Video Overview
This story is about a mother bear that killed a mother rabbit, and the baby rabbit's ultimate revenge.
- འབྲུག་སྐྱིད།གནའ་ཞིག་ལ།
- ཨ་མ་དྲེད་མོང་ཚང་ཞིག་ཡོད་པ་རེད།
- ཨ་མ་རི་བོང་ཚང་ཞིག་ཡོད་པ་རེད།
- གཉིས་ཀ་ཁྱིམ་མཚེས་ཡིན་པ་རེད།
- དེ་ནས་ཨ་མ་དྲེད་མོང་དང་ཨ་མ་རི་བོང་གཉིས་གྲོ་མ་བརྐོ་རུ་སོང་།
- དྲེད་ཕྲུག་དང་རི་ཕྲུག་གཉིས་ཤུལ་ནས་བསྡད།
- དེ་ནས་ཨ་མ་དྲེད་མོང་གིས་གྲོ་མ་མང་པོ་ཁྱེར་ནས་ཐོན་པ་རེད།
- ཨ་མ་རི་བོང་ཡོང་རྒྱུ་མེད་པ་རེད།
- ཨ་མ་དྲེད་མོང་ངའི་ཨ་མ་ཡོང་བཞིན་ཨེ་ཡོད་གི་ཟེར།
- ཁྱོད་སྡོད་དང་མྱུར་དུ་ཡོང་ནི་རེད།
- དེ་ནས་ཡང་དེ་ལྟར་བཤད།
- ཨ་མ་དྲེད་མོང་ངའི་ཨ་མ་ཡོང་བཞིན་ཨེ་ཡོད་གི་ཟེར།
- ཁྱོད་སྡོད་དང་མྱུར་དུ་ཡོང་ནི་རེད།
- ཁྱོད་ཀྱི་ཨ་མས་གྲོ་མ་རྟ་མགོ་འདྲ་བ་དང་།
- རྟེའུ་མགོ་འདྲ་བ་བརྐོས་ནས་མ་ཐེག་པར་བསྡད་ཡོད།
- དེ་ནས་ཡོང་རྒྱུ་མ་རེད་འདོད་ནས།
- ལྐོག་ནས་སོང་སྟེ་ཨ་མ་དྲེད་མོང་ལ་ལྐོག་ཉན་བྱས་དུས།
- འདི་རི་བོང་ཨ་མའི་མགོ་རེད།
- འདི་རི་བོང་ཨ་མའི་སུག་པ་རེད་ཅེས་སྟོན་བཞིན་ཡོད།
- དེ་ནས་ཁོ་ཕྱིིའི་ནངས་མོར།
- ཁྱོད་སྡོད་དང་ང་སོང་ནས་ཁྱོད་ཀྱི་ཨ་མ་བཙལ་ནས་ཡོང་ཟེར།
- ཨ་མ་དྲེད་མོང་བུད་སོང་།
- དེ་ནས་ཁྱེད་གཉིས་ཀ།
- ཨ་མ་དྲེད་མོང་གིས་དྲེད་ཕྲུག་རྒྱ་ལུ་ལ་འདི་ལྟར་བཤད།
- ཅུང་ཙམ་བསྡད་ནས་རི་བོང་ཁྱེད་གཉིས་རྩེད་དུས།
- ཁྱེད་གཉིས་གྲི་རྩེད་བྱེད་ཟེར།
- དེ་ལྟར་མ་རྩེད་ཟེར།
- གབ་ཁུང་ནང་ནས་ཕར་འཛུལ་ཚུར་འཛུལ་བྱས་ནས་དེ་ལྟར་རྩེད་ཟེར་ངེས།
- དེ་ལྟར་མ་རྩེད་ཟེར།
- ཁྱེད་གཉིས་ར་ཐོག་ནས་ཡར་མར་ལ་ལྡིང་ནས་དེ་ལྟར་རྩེད་ཟེར་ངེས།
- དེ་ལྟར་མ་རྩེད་ཟེར།
- དེ་ནས་རི་བོང་རི་ཕྲུག་གིས་དེ་ལྟར་བཤད།
- དྲེད་ཕྲུག་ངེད་གཉིས་རྩེད་ཟེར།
- དེ་ལྟར་ཨ་མས་མ་རྩེད་ཟེར།
- ངེད་གཉིས་གབ་ཁུང་ནང་ནས་ཕར་འཛུལ་ཚུར་འཛུལ་བྱས་ནས་དེ་ལྟར་རྩེད་ཟེར།
- དེ་ལྟར་ཨ་མས་མ་རྩེད་ཟེར།
- དེ་ན་ངེད་གཉིས་ར་ཐོག་ནས།
- ཕ་རོལ་ལ་རྒྱུགས་པ་དང་ཚུལ་རོལ་ལ་རྒྱུགས་ནས་དེ་ལྟར་རྩེད་ཟེར།
- དེ་ལྟར་ཨ་མས་མ་རྩེད་ཟེར།
- དེ་ན་ངེད་གཉིས་ལག་བསྐོར་གཡུག་ནས་རྩེད་ཟེར།
- ངའི་ཨ་མས་དེ་ལྟར་མ་རྩེད་མི་ཟེར་གི
- དེ་ནས་སྔོན་ན་ཁྱོད་ཡིན།
- ཁྱོད་ཀྱིས་ལག་བསྐོར་གཡུགས།
- དེ་ནས་དྲེད་ཕྲུག་གིས་གཡུགས་པ་རེད།
- གཡུགས་ནས་རི་ཕྲུག་ངས་གཡུགས་པ་ཡིན་ཟེར།
- དེ་ནས་ཁོས་རྒྱང་ལ་བཏང་།
- དེ་ནས་ད་ཐེངས་ཁྱོད་སྦས་རེས་ཡིན་ཟེར་ནས།
- དེ་ནས་དྲེད་ཕྲུག་སྦས་སུ་བཅུག་ནས།
- རི་ཕྲུག་གིས་བསམ་བཞིན་དུ།
- ཐོག་ཏུ་གཡུགས་ནས་དྲེད་ཕྲུག་རྒྱ་ལུ་བསད་པ་རེད།
- དེ་ནས་ཁོ་སྦས་ནས་བསྡད་དུས།
- ཨ་མ་དྲེད་མོང་ཐོན་བྱུང་།
- དེའི་ཚད་ལ་ཁོ་སྐྲག་ནས་མ་བཟོད་པར་བྲོས་སོང་།
- བྲོས་ནས་བདས་པ་རེད།
- བདས་ནས་ཁོ་སོང་སྟེ་ལུག་རྫི་ཞིག་དང་འཕྲད།
- ཨ་ཁུ་ལུག་རྫི།
- ངའི་ཨ་ཕ་གླག་གིས་བསད་ལ།
- ཨ་མ་དྲེད་ཀྱིས་བསད་ལ།
- དྲེད་ཕྲུག་རྒྱ་ལུ་ང་ཡིས་བསད་ལ།
- ངའི་རྗེས་ན་ཨ་མ་དྲེད་མོང་གིས་བདའ་ནས་ཡོང་བཞིན་ཡོད་ཟེར།
- སྦས་ས་ཡོད་ན་སྦས་རན་རེད།
- སྐུང་ས་ཡོད་ན་སྐུང་རན་རེད།
- དེ་ནས་ཁོའི་ལུག་གི་བལ་གསེང་དུ་འཛུལ་ཟེར།
- དེ་ནས་ཨ་མ་དྲེད་མོང་ཐོན་པ་རེད།
- སྣ་རིང་བ་ཅན་གྱི་སུག་པ་ཐུང་ཐུང་ཅན་ཞིག་མ་མཐོང་ངམ།
- མ་མཐོང་ཟེར་ན་འཆའ་རྒྱུ་ཡིན་ཟེར།
- མཐོང་བ་ཡིན་ལ་རི་བོང་བྲོས་ཟེར།
- དེ་ནས་ཡང་བྲོས་སོང་།
- མར་སོང་ནས་ནོར་རྫི་ཞིག་དང་འཕྲད།
- ཨ་ཁུ་ནོར་རྫི།
- ངའི་ཨ་ཕ་གླག་གིས་བསད་ལ།
- ཨ་མ་དྲེད་ཀྱིས་བསད་ལ།
- དྲེད་ཕྲུག་རྒྱ་ལུ་ང་ཡིས་བསད་ལ།
- ངའི་རྗེས་ན་ཨ་མ་དྲེད་མོང་གིས་བདའ་ནས་ཡོང་བཞིན་ཡོད་ཟེར།
- སྦས་ས་ཡོད་ན་སྦས་རན་རེད།
- སྐུང་ས་ཡོད་ན་སྐུང་རན་རེད་ཟེར།
- ཁྱོད་ངའི་ནོར་གྱི་སྤུའི་ནང་དུ་འཛུལ་ཟེར།
- དེ་ནས་ཡང་ཨ་མ་དྲེད་མོང་ཐོན་པ་རེད།
- སྣ་རིང་བ་ཅན་གྱི་སུག་པ་ཐུང་ཐུང་ཅན་ཞིག་མ་མཐོང་ངམ་ཟེར།
- མ་མཐོང་ཟེར་ན་འཆའ་རྒྱུ་ཡིན་ཟེར།
- དེ་ནས་མཐོང་བ་ཡིན་ལ་རི་བོང་བྲོས་ཟེར།
- ཡང་བྲོས་སོང་།
- དེ་ནས་མར་སོང་དུས་རྟ་རྫི་ཞིག་དང་འཕྲད།
- དེ་ནས་ཨ་ཁུ་རྟ་རྫི།
- ངའི་ཨ་ཕ་གླག་གིས་བསད་ལ།
- ཨ་མ་དྲེད་ཀྱིས་བསད་ལ།
- དྲེད་ཕྲུག་རྒྱ་ལུ་ང་ཡིས་བསད་ལ།
- ངའི་རྗེས་ན་ཨ་མ་དྲེད་མོང་གིས་བདའ་ནས་ཡོང་བཞིན་ཡོད་ཟེར།
- ང་སྦས་ས་ཡོད་ན་སྦས་རན་རེད།
- སྐུང་ས་ཡོད་ན་སྐུང་རན་རེད་ཟེར།
- རྟ་ཡི་རྔོག་མའི་ནང་དུ་སྦས་ཟེར།
- ཡང་དྲེད་མོང་གིས་བདས་ནས་ཐོན་པ་རེད།
- སྣ་རིང་བ་ཅན་གྱི་སུག་པ་ཐུང་ཐུང་ཅན་ཞིག་མ་མཐོང་ངམ་།
- མ་མཐོང་ཟེར་ན་འཆའ་རྒྱུ་ཡིན་ཟེར།
- དེ་ནས་མཐོང་བ་ཡིན་ལ་རི་བོང་བྲོས་ཟེར།
- དེ་ནས་བྲོས་སོང་།
- འབྲོང་ཞིག་དང་འཕྲད།
- འབྲོང་གི་སྣ་ཁུང་ནང་དུ་འཛུལ།
- འབྲོང་གི་སྣ་ཁུང་ནང་དུ་འཛུལ་སོང་།
- དེ་ནས་ཁོ་མར་ཡོང་ནས་བསམ་པ་གནག་པས།
- ཁོ་སྒོར་བུད་ནས་བསྡད་དུས།
- ཨ་ཁུ་འབྲོང་ངའི་ལྷམ་ལུས་སོང་ཟེར་ནས།
- ཕྱིར་སྣ་ནང་གྱེན་དུ་འཛུལ་སོང་།