Skip to main content Skip to search
19 Jun 2018
4 min 57 sec
Rating
0
No votes yet
Video Overview
Creators: 
Sonam Tobgye

Sharla Jagar Riki Tsemo, performed in this video by Dechen Peldon from Lubi village, is a boedra song. This song praises the spiritual masters (lamas), political leaders and barmaids. To elaborate, one's gratitude towards these masters and leaders is displayed through their unconditional offering of the best gift, the camara tree from China.

Show More

  • Dechen Peldon: ཤར་ལ་རྒྱ་ནག་རི་གི་རྩེ་མོ་ན་གཡང་ཁུག་ཉིད། །རྒྱ་ནག་རི་གི་རྩེ་མོ་ན་གཡང་ཁུག་སོ་ཡ། །ཤིང་ལ་རྔ་ཡབ་སྙོམས་པའི་ཤིང་གཅིག་ཡོད་གཡང་ཁུག་ཉིད། །རྔ་ཡབ་སྙོམས་པའི་ཤིང་གཅིག་ཡོད་གཡང་ཁུག་སོ་ཡ། །འདི་ཚུ་སུ་དང་གང་ལ་ཕུལ་རྒྱུ་མེད་གཡང་ཁུག་ཉིད། །སུ་དང་གང་ལ་ཕུལ་རྒྱུ་མེད་གཡང་ཁུག་སོ་ཡ། །མཚན་ལྡན་བླ་མའི་ཕྱག་ལུ་ཕུལ་རྒྱུ་ཡིན་གཡང་ཁུག་ཉིད། །བླ་མའི་ཕྱག་ལ་ཕུལ་རྒྱུ་ཡིན་གཡང་ཁུག་སོ་ཡ། །ཕྱི་མ་ཡར་འདྲེན་གནང་བའི་ཞལ་བཞེས་ཡོད་གཡང་ཁུག་ཉིད། །ཡར་འདྲེན་གནང་བའི་ཞལ་བཞེས་ཡོད་གཡང་ཁུག་སོ་ཡ། །
    བདེ་ཆེན་དཔལ་སྒྲོན།
  • Dechen Peldon: ཤར་ལ་རྒྱ་ནག་རི་གི་སྐེད་པ་ན་གཡང་ཁུག་ཉིད། །རྒྱ་ནག་རི་གི་སྐད་པ་ན་གཡང་ཁུག་སོ་ཡ། །སྣག་ཀོང་སྨྱུ་འབྲི་སྙོམས་པའི་ཤིང་གཅིག་ཡོད་གཡང་ཁུག་ཉིད། །སྨྱུ་འབྲི་སྙོམས་པའི་ཤིང་གཅིག་ཡོད་གཡང་ཁུག་སོ་ཡ། །འདི་ཚུ་སུ་དང་གང་ལ་ཕུལ་རྒྱུ་མེད་གཡང་ཁུག་ཉིད། །སུ་དང་གང་ལ་ཕུལ་རྒྱུ་མེད་གཡང་ཁུག་སོ་ཡ། །དབང་ཆེན་དཔོན་པོའི་ཕྱག་ལ་ཕུལ་རྒྱུ་ཡིན་གཡང་ཁུག་ཉིད། །དཔོན་པོའི་ཕྱག་ལ་ཕུལ་རྒྱུ་ཡིན་གཡང་ཁུག་སོ་ཡ། །ཕྱི་མ་བཀའ་དགོངས་གནང་བའི་ཞལ་བཞེས་ཡོད་གཡང་ཁུག་ཉིད། །བཀའ་དགོངས་གནང་བའི་ཞལ་བཞེས་ཡོད་གཡང་ཁུག་སོ་ཡ། །
    བདེ་ཆེན་དཔལ་སྒྲོན།
  • Dechen Peldon: ཤར་ལ་རྒྱ་ནག་རི་ཀྱི་རྩ་བ་ན་གཡང་ཁུག་ཉིད། །རྒྱ་ནག་རི་ཀྱི་རྩ་བ་ན་གཡང་ཁུག་སོ་ཡ། །ཤིང་ལ་རྒྱབ་ཁྲ་སྙོམས་པའི་ཤིང་གཅིག་ཡོད་གཡང་ཁུག་ཉིད། །རྒྱབ་ཁྲ་སྙོམས་པའི་ཤིང་གཅིག་ཡོད་གཡང་ཁུག་སོ་ཡ། །འདི་ཚུ་སུ་དང་གང་ལ་ཕུལ་རྒྱུ་མེད་གཡང་ཁུག་ཉིད། །སུ་དང་གང་ལ་ཕུལ་རྒྱུ་མེད་གཡང་ཁུག་སོ་ཡ། །ཆང་མ་ཨ་མའི་ཕྱག་ལ་ཕུལ་རྒྱུ་ཡིན་གཡང་ཁུག་ཉིད། །ཨ་མའི་ཕྱག་ལ་ཕུལ་རྒྱུ་ཡིན་གཡང་ཁུག་སོ་ཡ། །ཕྱི་མ་སུམ་ཆང་གནང་བའི་ཞལ་བཞེས་ཡོད་གཡང་ཁུག་ཉིད། །སུམ་ཆང་གནང་བའི་ཞལ་བཞེས་ཡོད་གཡང་ཁུག་སོ་ཡ། །ལགས་སོ་ལགས། ཨེ་ཧེ་ཧི་ཧི་ཧི་་་་་་།། །།
    བདེ་ཆེན་དཔལ་སྒྲོན།