Skip to main content Skip to search
20 Aug 2016
1 min 54 sec
Video Overview
Creators: 
Jamyang Gyamtso

གླུ་འདིའི་ནང་དུ་ཐུན་གསུམ་གྱི་ཉི་མ་འཆར་ཡུལ་གྱི་རྣམ་པ་བརྗོད་ཡོད་ལ།བོད་ཀྱི་རི་ཆུ་རིག་གནས་མཚོན་ཡོད་པའི་དམངས་གླུ་ཡག་པོ་ཞིག་ཀྱང་རེད།

གླུ་དབྱངས་འདི་ནི་བོད་ཀྱི་རི་ཆུ་རིག་གནས་ཀྱི་ནང་དོན་མཚོན་པའི་དམངས་གླུ་ཡན་གར་པ་ཞིག་རེད་དེ། ཉིན་གཅིག་གི་ཐུན་གསུམ་གྱི་ཉི་མ་འཆར་ཡུལ་གྱི་ཡུལ་ལྗོངས་ཀྱི་བཀོད་པ་ཞིབ་འབྲི་བྱས་ནས་དེ་དག་གི་ཁྱད་ཆོས་དག་ནང་བའི་ཆོས་ལུགས་ཀྱི་ནང་དོན་དང་རྣམ་པའི་ཐོག་ནས་མཚོན་ཡོད་དེ།སྔ་དྲོའི་རྫ་དེ་མཎ་ཌལ་བཤམ་པ་དང་།ཉིན་དཀྱིལ་གྱི་ནགས་རི་དེ་སྤོས་དམར་སྒྲོན་པ། དེ་མིན་དགུང་ཁའི་གཙང་བོ་མཆོད་ཆུ་འབུལ་བ་རུ་དཔེར་བཀོད་ནས་བོད་མའི་སེམས་རྒྱུད་དུ་གནས་པའི་རིན་ཐང་ལྟ་བ་དེ་ཕྱི་ཡི་རི་ཆུ་ནགས་གསུམ་གྱི་ཐོག་ཏུ་འཕོས་བའི་གནས་རི་བླ་མཚོའི་རིག་གནས་སམ་རི་ཆུ་རིག་གནས་ཀྱི་ནང་དོན་ཆེས་ཆེར་བསྟན་ཡོད།

A folk song describing the scenery at daybreak, reflecting the important role of the physical landscape in Tibetan culture.

这首民歌主要描述了每天太阳升起的景象,它是一首表现藏族山水文化的经典民歌。

这是一首著名的民歌,主要表现了藏族山水文化。这首歌描述了每天太阳升起的景象,并从藏传佛教的角度诠释了这一现象。早晨的山岩犹如曼达拉;中午的森林好似供奉的焚香;下午的河流似水供。这些比喻展现了了藏族人们的价值观,以及这些价值观受到自然山水文化的影响。

Transcript search
No results found for this search
0 of 0