Video Overview
This is a video of Zungbum Thar from Badzong, Amdo singing a song called "The Monks Who Are Going to Central Tibet." This song is part of a collection of folk songs from the Rebgong cultural area.
- Central Tibet
- འོ་ཡེ་་་་ཡ་རེ་་་་་་ འོ་ངས་ཡ་རེ་ལེན་ཡ་
- བན་སེར་མོ་དབུས་ལ་འགྲོ་ནི་ཚོ།།
- ཁྱེད་འགྲོ་ཁར་སྒར་ལ་ལྟ་ཡག་བྱས།།
- སྒར་ཁྲ་ཁྲ་ཁྲིད་སྲོལ་མི་འདུག་རུང་།།
- ཆོས་ཀུན་རིག་རང་གི་འགྲོ་རོགས་ཡིན།།
- སྟག་ཤ་ར་ཇག་ལ་འགྲོ་ནི་ཚོ།།
- ནངས་སྔ་མོ་ཕ་ལ་ལྟ་ཡག་བྱས།།
- དྲིན་ཕ་ལོ་ཁྲིད་སྲོལ་མི་འདུག་རུང་།།
- རྟ་འདོ་བ་རང་གི་འགྲོ་རོགས་ཡིན།།
- མ་བུ་མོ་གནས་ལ་འགྲོ་ནི་ཚོ།།
- ནངས་སྔ་མོ་མ་ལ་ལྟ་ཡག་བྱས།།
- དྲིན་མ་ལོ་ཁྲིད་སྲོལ་མི་འདུག་རུང་།།
- གཡུག་ལས་ཀ་རང་གི་འགྲོ་རོགས་ཡིན།།
- གླུ་ཤེས་ནི་མིན་ར་རྩེད་དགའ་ཡིན།།