Skip to main content Skip to search
29 Dec 2015
3 min 5 sec
Video Overview
Creators: 
Tibetan & Himalayan Library

This is a video of Khyungdo from Garu Village in Tsekhok (Amdo) singing a folk song called "A Motherless Home is an Empty Home." This song is part of a series of folk songs from the Rebgong cultural area.

གླུ་འདི་ནི་ཕ་མའི་སྐུ་ཚེ་བརྟན་པར་སྨོན་པའི་གླུ་ཞིག་ཡིན་ལ། ཕ་མ་གཉིས་ཀྱི་ཚེ་ཐག་རིང་བར་སྨོན་ལམ་འདེབས་པ་ཞིག་རེད།

བོད་མི་རྣམས་ནི་རང་གི་ཕ་མ་ལ་གུས་ཤིང་ཕ་མ་ལ་བླ་ལྷག་གིས་སྲི་ཞུ་ཆེ་བའི་མི་རིགས་ཤིག་ཡིན་ལ། རང་ཉིད་ཆུང་དུས་སུ་ཕ་མའི་ཁ་ལན་ཚིག་བརྩི་བྱེད་པ་དང་ཕ་མ་རྒས་དུས་སུ་ཕ་མར་སྲི་ཞུ་གང་ལེགས་བྱེད་པའི་སྲོལ་བཟང་ཡོད། གླུ་འདིའི་ནང་དུ་ཕ་མ་གཉིས་ཀྱི་སྐུ་ཚེ་བརྟན་ཞིང་ཡུན་རིང་འཚོ་བའི་སྨོན་ལམ་འདེབས་བཞིན་ཡོད།

Transcript search
No results found for this search
0 of 0
  • ༼ ཡེ་་་་་་་་་་འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • འཆི་མེད་རྒས་མེད་རྡོ་རྗེ་བྲག ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • བྲག་འདྲ་བའི་ཕ་ཞིག་ཡོད་ན་འདོད། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • བྲག་འདྲ་བའི་ཕ་ཞིག་གང་ན་ཡོད། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • བྲག་མེད་དུས་རྫ་རི་སྟོང་བ་རེད། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • ཕ་མེད་ན་སེམས་ཁ་འཁྱགས་པ་རེད། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • གླུ་བར་མོ་འགྲོ་ཡང་འདུག་བདེ་བྱེད། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • འཆི་མེད་རྒས་མེད་གཙང་བོ་ཆུ། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • ཆུ་འདྲ་བའི་མ་ཞིག་ཡོད་ན་འདོད། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • ཆུ་འདྲ་བའི་མ་ཞིག་གང་ན་ཡོད། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • ཆུ་མེད་དུས་གྲམ་པ་སྐམ་པོ་རེད། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽
  • མ་མེད་དུས་ཁྱིམ་གཞི་སྟོང་བ་རེད། ༼ འགྲོ་ཡ་རེ་ཨ་ཟིན་ཁོ་གླུ་ཞིག་ལེན། ༽