Skip to main content Skip to search
20 Jun 2018
4 min 15 sec
Video Overview
Creators: 
Karma Yezor, Norzin Lhamo, Dechen Wangmo

Storytelling was a popular form of entertainment, shared by elders to youth during evenings after dinner. Now such entertainment has all but disappeared from the Bhutan, replaced by modern forms of entertainment. This short video is a fictional story of a monkey and a pheasant, where the monkey imitates what the pheasant does. As a result, the monkey's bum got burned and pheasant laughed a lot. The monkey thus never has fur on its behind, and the pheasant’s eyes became red.

དང་ཕུག་གི་དུས་ལུ་ སྤྲོ་སྟོན་གྱི་དོན་ལུ་ མི་རྒས་ཤོས་དང་གཞོནམ་ཚུའི་བར་ན་ ཕྱི་རུའི་་ལྟོ་བཟའ་ཚར་ཞིནམ་ལས་ སྲུང་བཏང་ནི་འདི་ ཉིན་ལྟར་གྱི་ལཱ་ཅིག་ལུ་འགྱུར་ཡོད་རུང་ དེང་སང་གི་ སྤྲོ་སྟོན་ལམ་སྲོལ་གསརཔ་ཚུ་ལུ་བརྟེན་ ཧེ་མའི་ལམ་སྲོལ་ཚུ་ འབྲུག་གི་ལམ་སྲོལ་གྱི་ དབྱེ་ཁག་ལས་ཉམས་འགྱོ་དོ་ཡོདཔ་ཨིན། གློག་བརྙན་ཐུང་ཀུ་འདི་ སྤྱ་གིས་ བྱ་མདངས་འདི་ ག་ཅི་འབད་རུང་ ལུད་སྲོལ་རྐྱབ་ལས་ སྤྱ་གི་ཨ་བུག་མེ་གིས་འཚིག་སྟེ་ བྱ་མདངས་འདི་ གནམ་མེད་ས་མེད་ བགའ་བའི་བཅོས་སྲུང་ཅིག་ཨིན་པས།  གནད་དོན་འདི་ལུ་བརྟེན་ སྤྱའི་ཨ་བུག་་གུ་སྤུ་མ་པ་ལས་མེདཔ་དང་ བྱ་མདངས་ཀྱི་མིག་ཏོག་དམརཔོ་སོང་ཡོདཔ་ལས་ སྲུང་འདི་ནང་ གཞན་གྱི་ལུད་སྲོལ་རྐྱབ་ནི་འདི་ མི་སྡེའི་ནང་ མ་པ་ལས་མི་བཏུབ་ཟེར་བའི་ དོན་དག་སྟོནམ་ཨིན་པས། 

Transcript search
No results found for this search
0 of 0
  • པདྨ་དབྱངས་ཅན།
    དང་ཕུ་དུང་ཕུ་(དིང་ཕུ་)ཅིག་ཨིན་མས་ལགས།དེ་ལས་ཨ་ནཱི་ སྤྱ་གཅིག་དང་ལེ་ཀོ་གཅིག་ཡོདཔ་མས་ལགས།དེ་ལས་སྤྱ་འདི་དང་ལེ་ཀོ་འདི་འབདཝ་ད་ ཏེ་ད་སྤྱ་འདི་ཏེ་ད་ ཨ་ནཱི་སྦེ་ རི་ཁར་སྡོད་མི་ཅིག་ཨིན་མས་ལགས།ཏེ་ལེ་ཀོ་འདི་ཡང་ཨིན་ནི་འདི་བྱ་འདི་ཡང་ཏེ་རི་ཁར་སྡོད་མི་ཅིག་ཨིན་མས་ལགས།ཏེ་རི་ཁར་སྡོད་མི་ཅིག་འབདཝ་ད་ཏེ་སྤྱ་འདི་དང་ལེ་ཀོ་འདི་འབདཝ་ད་ཏེ་ལཱ་འབད་དོཝ་མས་ལགས།
  • པདྨ་དབྱངས་ཅན།
    དེ་ལས་ལཱ་འབདཝ་ད་ཏེ་ད་རིས་ནཱ་ཉིནམ་ད་རིས་ནཱ་ཨ་ནཱི་སྤྱ་གཅིག་ལེ་ཀོ་གཅིག་ལེ་ཀོ་འདི་ཏེ་སྤྱ་འདི་གི་ལཱ་སར་ཤོག་ཟེར་སླབ་སླབ་མས་ལགས།ཏེ་ལཱ་སར་འགྱོ་འགྱོཝ་མས་ལགས།ཏེ་འགྱོཝ་ད་སྤྱ་འདི་ཏེ་ད་ལེ་ཀོ་འདི་སྤྱ་འདི་གི་ལཱ་སར་འགྱོཝ་ད་ཏེ་སྤྱ་འདི་གིས་ཏེ་ལེ་ཀོ་འདི་ད་རིས་སྤྱ་འདི་ང་གི་ལཱ་འབད་དགོ་པས་ཁྱོད་ངེའི་ལཱ་སར་ཤོག་སྨ་རེད་ཟེར་ཏེ་འེང་འེང་ཟེར་སོང་སོངམ་མས།སོངམ་ད་ཏེ་ལེ་ཀོ་འདི་ཏེ་དྲོ་པ་མཛརཝ་འདི་ཟ་ཏེ་ཉི་མ་གི་ལྟོ་གི་ཀྲེམ་(དུས་ཚོད་)ཁར་ལྷོད་སོངམ་མས།
  • པདྨ་དབྱངས་ཅན།
    ཏེ་ཉི་མ་གི་ལྟོའི་ཀྲེམ་(དུས་ཚོད་)ཁར་ལྷོད་པ་ཏེ་ད་ཁྱོད་ནཱ་ཏོག་ཙེ་བརྐོ་སྦེ་སྡོད་སྨ་རེད་ང་གིས་ཉི་མ་གི་ལྟོ་འདི་འབད་སོང་གེ་ ཟེར་སླབ་སླབ་མས།ཏེ་ཉི་མ་གི་ལྟོ་འདི་འབད་བར་སོང་སོངམ་མས།སོངམ་ད་ཏེ་ལེ་ཀོ་འདི་ལྟོ་འབད་དང་པ་ལུ་ལྟོ་འབད་ཇ་འབད་འ་ནཱི་སྦེ་འབད་དེ་ལས་ཏེ་ མོ་ལྟོ་འདི་འབད་དེ་ར་སྡོདཔ་ད་སྤྱ་འདི་གིས་ཡང་མོའི་ཤུལ་ཤུལ་བདའ་ར་ཁྱིམ་ནང་ཨ་ནཱི་རྒྱབ་ལས་ཚུར་ཁུ་སིམ་སིམ་འབད་གཡིབ་བལྟ་བར་སོང་སོངམ་མས། ཨ་ནེ་སྦེ་གཡིབ་ཅི་གཡིབ་ཅི་བལྟ་བར་སོང་སོངམ་མས།
  • པདྨ་དབྱངས་ཅན།
    གྱང་བལྟ་གུ་ལས་(གྱང་གི་རྒྱབ་ཁ་ལས་)ཚུར་གཡིབ་ཅིག་གཡིབ་ཅིག་བལྟ་བར་སོང་སོངམ་མས།ཡུདཔ་ཅིག་ཁ་ལས་བལྟ་བར་སོངམ་ད་ཏེ་སྤྱ་འདི་ལེ་ཀོ་འདི་བཞེས་སྒོ་ག་དེ་སྦེ་འབད་དོ་ག་ཟེར་བ་ཅིན་ཏེ་དང་པ་ལུ་ལྟོ་འབད་ཇ་འབད་དེ་ལས་ཏེ་མར་ཁུ་འདི་བཙག་བཅད་མར་ཁུ་འདི་ཨ་ནཱི་གི་བཀོལ་བཙག་བཅད་ འ་ནེ་སྦེ་དེ་ལས་མོ་གི་ཨུབ་འདི་ཨ་ནཱི་རྡིག་ཀ་ལ་རྫ་མའི་གུ་བཀལ་བཀོལ་ཏེ་གིས་ཏེ་སྒོང་རྡོག་གཅིག་མཚའ་སྦེ་དེ་ལས་ཏེ་ཚོདམ་འདི་ཨ་ནཱི་སྦེ་སྒོང་རྡོག་ལྤགས་ཀོ་བླུག་(སྒོང་རྡོག་གི་ཚོདམ་བཙོཝ་)དོཝ་མས།
  • པདྨ་དབྱངས་ཅན།
    སྒོང་རྡོག་ལྤགས་ཀོ་བླུགས་(སྒོང་རྡོག་གི་ཚོདམ་)དོཝ་མས།ཏེ་ད་རིས་འ་ནཱིམ་ཅིག་སྦེ་དབའེ་ད་རོགས་མོ་འདི་ཏེ་ད་རིས་ཚོདམ་འདི་གནམ་མེད་ས་མེད་དེ་ལས་མོ་ཁོ་མར་ཚ་ངེར་བཏོན་མར་འགྱོ་སྟེ་གིས་ཏོག་ཙེ་བརྐོ་དོཝ་མས།ལྟོ་བཟའ་ཤོག་སྨ་རེད་ཟེར་སླབ་སླབ་མས།ཏེ་ལྟོ་བཟའ་བར་སོང་ཁོ་ཏོག་ཙེ་བརྐོ་རྫུ་བཏབ་སྟེ་སྡོད་སྡོདཔ་མས།ཨ་ཙི་ཅིག་ལཱ་འབད་དོ་བཟུམ་སྦེ་འབད་སྡོད་སྡོདཔ་མས།ཏེ་ལྟོ་ཟ་ད་རིས་ཉི་མ་གི་ལྟོ་འདི་ཟ་ཕྱི་རུ་གི་ལྟོ་འདི་ཟ་སྟེ་གིས་ལཱ་སར་འགྱོ།
  • པདྨ་དབྱངས་ཅན།
    ད་རུང་དེའི་ནངས་པ་འདི་ཏེ་ད་སྤྱ་འདི་ཨ་ནཱི་ལེ་ཀོ་འདི་སྤྱ་འདི་གི་ལཱ་སར་འགྱོ་འགྱོཝ་མས།ཧ་ལཱ་(ལག་ཚབ་)རྐྱབ་པ་འགྱོ་འགྱོཝ་མས་ཕར་ཧ་ལཱ་(ལག་ཚབ་)རྐྱབ་པ་འགྱོཝ་ད་ཏེ་སྤྱ་འདི་ཏེ་ལེ་ཀོ་འདི་མར་ཏོག་ཙེ་བརྐོ་སྟེ་སྡོད་དེ་ལས་ཏེ་སྤྱ་འདི་ཡར་ལྟོ་འབད་བར་སོང་སོངམ་མས།ཉི་མ་དྲོ་པ་མཛརཝ་འདི་ཟ་སྦེ་ ཏེ་དེ་ལས་ཉི་མ་ལྟོ་འདི་འབད་བར་སོང་དེ་ལས་ཀྲེམ་(དུས་ཚོད་)ཁར་ལྷོདཔ་ད་ཏེ་ཁོ་ཡར་ལེ་ཀོ་གི་ལུགས་སྲོལ་ཏེ་(དཔྱེ་འབདཝ་ཨིན་ཟེར་)ཏེ་
  • པདྨ་དབྱངས་ཅན།
    དེ་ལས་ཏེ་ཉི་མ་ལྟོ་འདི་འབད་ཇ་འདི་འབད་ཡར་ཕབ་བཞག་དེ་ལས་ཏེ་མར་ཁུར་བཙག་བཅད་མར་ཁུར་འདི་བཙག་བཅད་བཞིན་ན་ཀ་ལ་རྫམ་འདི་ཡར་བཀལ་ཨ་ནཱི་གུ་ཨ་ནཱི་ལེ་ཀོ་བཟུམ་སྦེ་ར་ཏེ་སྒོང་རྡོག་མཚའ་ནི་ཡོདཔ་བཟུམ་སྦེ་ཁོ་གིས་ཡང་ཁོ་མར་ཁ་ཙ་ཨ་ནཱི་སྦེ་འབད་དེས་ང་ད་རིས་ཨ་ནཱི་སྦེ་ཚོདམ་འ་ནཱི་སྦེ་བཙོ་དགོ་མནོ་སྤྱ་འདི་ཀ་ལ་རྫམ་འདི་གུ་ཨུབ་བཀལ་སྦེ་ཏེ་ཁོ་བཟུམ་སྦེ་ར་སྒོང་རྡོག་ཡང་འཚའ་ནི་འོང་ནི་འབད་འབདཝ་མས།
  • པདྨ་དབྱངས་ཅན།
    འབདཝ་ད་ ཁོ་ར་ཡར་ལས་མར་སྦེ་ འ་ནཱི་སྦེ་འབད་ནི་དེ་གིས་ཁོ་རོགས་ཆབ་གསང་བཏང་ནི་འབདཝ་ད་ཡར་ལས་མར་ག་ཅིག་གུ་ཅིག་ཅིག་དེ་ལས་རོགས་སྤྱ་གི་རོགས་གནམ་མེད་ས་མེད་སྤྱ་གི་ཨུབ་ནང་ལས་རོགས་མར་ཁུ་གནམ་མེད་ས་མེད་མར་ཁུ་གིས་ཏེ་ཡར་བཤུར་དཔ་མས་ཨ་ནཱ་ལས་པུ་ར་(ག་ར་)བཤུར་དཔ་མས་ཤུརཝ་ད་ཏེ་པུ་ར་(ག་ར་)མེ་འབར་དཔ་མས།དེ་ལསན་ཏེ་ལེ་ཀོ་འདི་གནམ་མེད་ས་མེད་བགའ་སྟེ་ ཏེ་ལེ་ཀོ་འདི་ནཱ་ཨ་ནཱི་སྦེ་གནམ་མེད་ས་མེད་གཡིབ་སྟེ་སྡོད་སྡོདཔ་མས་ལེ་ཀོ་འདི་བཟུམ་སྤྱ་འདི་བཟུམ་སྦེ།
  • པདྨ་དབྱངས་ཅན།
    ཏེ་ནཱ་ད་ང་ཁོ་ག་དེ་སྦེ་བཞེས་སྒོ་འབད་དོ་ག་མནོ་ཁོ་ཡང་ནཱ་ཁྱིམ་མའི་གྱང་བལྟ་གུ་ལས་(ཁྱིམ་གྱི་གྱང་གི་རྒྱབ་ཁ་ལས་)ཚུར་གཡིབ་བལྟ་སྦེ་ཨ་ནཱི་སྦེ་སྡོད་སྡོདཔ་མས།དེ་ལསན་ཏེ་སྤྱ་ནཱ་ལས་ཡར་མེ་གིས་འཚིག་སོང་མར་ཁུ་འདི་མར་ལས་ཡར་འཁོལ་ཏེ་གནམ་མེད་ས་མེད་ཨ་ནཱ་ལས་མེ་གིས་འཚིག་སོང་ཏེ་སྤྱ་ཨ་ནཱ་ལས་སྤུ་མེད་མི་འདི་ ཏེ་དང་ཕུ་ཨ་ནཱ་ལས་ཡར་ཨ་བུག་གི་ཨ་ནཱི་མཇུག་མ་འོག་ལས་སྤུ་མེད་མི་འདི་དང་ཕུ་འ་ནཱི་སྦེ་འབད་འབདཝ་ཨིན་ཟེར་མས།
  • པདྨ་དབྱངས་ཅན།
    མར་ཁུ་གིས་ཨ་ནཱ་ལས་འཁོལ་ཏེ་བཤུར་ད་ཡི་ཟེར་ཨིན་མས། ད་རེས་སྤུ་མེད་མི་འདི་འ་ནཱི་ཨིན་ལོ།ལེ་ཀོ་འདི་གནམ་མེད་ས་མེད་མིག་ཏོ་དམརཔོ་སྦེ་ཨ་ནཱི་རྣམ་ཅོ་དམརཔོ་སྦེ་སྡོད་མི་འདི་ གནམ་མེད་ས་མེད་བགའ་སྟེ་ཏེ་གནམ་མེད་ས་མེད་བགའ་སྟེ་མིག་ལས་ཆུ་འཐོན་སྦེ་བགའ་མིག་ཏོ་དམརཔོ་འགྱུར་སོངམ་མས།ག་ཅི་ཟེར་བ་ཅིན་ཏེ་འ་ནཱི་སྦེ་ཨིན་ཟེར་དཔེ་འ་ནཱི་སྦེ་ཨིན་ཟེར་སླབ་མས་འ་ནཱིམ་ཅིག་ར་ཨིན་ལགས།། །།