Video Overview
འདི་ནི་སྤྲེལ་གྱིས་གཡོ་སྒྱུ་ཅན་གྱི་ཝ་མོའི་ཧམ་པ་བསླངས་པའི་ཤ་འཁོན་བརྩད་པའི་གཏམ་རྒྱུད་ཅིག་ཡིན།
- སྐར་མ་མཚོ།དེང་མ་ཞིག་ལ།
- ནགས་ཚལ་ཞིག་གི་ནང་ན།
- ཝ་མོ་གཡོ་སྒྱུ་ཅན་ཞིག་ཡོད།
- དེ་ནས་ཝ་མོ་དེ་མཐོང་བ་མཐའ་དག
- ཡོད་ཚད་ལ་ཐུབ་ཚོད་བྱས་ནས།
- གཡོ་སྒྱུ་ཚད་ནས་ཐུབ་ཚོད་བྱས་ནས་བསྡད་པ་རེད།
- ཚང་མས་ཕྱིར་སྐྱིན་པ་མ་ལོན་པ་རེད།
- དེ་ནས་ནགས་འདབས་ཤིག་ན་སྤྲེལ་རྒན་ཞིག་ཡོད།
- སྤྲེལ་རྒན་དེས་སྡོང་མགོ་ཞིག་ནས་འདང་བརྒྱབ་ནས།
- ཉིན་ཞིག་ལ་ཐབས་ཤིག་ཡིད་ལ་དྲན་པ་རེད།
- དེ་ནས་འཆོངས་ཐེངས་གཅིག་གིས་ཐང་ལ་བབས་ནས།
- ཐང་ན་རི་བོང་ཞིག
- སྡོང་རྩ་ཞིག་ན་རི་བོང་ཞིག་ཡོད་དེར་བཤད་པ་རེད།
- རི་བོང་གིས་སྣ་མ་གཙང་བར་དེ་འདྲ་ཞིག་ཨེ་ཡིན་ནམ་ཟེར།
- ཡ་ཁྱོད་སོང་ནས་ཕ་རོལ་སྒང་ནས་ལྟོས་དང་།
- ཁོ་ཝ་མོ་ཡི་གམ་དུ་འགྲོ།
- སྤྲེལ་རྒན་དེས་རི་བོང་དེར་བཤད་པ་རེད།
- དེ་ནས་སྤྲེལ་རྒན་དེ་ཝ་མོ་ཡི་གམ་དུ་སོང་ནས།
- ཡར་གམ་དུ་ཐོན་ལ་ཉེ་དུས་གཉའ་སྒུར་ནས།
- ཨ་ཅེ་ཝ་མོ།
- ཁྱོད་ཀྱིས་འཇིག་རྟེན་སྟེང་ནས་ཆེས་ཞིམ་པོ་ཅི་ཞིག་ཡིན་པ་ཨེ་ཤེས་ཟེར།
- ཝ་མོ་ཡིས་འདང་ཞིག་བརྒྱབ་ནས་བསྡད་དེ།
- གློ་བུར་དུ་དེ་བཤད་རྒྱུ་དཀའ་མོ་རེད།
- ཁྱོད་ཀྱིས་ཤེས་སམ་ཅི་ཞིག་རེད་ཟེར།
- དེ་ནས་ངས་ཀྱང་དེ་རིང་གསར་བ་གོ་བ་ཡིན།
- འཇིག་རྟེན་སྟེང་གི་ཆེས་ཞིམ་པོ།
- རྟ་ཡི་འཕོངས་ཤ་ཡིན་ནི་རེད་ཟེར།
- དེ་ནས་རྟ་ཡི་འཕོངས་ཤ་ཡིན་པ་རེད་ཟེར་མོད།
- དེ་ཟ་རྒྱུ་དཀའ་བ་རེད་ཟེར།
- ཐོག་མར་རང་གི་རྔ་མ་དང་།
- རྟ་ཡི་རྔ་མ་གཉིས་སྲ་མོར་མདུད་ནས།
- རྟ་གཉིད་ལ་ཤོར་དུས་ཟ་དགོས་ཟེར།
- དེ་ནས་ཝ་མོ་ཡིས་འདང་ཞིག་བརྒྱབ་ནས།
- འཇིག་རྟེན་སྟེང་གི་ཟ་རྒྱུ་ཞིམ་པོ་གང་ཡིན་པ།
- ང་ལ་འབྲེལ་བ་མེད་པ་རེད་ཟེར།
- དེ་ནས་སྤྲེལ་རྒན་གྱིས་གསང་བ་ཡིན་ཚུལ་བྱས་ནས།
- ང་ད་ལྟ་ཡོང་དུས།
- རྟ་རྒན་སྤང་ཐང་གན་ན་གཉིད་ནས་བསྡད་ཡོད་ཟེར།
- ཨོད་་་གང་ན་ཡོད་ན་གང་ན་ཡོད།
- ང་དེར་འབྲེལ་བ་ཅི་ཡང་མེད་ཟེར།
- ཝ་མོ་གཡོ་སྒྱུ་ཆེ་བས་དལ་མོ་བྱས་ནས་ཕ་རོལ་ལ་བུད་སོང་།
- སྤྲེལ་རྒན་གྱིས་ཀྱང་ཕན་མ་ཐོགས་འདོད་ནས་ཕྱིར་བུད་སོང་།
- ཕྱིར་སོང་ནས་སྔོན་གྱི་ས་གནས་དེ་ནས་བསྡད།
- ཝ་མོ་ཕ་རོལ་མི་མཐོང་སར་སོང་ནས།
- གོང་གི་སྤྲེལ་རྒན་གྱིས་བཤད་པ་དེ་ཡིད་ལ་དྲན་ནས།
- ཕུག་ཐུར་དུ་རྒྱུགས་ནས་སོང་དུས།
- ངོ་མས་རྟ་རྒན་སྤང་ཐང་ཞིག་ན་གཉིད་ནས་བསྡད་ཡོད།
- དེ་ནས་ཁ་རོག་གེར་ཐག་སྒྲ་གྲགས་སུ་མ་བཅུག་པར་སོང་ནས།
- རྟ་རྒན་གྱི་རྔ་མ་དང་ཝ་མོ་ཡི་རྔ་མ་གཉིས་སྲ་མོ་ཞིག་མདུད་ནས།
- དེ་ནས་འཕོངས་ཤའི་མགོར་སོ་ཞིག་བཏབ་ནས།
- རྟ་རྒན་གཉིད་གོང་ནས་ཚ་ནས།
- འདྲོག་ཐེངས་གཅིག་གིས་ཡར་ལངས་ནས།
- ཝ་ས་ལ་བརྒྱབ་ནས།
- འདྲོག་ཐེངས་གཅིག་གིས་སྔོན་ན་རྒྱུགས།
- ཝ་མོ་དྲུད་པ་རེད།
- དེ་ནས་ཝ་མོས་ཨ་ཡོད་ཨ་ཡོད་ང་བསད་བཏང་ཐལ་ཟེར།
- དེ་ལྟར་ཝ་མོ་དྲུད་པ་རེད།
- དེ་ནས་ཝ་མོ་ཡིས་ཨ་ཡོད་ཨ་ཡོད་ང་བསད་བཏང་ཐལ་ཞེས་བཤད་བཞིན་འགྲོ་དུས།
- སྤྲེལ་རྒན་གྱིས་སྡོང་མགོ་ནས་བལྟས་ཏེ་དེ་མཐོང་སོང་།
- དེ་མཐོང་ནས་ཝ་མོ་དེས་ད་བར་དུ་གཡོ་སྒྱུ་བྱས་ནས།
- སེམས་ཅན་གཉིས་ལ་བསམ་པ་གནག་ནས།
- དེར་དགའ་ནས་ཁོ་སྡོང་མགོ་ན་ཡོད་པ་དེ།
- འགྱེལ་ནས་རྐང་རྡུང་ལག་རྡུང་བྱས་ནས་དགའ་ནས།
- ཁོ་ཐང་ལ་འགྱེལ་ནས་འཕོངས་ཤ་ཕྱིས་པ་རེད།
- དེ་དུས་སྤྲེལ་རྒན་ཐང་ལ་འགྱེལ་ནས་འཕོངས་ཤ་ཕྱིས་ནས།
- དེ་ན་ན་ཟུག་གིས་མ་བཟོད་པར་བསྡད་ཡོད་པ་མཐོང་ནས།
- རི་བོང་སྒང་མགོ་ནས་སྤྲེལ་རྒན་ལ་བལྟས་ཡོད།
- རི་བོང་གིས་སྤྲེལ་རྒན་མཐོང་ནས་བགད་ནས།
- དགོད་ཚོད་མ་ཟིན་པར་ཁ་གཤགས་སོང་།
- འཇིག་རྟེན་ཁ་དཔེར།
- རྟ་གཉིད་དུས་ཉལ་ནས་གཉིད་པ་མ་རེད།
- ལངས་ནས་མ་གཏོགས་གཉིད་པ་མ་རེད་ཟེར་བ་དེ་ཝ་ཡིས་སྐྲག་བསླངས་པ་རེད།
- དེ་འདྲ་ཞིག་བཤད་པ་རེད།
- ཝ་ཡི་ཐོག་ཏུ་སྔོ་ཐིག་ཡོད་པ་ཟེར་བ་དེ།
- རྟ་ཡིས་དྲུད་ནས་སྔོ་ཐིག་ཡོད་པ་རེད།
- དེ་འདྲ་ཞིག་བཤད་པ་རེད།
- སྤྲེལ་གྱི་འཕོངས་ཤ་དམར་པོ་ཡིན་པ་དེ།
- སྡོང་མགོ་ནས་ལྷུང་ནས་ཐང་ལ་བརྒྱབ་ནས།
- འཕོངསཤ་དམར་པོ་ཡིན་པ་རེད་ཟེར།
- དེ་འདྲ་ཞིག་བཤད་པ་རེད།
- རི་བོང་གི་ཁ་དམར་པོ་ཡིན་པ་དེ།
- དེ་དུས་དགོད་རྒྱུ་མང་བས་ཁ་གཤགས་སོང་།
- དེ་འདྲ་ཞིག་བཤད་རྒྱུ་རེད།