Video Overview
This is a video of Shabo Tso from Khengya Village in Chentsa singing "That Mountain of Gold." This song is part of a collection of folk songs from the Rebgong cultural area.
- ཡེ་་་་་་་་ཞང་ཡ་རེ་ཟེར་ར་གླུ་ཞིག་ལེན་དགོ
- ཕ་རོལ་རི་འདི་གསེར་གྱི་རི། །
- ཚུ་རོལ་རི་འདི་དངུལ་གྱི་རི། །
- ངས་གསེར་དངུལ་འཛོམས་པའི་བཀྲ་ཤིས་འཇོག །
- ཡེ་་་་་་་་ཞང་ཡ་རེ་ཟེར་ར་གླུ་ཞིག་ལེན་དགོ
- ཕ་རོལ་རི་འདི་གྲོ་ཡི་རི། །
- ཚུ་རོལ་རི་འདི་ནས་ཀྱི་རི། །
- ངས་གྲོ་ནས་འཛོམས་པའི་བཀྲ་ཤིས་འཇོག །
- ཡེ་་་་་་་་ཞང་ཡ་རེ་ཟེར་ར་གླུ་ཞིག་ལེན་དགོ
- ཕ་རོལ་གྲལ་འདི་ཇ་ཡི་གྲལ། །
- ཚུ་རོལ་གྲལ་འདི་ཆང་གི་གྲལ། །
- ཁ་ཇ་ཆང་འཛོམས་པའི་བཀྲ་ཤིས་འཇོག །
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། །