ་མོ་གསུངས་ལ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཨེ་མོ་ལན་གཅིག་གསུངས་ལ། །བཞུགས་ཡང་སྒྲོལ་མའི་ལྷ་ཁང་ཡ་ལ་ནང་དུ་བཞུགས། །ལྷ་ཁང་ཕྱི་ནང་མེད་པར་འོད་ཀྱིས་གང་ལ། །ཨེ་མོ་ལན་གཅིག་གསུངས་ལ། །ལན་གཅིག་ཨེ་མོ་གསུངས་ལ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཨེ་མོ་ལན་གཅིག་གསུངས་ལ། །འགྲོ་བ་བཟང་མོ་ནམ་མཁའི་ཡ་ལ་དབྱིངས་སུ་འཕུར་ལ། །ཀ་ལ་དབང་པོ་བཙོན་ཁང་ནང་དུ་འཛུལ་ལ། །ཨེ་མོ་ལན་གཅིག་གསུངས་ལ། །ལན་གཅིག་ཨེ་མོ་གསུངས་ལ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཨེ་མོ་ལན་གཅིག་གསུངས་ལ། །ཀུན་ཏུ་ལེགས་པ་གསེར་ཁྲི་ཡ་ལ་གཡས་ལུ་བཞུགས། །ལྷ་ཆོས་ཀུན་བཟང་དངུལ་ཁྲི་གཡོན་ལུ་བཞུགས་ལ། །ཨེ་མོ་ལན་གཅིག་གསུངས་ལ། །ལན་གཅིག་ཨེ་མོ་གསུངས་ལ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཨེ་མོ་ལན་གཅིག་གསུངས་ལ། །ང་བཅས་མིང་སྲིང་གཉིས་ཀུ་ཡ་ལ་ཕ་ཡུལ་མེད། །ང་བཅས་མིང་སྲིང་གཉིས་ཀུ་མ་ཡུལ་མེད་ལ། །ཨེ་མོ་ལན་གཅིག་གསུངས་ལ། །ལན་གཅིག་ཨེ་མོ་གསུངས་ལ། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཨེ་མོ་ལན་གཅིག་གསུངས་ལ། །ང་བཅས་མིང་སྲིང་གཉིས་ཀུ་ཡ་ལ་བར་དོ་འཁྱམས། །ང་བཅས་མིང་སྲིང་གཉིས་ཀུ་སྤང་དུ་འཁྱམས། །ཨེ་མོ་ལན་གཅིག་གསུངས་ལ། །ལན་གཅིག་ཨེ་མོ་གསུངས་ལ། །ལགས་སོ།། །།
    ཚེ་རིང་སྒྲོལ་མ