Skip to main content Skip to search
31 Jan 2012
45 min 53 sec
Video Overview
Creators: 
Unknown

This video shows a debate at Sera Monastery from the perspective of the standing monk.

Transcript search
No results found for this search
0 of 0
  • དགེ་འདུན་པ་ ༡
    [དྲི་བ་ལེན་མཁན་] འདི་ཇི་ལྟར་ཆོས་ཅན། ཇི་ལྟར་མེ་ཡིས་དག་པ་གོས། སྣ་ཚོགས་དྲི་མས་དྲི་མ་ཅན། ཇི་ལྟར་མེ་ཡི་ནང་བཅུག་ན། དྲི་མ་འཚིག་འགྱུར་གོས་མི་ལྡན། དེ་བཞིན་འོད་ཟེར་བ་ཡིས་སེམས། འདོད་ཆགས་ལ་སོགས་དྲི་མ་ཅན། ཡེ་ཤེས་མེ་ཡིས་ཉོན་མོངས་བསྲེག དེ་ཉིད་འོད་གསལ་མ་ཡིན་ནོ། ཡཱ་དེའི་སྐབས་སུ་གང་རེད།
  • དགེ་འདུན་པ་ ༢
    [ལན་འདེབས་མཁན་] ལྟ་དེའི་སྐབས་སུ་ལྟ་རེད་པ། ཨམ་སེམས་གསལ་རིག་གི་ཆ་དེ་རེད་པ། ཨཱ་ནི་ལྟ་མདོ་རྒྱུད་ཀྱི་གོས་དྲི་མ་ཅན་དང་།
  • དགེ་འདུན་པ་ ༡
    ལྟ་དཔེ་དོན་སྦྱར་བ་ཡིན་ཟེར་ཨས།
  • དགེ་འདུན་པ་ ༢
    དཔེ་དོན་སྦྱར་བ་རེད།
  • དགེ་འདུན་པ་ ༡
    ཡ་མདོ་རྒྱུད་ཀྱི་གོས་དྲི་མ་ཅན་དང་སེ། ཨང་འདི་གོས་དང་དེའི་དྲི་མ་གཉིས་ཨཱ་ནི་སྒྲིབ་ཚུལ་འདི་དང་རེད་པ།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    སེམས་གསལ་རིག་དང་། ལྟ་དྲི་མ་གཉིས་ཡ་དཔེ་དོན་སྦྱར་བ་ཡིན་ཟེར་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    རེད་པ། ད་ཡིན་སོང་ན། ཡ་དེ་འདྲ་བའི་སེམས་གསལ་རིག་གི་ཆ་དེ་ཡ་རང་རྒྱུད་ཀྱི་ཨཱ་ནི་རྣམ་ཤེས་ཅི་རྟོགས་པ་ལ་མ་བྱེད། བདེན་ཚིག་ཏུ་གྱུར་བའི་ཡིད་ཀྱི་རྣམ་ཤེས་ལ་མི་བྱེད་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ལྟ་རང་རྒྱུད་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཕྱེ་བ་དང་མ་ཕྱེ་ཟེར།
  • དགེ་འདུན་པ་ ༡
    ཡིད་ཀྱི་རྣམ་ཤེས་ཅི་རྟོགས་པ་འདི་ལ་བྱས། རེད་པཱ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཡིད་ཀྱི་རྣམ་ཤེས་ཅི་རྟོགས་པ་ལ་བྱས་སོང་ན་ཡ་ལྟ་འདི་དྲི་མས་སྒྲིབ་ཚུལ་དེ་ཡ་དྲི་མ་དང་རང་ཉིད་མཚུངས་ལྡན་དུ་འགྲོ་ཚུལ་ཡང་མ་ཡིན། དེ་ལས་ལོགས་སུ་མེད་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཨང་། རང་རྒྱུད་ལ་བརྟེན་པ་གང་ཟག་དེའི་རྒྱུད་ལ་ལྟ་དྲི་མ་དེ་ཡོད་སྟངས་དེ་མ་འདྲ། དེ་འདྲས་སེ།
  • དགེ་འདུན་པ་ ༡
    དྲི་མ་ཡོད་སྟངས་དེ་སེམས་དེའི་དྲི་མ་སྒྲིབ་ཚུལ་ཨས།
  • དགེ་འདུན་པ་ ༢
    འོ་འོ། ད་ལྟ་འདི་མདོ་རྒྱུད་ཀྱི་གོས་དྲི་མ་ཅན་དང་འདྲ་བའི་ཟེར་དེ་ཅི་དང་རེད།
  • དགེ་འདུན་པ་ ༡
    འོ་ཡག་མདོ་རྒྱུད་ཀྱི་གོས་དྲི་མ་ཅན་ནི། ཨཱ་ནི་གོས། གོས་དེ་ལ་དྲི་མ་ལྡན་དགོས་པ་དེ་བཞིན་དུ།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    དྲི་མ་དེ་དང་དེ་ཡང་སེམས་དེ་དང་དེ་ལ་ཡཱ་ལྡན་དགོས་པ་ཡིན་པ་ཕྱིར།
  • དགེ་འདུན་པ་ ༢
    དྲི་མ་དེ་དང་དེ་གཉིས།
  • དགེ་འདུན་པ་ ༡
    སེམས་དེ་དང་དེ་དྲི་མས་བསྒྲིབས་སོང་ན།
  • དགེ་འདུན་པ་ ༢
    འོ་འོ། རྟགས་མ་གྲུབ། དེ་འདྲ་རང་མི་དགོས་ཟེར།
  • དགེ་འདུན་པ་ ༡
    སྒྲིབ་དགོས་མ་རེད་པས།
  • དགེ་འདུན་པ་ ༢
    དེ་འདྲས་རང་དགོས་ཀྱི་ཡོད་དམ།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    མི་དགོས་ཟེར།
  • དགེ་འདུན་པ་ ༡
    ཡ་མི་དགོས་ན། ཨཱ་ནི་ཨང་དཔེར་ན་གཙོ་སེམས་དེ་ཡོག་རེད་པ།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    གཙོ་སེམས་དང་ཨཱ་ནི་གཙོ་སེམས་བརྒྱུད་པའི་བདེན་འཛིན་དང་། དེའི་འཁོར་སེམས་བྱུང་གཉིས་པོ་དེ་གཉིས། འཁོར་སེམས་བྱུང་བདེན་འཛིན་དེ་གཉིས་ཡཱ་ལྟ་དྲི་མས་སྒྲིབ་ཚུལ་ལ་ཁྱད་པར་མེད་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འོ་འདི་དྲི་མས་སྒྲིབ་ཚུལ་ལ་ཁྱད་པར་ཡོག་མ་རེད། གཉིས་ཀ་གྲིབ་མའི་ངོ་བོར་སོང་བའི་བཟོ་ལྟ་ཞིག
  • དགེ་འདུན་པ་ ༡
    ཨཱ་གཉིས་ཀ་ཨཱ་ནི་དྲི་མ་དེ་དང་དེའི་ངོ་བོར་སྐྱེས་པ་ཟེར་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    ངོ་བོར་སྐྱེས་རེད་པས།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    ངོ་བོ་སྐྱེས་པ་མ་ཡིན་པའི་མཐར་ཡ་ད་ལྟ་གོང་དུ་བསྟན་པའི་ལུང་དེ་རེད་པ།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ཨཱ་ནི་སེམས་ཁོ་རང་གི་ཨཱ་ནི་ངོ་བོ་ལ། ངོ་བོ་ཟེར་གྱི་མེད་ད། སེམས་གསལ་རིག་གི་ཆ་དེ་ལ་དྲི་མས་མ་སླད་ཀྱང་། གནས་སྐབས་ཨཱ་ནི་སེམས་བྱུང་དེའི་འགྲོགས། སེམས་བྱུང་དེའི་དབང་གིས་དྲི་མའི་ལས་སྟོབས་ཀྱིས་ཡཱ་བསྟན་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཨང་བདེན་འཛིན་དུ་གྱུར་བའི་ཨཱ་ནི་སེམས་ཁོ་རང་དྲི་མ་མ་སླད་ཀྱང་སེ་ཨས།
  • དགེ་འདུན་པ་ ༡
    འོ་སེམས་ཁོ་རང་ངོ་བོ་ཟེར་ནའི་འདྲ། གསལ་རིག་གི་ཆ།
  • དགེ་འདུན་པ་ ༢
    འོ་གསལ་རིག་གི་ཆ་དེ།
  • དགེ་འདུན་པ་ ༡
    དེ་ལ།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    དྲི་མས་མ་སླད་ཀྱང་།
  • དགེ་འདུན་པ་ ༢
    འོ་གསལ་རིག་གི་ཆ་ལ་ཨཱ་ནི་རང་བཞིན་གྱི་དྲི་མས་སླད་པ་མ་བྱུང་།
  • དགེ་འདུན་པ་ ༡
    གནས་སྐབས་ཨཱ་ནི་རྐྱེན་སེམས་བྱུང་གི་སྟོབས་ཀྱིས། རྐྱེན་སེམས་བྱུང་དེའི་སྟོབས་ཀྱིས་ཨཱ་ནི་རང་ཉིད་དྲི་མའི་ངོ་བོ་སྐྱེ་བ་བསྟན་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    དྲི་མའི་ངོ་བོར་རང་བསྟན་པ་རང་མ་ཡིན་ཟེར།
  • དགེ་འདུན་པ་ ༡
    དྲི་མའི་ངོ་བོར་རང་བསྟན་པ་མ་ཡིན་ན་ག་རེ་བསྟན་པ་ཡིན།
  • དགེ་འདུན་པ་ ༢
    ལྟ་བྱས་ཙང་ཨཱ་ནི་འདི་འོ་རང་ཉིད་ཀྱི་སེམས་རང་བཞིན་གྱི་སེམས་གསལ་རིག་གི་ཆ་ལ་ཨཱ་ནི་རང་བཞིན་གྱི་དྲི་མས་སླད་པ་ཡང་མ་རེད། དེ་སངས་རྒྱས་ས་ལ་འགྲོ་གི་རེད་ཟེར།
  • དགེ་འདུན་པ་ ༡
    སེམས་གསལ་རིག་གི་ཆ་ལ་དྲི་མས་སླད་པ་མེད་པ་དེ་བཞིན་དུ་སེམས་ཁོ་རང་གི་ཆ་ཤས་གང་གི་ཆ་ལ་ཡ་ཨཱ་ནི་དྲི་མས་སླད་པ་མེད་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    དྲི་མས་སླད་པ་ཟེར་ནའི་ལྟ་འདི་འདྲ་པོ་གང་ཟེར། དྲི་མས་སླད་པ་ལྟ་ཡོག་མ་རེད།
  • དགེ་འདུན་པ་ ༡
    དྲི་མའི་ངོ་བོར་སྐྱེས་མ་སོང་ང་། དྲི་མ་དང་མཚུངས་ལྡན་ཡིན་པ་བྱས་མ་སོང་ང་།
  • དགེ་འདུན་པ་ ༢
    འོ་ལྟ་འདི་ལ་གཅིག་ཡོག་རེད། ཅི་དོགས། ཅི་རིགས་ཡོག་རེད།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    ཅི་རིགས་ཡོད་ཟེར།
  • དགེ་འདུན་པ་ ༡
    འོ་ཅི་རིགས་ཡོད་སོང་ན། ཨཱ་རང་ཉིད་ཀྱི། ཨང་རང་ཉིད་ཀྱི་ངོ་བོ་གསལ་རིག་གི་ཆ་ལ་དྲི་མས་མ་སླད་ཀྱང་། ཨཱ་ནི་རང་ཉིད་ལ་དྲི་མས་སླད་པའི་སེམས་གཅིག་ཡོད་པ་ཐལ།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་ལ་དྲི་མས་མ་སླད་ན་ཟེར། དེ་ལྟ་ཡོག་རེད།
  • དགེ་འདུན་པ་ ༡
    གསལ་རིག་གི་ཆ་ལ།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་ལ།
  • དགེ་འདུན་པ་ ༡
    གསལ་རིག་གི་ཆ་ལ་དེ་ལ་དྲི་མས་མ་སླད་ཀྱང་།
  • དགེ་འདུན་པ་ ༢
    འོ་རང་བཞིན་གྱི་དྲི་མས་སླད་པ་མ་བྱུང་ལ། ཨཱ་ནི་སྤྱིར་བཏང་དྲི་མ་སླད་པ་བཞུགས་པ་འདི་འདྲས་ཡོག་རེད།
  • དགེ་འདུན་པ་ ༡
    འོ་དྲི་མས་སླད་པ་བཞུགས་པ་འདི་འདྲས་ཤིག་འདུག་ག
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་ལ་དྲི་མས་སླད་པ་བཞུགས་པ་སྤྱིར་བཏང་ཡོག་མ་རེད་པཱ།
  • དགེ་འདུན་པ་ ༡
    དེ་འདྲ་བའི་སེམས་དེ་ལ་དྲི་མས་སླད་མ་སླད་མ་ཟེར་ཡག་དེ་ཡ་སེམས་དྲི་མས་སླད་སྟངས་དེ་ཨཱ་ནི་སེམས་དང་དྲི་མ་རང་ཉིད་མཚུངས་ལྡན་དུ་འགྲོ་སྟངས་དེ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    དྲི་མས་སླད་མ་སླད་ཟེར་བ་དེ། མ་ཡིན་ཟེར།
  • དགེ་འདུན་པ་ ༡
    འོ་ན་གང་རེ་ཡིན།
  • དགེ་འདུན་པ་ ༢
    ཨཱ་ནི་དྲི་མ་དེ་ཨམ་ལྟ་སྟོབས་ཀྱིས་ཨམ།
  • དགེ་འདུན་པ་ ༡
    དེ་རྒྱུད་ལ་དཔེར་ན་ལྟོས་ཨང་། དེའི་རྒྱུད་ལ་བདེན་འཛིན་ཡོད་པ་ཙམ་གྱིས་དེའི་རྒྱུད་ཀྱི་རང་རྒྱུད་ཀྱི་ཤེས་པ་དེ་དག་ཡ་བདེན་འཛིན་གྱིས་སླད་པ་ལ་མི་འགྲོ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་འཛིན་སླད་པ་ཨས།
  • དགེ་འདུན་པ་ ༡
    འོ་ཡ།
  • དགེ་འདུན་པ་ ༢
    བདེན་འཛིན་གྱིས་སླད་པ་རང་འགྲོ་གི་ཡོད་ཀྱི་མ་རེད།
  • དགེ་འདུན་པ་ ༡
    འགྲོ་གི་མ་རེད་པ།
  • སེམས་དེ་དང་དེ་དྲི་མས་སླད་ཟེར་ཡག་དེ་ཡ་སེམས་དེ་ཨཱ་ནི་མཚུངས་ལྡན་དུ་གྱུར་བའི་དྲི་མ་ཡོད་སྟངས་དེ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    མ་ཡིན་ཟེར།
  • དགེ་འདུན་པ་ ༡
    མ་ཡིན་རེད་པས།
  • དགེ་འདུན་པ་ ༢
    མ་ཡིན་ཟེར།
  • དགེ་འདུན་པ་ ༡
    མ་ཡིན་ན་རང་རྒྱུད་དུ་དྲི་མ་ཡོད་སྟངས་ཙམ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    ལྟ་བྱས་ཙང་ད་གིན་ད་ག་རེད། རང་རྒྱུད་ལ། གང་ཟག་དེའི་རྒྱུད་ལ་ཨཱ་ནི་དྲི་མ་ཡོད་ཙང་དེའི་རྒྱུད་ཀྱི་ཨཱ་ནི་གང་ཟེར་ཡིད་ཀྱི་རྣམ་པར་ཤེས་པ་དེ་དྲི་མས་སླད་ཟེར།
  • དགེ་འདུན་པ་ ༡
    བྱས་ཙང་དེའི་རྒྱུད་ལ་དེ་འདྲས་ཡོད་པ་ཙམ་གྱིས་དེའི་རྒྱུད་ཨཱ་ནི་རང་རྒྱུད་ཀྱི་ཤེས་པ་མཐའ་དག་བདེན་འཛིན་སླད་པ་ལ་འགྲོ་བ་ཐལ།
  • དགེ་འདུན་པ་ ༢
    རང་རྒྱུད་ཀྱི་ཤེས་པ་མཐའ་དག་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    རང་འཛིན་གྱི་ཤེས་པ་མཐའ་དག་བདེན་འཛིན་ཡོད་པ་ཙམ་གྱིས་རང་རྒྱུད་ཀྱི་ཤེས་པ་མཐའ་དག་དང་སླད་པ་འགྲོ་གི་མ་རེད།
  • ཤེས་མ་མཐའ་དག་འགྲོ་གི་མ་རེད། ཁོ་གི་རྒྱུ་ཡིད་ཀྱི་རྣམ་པར་ཤེས་པར་དེ་སོང་ཟེར་ན་འགྲིག་གི་རེད།
  • དགེ་འདུན་པ་ ༡
    འོ་ཡག དེའི་རྒྱུད་ལ་དྲི་མ་དེ་ཡོད་པས་དེའི་རྒྱུད་ཀྱིས་ཡིད་ཀྱི་རྣམ་ཤེས་དེ་དྲི་མས་སླད་འགྲོ་ཡང་། ཡིད་ཀྱི་རྣམ་ཤེས་གང་ཡིན་ཐམས་ཅད་ལ། ཡ་དྲི་མས་སླད་པ་མི་འགྲོ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཡིད་ཀྱི་རྣམ་ཤེས་ཟེར་ན་ལྟ་ཤེས་པ་གང་ཡིན་ཐམས་ཅད་ལ་འགྲོ་གི་མ་རེད།
  • དགེ་འདུན་པ་ ༡
    འོ། ཤེས་པ་གང་ཡིན་ཐམས་ཅད་ལ་མི་འགྲོ་དུས་ཙམ་ནས་དེའི་རྒྱུད་ཀྱི་ཡིད་ཀྱི་རྣམ་ཤེས་དེ་དྲི་མས་སླད་ཟེར་ཡག་དེ། རེད་པ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    དེའི་རྒྱུད་ཀྱི་ཡིད་ཀྱི་རྣམ་ཤེས་དེས་རྟེན་གྱི་གང་ཟག་དེའི་རྒྱུད་ལ་དྲི་མ་ཡོད་པ་ཙམ་གྱིས་ཡ་རྒྱུ་མཚན་ཡང་དག་ཏུ་མི་འགྲོ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    རྟེན་གྱི་གང་ཟག་དེའི་རྒྱུད་ལ་དྲི་མ་ཡོད་པ་ཙམ་གྱིས་དེའི་རྒྱུད་ཡིད་ཀྱི་རྣམ་པ་ཤེས་པ་དེ་ཨཱ་ནི་ད་ལྟ་མདོ་རྒྱུད་ཀྱི་གོས་དེ་འདྲ་བ་ཡིན། མདོ་རྒྱུད་ཀྱི་གོས་དེ་དང་འདྲ་བ་ཡིན་ཟེར།
  • དགེ་འདུན་པ་ ༡
    དྲི་མས་སླད་པའི་རྒྱུ་མཚན་དུ་ཡང་དག་མི་འགྲོ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཡོད་པ་ཙམ་གྱིས་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    རྒྱུ་མཚན་ཡང་དག་ཟེར་ན་ལྟ།
  • དགེ་འདུན་པ་ ༡
    འགྲོ་གི་མ་རེད་པ། རང་རྒྱུད་དང་ཨཱ་ནི་དྲི་མ་ཡོད་བཞིན་དེའི་རྒྱུད་ཀྱི་སེམས་གང་ཡིན་ཐམས་ཅད་ལྟ་དྲི་མས་སླད་དགོས་ཀྱི་མི་འདུག་ག
  • དགེ་འདུན་པ་ ༢
    སེམས་གང་ཨང་། ཤེས་པ་གང་ཡིན་ཐམས་ཅད་ལ་སླད་དགོས་ཀྱི་མ་རེད།
  • དགེ་འདུན་པ་ ༡
    དྲི་མ་དེ་བཞིན་དེ་ལས་ལོགས་སུ་བཞག་དགོས་པ་ཡིན་པའི་ཕྱིར་འོ་ན།
  • དགེ་འདུན་པ་ ༢
    དྲི་མས་སླད་སྟངས་ཨས།
  • དེ་གི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དྲི་མས་སླད་ཀྱི་རེད། ཁོ་རང་ཨཱ་ནི་དཔེར་ན་ཆ་བཞག་ན་མཐོང་ལམ་བར་ཆད་མེད་ལམ་ལྟ་བུ་དེ་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དེ།
  • དགེ་འདུན་པ་ ༡
    ལྟ་སྒུག་ཨང་། དེའི་རྒྱུད་ཀྱི་ཡོད་ན་ཡིད་ཀྱི་རྣམ་ཤེས་ཅི་གཏོགས་དེ་དྲི་མས་སླད་པ་རེད་པ།
  • དགེ་འདུན་པ་ ༢
    སླད་ཟེར་ན་འགྲིག
  • དགེ་འདུན་པ་ ༡
    དྲི་མས་སླད་སོང་ན་འདིའི་རྒྱུད་ཀྱི་ཡིད་ཀྱི་རྣམ་ཤེས་ཀྱིས་ཡ་གསལ་རིག་གི་ཆ་དེ་ཡང་དྲི་མ། དྲི་མས་སླད་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    མ་སླད་ཟེར་གྱི་མེད་འགྲོ་ལྟ་དེ།
  • དགེ་འདུན་པ་ ༡
    འོ་ཡག་གསལ་རིག་གི་ཆ་དེ་དྲི་མས་སླད་བྱས། ཁོ་རང་དྲི་མས་སླད་བྱས།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    སླད་པ་ཡིན་པ་ཐལ་དེའི་རྒྱུད་ལ་ཡཱ་རྟེན་གྱི་གང་ཟག་དེ་དྲི་མ་དང་བཅས་པའི་གང་ཟག་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཁྱབ་པ་མ་བྱུང་ཟེར།
  • དགེ་འདུན་པ་ ༡
    འོ་ཁྱབ་པ་མེད་ན་དེའི་རྟེན་གྱི་གང་ཟག་དེ་དྲི་མ་དང་བཅས་པའི་དེའི་རྒྱུད་ཀྱི་ཡ་ཡིད་ཀྱི་རྣམ་ཤེས་ཅི་གཏོགས་པ་དེ་ཡ་དྲི་མས་སླད་པ་མི་བྱུང་བ་ཐལ།
  • དགེ་འདུན་པ་ ༢
    ཅིའི་ཕྱིར།
  • དགེ་འདུན་པ་ ༡
    དེ་མེད་ཕྱིར་རེད་པ།
  • དགེ་འདུན་པ་ ༢
    དེ་འཇོག་ཟེར།
  • དགེ་འདུན་པ་ ༡
    འོ་དེ་འཇོག་རེད་པ།
  • དགེ་འདུན་པ་ ༡
    དེ་འཇོག་དུས་ཙམ་ནས་དེའི་རྒྱུད་ལ་ཨཱ་ནི་དྲི་མ་ཡོད་པ་ཙམ་གྱིས་དྲི་མ། དེའི་རྒྱུད་ཀྱི་དྲི་མ་དེ་རེད་པ།
  • དགེ་འདུན་པ་ ༢
    དེ་འཇོག་ཟེར།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    དྲི་མ་དེས་ཨང་ཡིད་ཀྱི་རྣམ་ཤེས་ཀྱིས་ངོ་བོ་ལ་ཡ་འགྱུར་ལྡོག་གང་ཡང་མི་སྐྱེས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    དྲི་མ་དེའི་སྟོབས་ཀྱིས་ཡིད་ཀྱི་རྣམ་ཤེས་ངོ་བོ་ལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འོ་རེད། ཡིད་ཀྱི་རྣམ་ཤེས་ཁོ་རང་ལྟ་སངས་རྒྱས་ས་ལ་འགྲོ་གི་རེད།
  • དགེ་འདུན་པ་ ༡
    གསལ་རིག་གི་ཆ་དེ་ལ་འགྱུར་བ་གང་ཡང་མི་འགྲོ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་དེ་ལ་འགྱུར་བ་འགྲོ་མ་རེད།
  • དགེ་འདུན་པ་ ༡
    འོ་གསལ་རིག་གི་ཆ་དེ་ལ་འགྱུར་བ་མི་འགྲོ་དུས་ཡིད་ཀྱི་རྣམ་ཤེས་དེའི་ངོ་བོ་ལ་འགྱུར་བ་མི་འགྲོ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཡིད་ཀྱི་རྣམ་ཤེས་དེའི་ངོ་བོ་ལ་འགྱུར་བ་མི་འགྲོ་བ་ཡིན་པའི་ཕྱིར་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ངོ་བོ་ལ་འགྱུར་བ་མི་འགྲོ་ཟེར།
  • དགེ་འདུན་པ་ ༡
    ངོ་བོ་ལའི་འགྱུར་བ་མི་རེད་པ།
  • དགེ་འདུན་པ་ ༢
    མི་འགྲོ་ཟེར།
  • དགེ་འདུན་པ་ ༡
    ངོ་བོ་ལ་འགྱུར་བ་མི་འགྲོ་དུས། ཡ་དེ་འདྲ་བའི་དྲི་མ་དེས།
  • དགེ་འདུན་པ་ ༢
    དྲི་མ་དེའི་སྟོབས་ཀྱིས། དྲི་མ་དེ་སླེབས། དྲི་མ་དེ་སླད་པའི་སྟོབས་ཀྱིས་རང་ཉིད་སངས་རྒྱས་ས་ལ་འགྲོ་ཐུབ་མ་ཐུབ་འདི་འདྲས་ཀྱི་ཁྱད་པར།
  • དགེ་འདུན་པ་ ༡
    ཡིད་ཀྱི་རྣམ་ཤེས་དེ་ལ་དྲི་མ་དེས་ཡིད་ཀྱི་རྣམ་ཤེས་དེ་ལ་ཕན་གནོད་གང་ཡང་མི་བྱུང་བ་ཐལ། འོ་ན།
  • དགེ་འདུན་པ་ ༢
    འོ་ཕན་གནོད་བྱུང་གི་རེད་བྱས་ཙང་།
  • དགེ་འདུན་པ་ ༡
    ཕན་གནོད་གང་འདྲ་བྱུང་།
  • དགེ་འདུན་པ་ ༡
    ཕན་གནོད་བྱུང་གི་རེད། ཨཱ་ནི་ཁོ་རང་དེའི་སྟོབས་ཀྱིས་ཨང་།
  • དགེ་འདུན་པ་ ༡
    ཁོའི་ངོ་བོ་བཞིན་དུ་གྱུར་བ་ཨེ་བྱེད།
  • དགེ་འདུན་པ་ ༢
    ངོ་བོ་བཞིན་དུ་གྱུར་བ་རང་བྱེད་ཀྱི་མ་རེད། ལྟ་དྲི་མ་དེའི་སྟོབས་ཀྱིས་ཨང་ཡིད་ཀྱི་རྣམ་ཤེས་ངོ་རང་ལྟ་སངས་རྒྱས་ཀྱི་ས་ལ་འགྲོ་མི་ཐུབ་པ། ཨང་ལྟ་འདི་འདྲས་རྐྱེན་མང་པོ་བྱེད་ཀྱི་ཡོག་རེད། དྲི་མ་དེའི་སྟོབས་ཀྱིས།
  • དགེ་འདུན་པ་ ༡
    དེ་མི་ཡིན་པ་དང་དྲི་མ་དེའི་སྟོབས་ཀྱིས་ཡིད་ཀྱི་རྣམ་ཤེས་དེ་སངས་རྒྱས་ས་ལ་མི་འགྲོ་བ་བྱེད་རྒྱུ་ཡིན་པར་ཐལ། དེའི་སྐབས་ཀྱི་ཡིད་ཀྱི་རྣམ་ཤེས་དེ་ཡ་སེམས་ཅན་གྱི་རྒྱུད། སེམས་ཅན་ནས་སངས་རྒྱས་ཀྱི་སའི་བར་དུ་འགྲོ་མཁན་གྱི་རྣམ་ཤེས་ཅི་གཏོགས་པ་དེ་ལ་བཞག་པ་ཡིན་པའི་ཕྱིར། ད་ལྟ་གོང་དུ་དཔེ་དོན་སྦྱར་རྒྱུའི་ཡིད་ཀྱི་རྣམ་ཤེས་དེ།
  • དགེ་འདུན་པ་ ༢
    ཡིད་ཀྱི་རྣམ་པར་ཤེས་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འོ་བྱེད་ཀྱི་རེད།
  • དགེ་འདུན་པ་ ༡
    འོ་བྱེད་དུས་ཙམ་ནས།
  • དགེ་འདུན་པ་ ༢
    ཡིན་ནའི་འདི་སངས་རྒྱས་ས་ལ་འགྲོ་བ་ངེས་པ་རེད། སངས་རྒྱས་ས་ལ་འགྲོ་གི་རེད་འདའི་ཡིན་ནའི་དྲི་མ་དེའི་སྟོབས་ཀྱིས་གནས་སྐབས་ཨཱ་ནི་འགྲོ་མི་ཐུབ་པ་དང་། འདི་འདྲས་བྱས་ཏེ་དྲི་མ་དེའི་སྟོབས་ཀྱིས་སླད་ཙང་དེ་འདྲས་བྱས།
  • དགེ་འདུན་པ་ ༡
    འོ་ཡིན་དུས་ཙམ་ནས་གནས་སྐབས་དྲི་མ་དེའི་སྟོབས་ཀྱིས་ཁོ་སངས་རྒྱས་སར། སངས་རྒྱས་ས་ལ་འགྲོ་མི་ཐུབ་པ་བཟོས་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    འོ་གནས་སྐབས་ལྟ་འདི་འདྲས་དྲི་མ་དེའི་སྟོབས་ཀྱིས་བཟོས་པ་རེད།
  • དགེ་འདུན་པ་ ༡
    འོ་གནས་སྐབས་དྲི་མ་དེའི་སྟོབས་ཀྱིས་ཨཱ་ནི་དྲི་མ་དེ་གཞན་དབང་དུ་གྱུར་པ་ཡིན་པ་ཐལ་འོ་ན།
  • དགེ་འདུན་པ་ ༢
    གཞན་དབང་དུ་གྱུར་པ་ཡང་ཡོག་རེད། ལྟ་ཡོད་རྒྱུ་ཤེས་རིག་ཡོག་རེད།
  • དགེ་འདུན་པ་ ༡
    ཨཱ་ཡིན།
  • དགེ་འདུན་པ་ ༢
    ཡོད། གང་འདྲའི་རྒྱུད། སུའི་རྒྱུད། ལྟ་དེ་ལ་སྣ་ཚོགས་ཡོག་རེད་པ།
  • དགེ་འདུན་པ་ ༡
    དྲི་མ་དང་བཅས་པའི་དེ་ཟེར་གྱི་ཡོད་ད།
  • དགེ་འདུན་པ་ ༢
    དྲི་མ་དང་བཅས་པའི་ཨཱ་ནི་དེ་དྲི་མ་དེ་གཞན་དབང་དུ་གྱུར་པ་ཡིན། གཞན་དབང་དུ་གྱུར་མ་གྱུར་སྣ་ཚོགས་ཡོག་རེད།
  • དགེ་འདུན་པ་ ༡
    སངས་རྒྱས་རང་ག་བ་ཡི་ཡིད་ཀྱི་རྣམ་ཤེས་ཆོས་ཅན།
  • སངས་རྒྱས་རང་ག་བ་ལྟ་ཡིན་གྱི་རེད།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    ཡ་རང་ཉིད་ཨཱ་ནི་གནས་སྐབས་དྲི་མ་དེས་ཨཱ་ནི་ཡ་གཞན་དབང་དུ་གྱུར་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཡིན་ཟེར།
  • དགེ་འདུན་པ་ ༡
    འོ་རེད་པ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    གང་ཟག་དེ་དང་དེའི་ཨཱ་ནི་དྲི་མ་དེའི་གཞན་དབང་དུ་གྱུར་སྟངས་དང་དེའི་རྒྱུད་ཀྱི་ཡིད་ཀྱི་རྣམ་ཤེས་དྲི་མ་དེའི་གཞན་དབང་དུ་གྱུར་སྟངས་གཉིས་མི་འདྲ་བ་ཡིན་པའི་ཕྱིར། ཤེས་པ་ལ།
  • དགེ་འདུན་པ་ ༢
    ཡིད་ཀྱི་རྣམ་ཤེས་དྲི་མ་དེའི་གཞན་དབང་དུ་གྱུར་སྟངས་དང་རེད་པ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཨཱ་ནི་གང་ཟག་དེ་དྲི་མ་དེའི་གཞན་དབང་དུ་གྱུར་སྟངས་མི་འདྲ་བ་ཡིན་པའི་ཕྱིར་སེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ལྟ་གཅིག་པ་གཅིག་པ་ཡིན་གྱི་རེད། གཞན་དབང་དུ་གྱུར་སྟངས་དེ།
  • དགེ་འདུན་པ་ ༡
    གཅིག་པ་རེད་པས།
  • དགེ་འདུན་པ་ ༢
    གཅིག་པ་ཡིན་གྱི་རེད།
  • དགེ་འདུན་པ་ ༡
    གཅིག་པ་ཡིན་སོང་ན་ཤེས་པ་ལ་ཨཱ་ནི་ཡ་དྲི་མ། དྲི་མའི་གཞན་དབང་དུ་གྱུར་ཟེར་ཡག་དེ་རེད་པ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཨཱ་ནི་དྲི་མ་དེ་དང་དེས་ཡང་མིན་ན་རྒྱུ་བྱེད་ཚུལ་ལམ་ཡང་ན་མཚུངས་ལྡན་དུ་འགྲོ་ཚུལ་བཞག་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཤེས་པ་ལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    དྲི་མ་དེ་གིས་གཞན་དབང་དུ་གྱུར་སྟངས་མི་བྱེད་ཟེར། གང་ག་ལོགས་གཞན་དབང་དུ་མ་འགྲོ།
  • དགེ་འདུན་པ་ ༡
    ཤེས་པ་ལ་ཨས།
  • དགེ་འདུན་པ་ ༢
    མི་བྱུང་ཟེར།
  • དགེ་འདུན་པ་ ༡
    དེ་གཉིས་མ་ཡིན་པ་དེ་ཞིག་ཡོག་རེད་པས། དྲི་མའི་གཞན་དབང་དུ་གྱུར་སྟངས་ཤིག
  • དགེ་འདུན་པ་ ༢
    ཡོག་རེད། ལྟ་དྲི་མ་དེའི་སྟོབས་ཀྱིས་ཨཱ་ནི་ལྟ་ད་གིན་ལབ་ཡ་ད་ག་རང་རེད། དྲི་མ་དེས་དབང་འཛིན་པའི་སྟོབས་ཀྱིས་ཨཱ་ནི་རང་ཉིད་ལྟ་འགྲོ་ལྟ་གནས་སྐབས་མཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་ཁག་བྱེད་སྟངས།
  • དགེ་འདུན་པ་ ༡
    བྱས་ཙང་དྲི་མ་དེའི་དབང་འཛིན་པའི་སྟོབས་ཀྱིས་ཨཱ་ནི་ཁོའི་ངོ་བོ་གྱུར་བ་གང་མི་འགྲོ་རེད་པས། མི་འགྲོ་ཡིན་པ། དེ་ཡུལ་ཨཱ་ནི་
  • དགེ་འདུན་པ་ ༢
    ངོ་བོ་ལ་གྱུར་བ་ཟེར་ལྟ་རང་བཞིན་ཁོ་རང་གིས་གསལ་རིག་གི་ཆ་དེ་ལ་གལ་ག་བྱེད་ཀྱི་མ་རེད། ཨཱ།
  • དགེ་འདུན་པ་ ༡
    དེས་ན་གྱུར་པའི་རྒྱུ་མཚན་ག་རེ་ཡིན།
  • དགེ་འདུན་པ་ ༡
    དྲི་མ་དེའི་སྟོབས་ཀྱིས་ཟེར་ནའང་འདྲ། ལྟ་བདེན་འཛིན་དེའི་སྟོབས་ཀྱིས།
  • དགེ་འདུན་པ་ ༢
    གང་འདྲ་སེ།
  • དགེ་འདུན་པ་ ༢
    རང་རྒྱུད་ལ་བརྟེན་པའི་གང་ཟག་མ་རེད། རང་རྒྱུད་ལ་བརྟེན་པའི་གང་ཟག་དེའི་རྒྱུད་ལ་ལྟ་སྤྱིར་བཏང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་རང་སངས་རྒྱས་ཀྱི་ས་ལ་འགྲོ་གི་རེད་པ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཡིན་ནའི་རང་རྒྱུད་ལ་བརྟེན་པའི་གང་ཟག་དེའི་རྒྱུད་ལ་དྲི་མ་ཡོད་ཙང་དེའི་དབང་འཛིན་པའི་སྟོབས་ཀྱིས་རང་ཉིད་ལྟ་ད་གང་ཟེར་ན་ཨང་རྣམ་མཁྱེན་གྱི་ངོ་བོར་མ་གྱུར་བ་ལྟ་ཐམས་ཅད་མཁྱེན་པ་མ་ཐོབ་ལྟ་དེ་འདྲས་ལྟ་དེས་ག་རེ་བྱེད་ཀྱི་ཡོག་རེད་ཟེར། ཐོས་དབང་འཛིན་པའི་སྟོབས་ཀྱིས་དེ་ལྟར་བྱེད་ཀྱི་ཡོག་རེད།
  • དགེ་འདུན་པ་ ༡
    ཡིན་སོང་ན་དྲི་མ་དེའི་དབང་འཛིན་པའི་སྟོབས་ཀྱིས་རང་ཉིད་སངས་རྒྱས་ས་ལ་འགྲོ་མི་ཐུབ་ལྟ་བཟོས་པ་ཡིན་ཟེར།
  • དགེ་འདུན་པ་ ༢
    བཟོ་གི་ཡོག་རེད། ལྟ་བཟོ་གི་ཡོག་རེད།
  • དགེ་འདུན་པ་ ༡
    དྲི་མ་དེས་བཟོ་པ་ཡིན་བྱས་རེད་པ།
  • དགེ་འདུན་པ་ ༡
    ཡིན་དུས་ཙ་ནས་དྲི་མ་དེའི་གནས་སྐབས་ལ་གནས་སྐབས་དྲི་མ་དེས་སེམས་དེ་གསལ་རིག་གི་ཆ་ལའང་ཡ་འགྱུར་བ་སྐྱེས་པ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    དྲི་མ་དེས་འོ།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་ལ་འགྱུར་བ་འགྲོ་གི་མ་རེད། ད་ག་རང་རེད།
  • དགེ་འདུན་པ་ ༡
    ཡིན་པ་དང་གསལ་རིག་ཆ་དེས། ཡ་རང་ཡུལ་ཨཱ་ནི་ཡུལ་དེ་དང་དེའི་གནས་ལུགས་མཐོང་བ་ལ་ཡ་དྲི་མ་དེས་ཨཱ་ནི་སྐྱོན་བརྒྱབ་སོང་བས་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་དེ་གིས་ཨཱ་ནི་གང་རེ་མཐོང་བ་ལ།
  • དགེ་འདུན་པ་ ༡
    རང་གི་ཡུལ་གྱི་གནས་ལུགས་ཇི་ལྟར་བ་བཞིན་དུ་མཐོང་བ་ལ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    རང་གི་ཡུལ་གྱི་གནས་ལུགས་ཇི་ལྟར་བ་བཞིན་དུ་མཐོང་བ་ལ། ཡ་དྲི་མ་དེས་སྐྱོན་བརྒྱབ་སོང་བས་ཡིན་པའི་ཕྱིར།
  • དྲི་མ་དེའི་སྟོབས་ཀྱིས་ཨ་རང་ཡུལ་གྱི་གནས་ལུགས་ཇི་ལྟར་བུ་བཞིན་དུ་མ་མཐོང་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    དྲི་མ་དེའི་སྟོབས་ཀྱིས་གསལ་རིག་གི་ཆ་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག གསལ་རིག་གི་ཆ་དེས།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    རང་ཡུལ་དུ་ཇི་ལྟར་བ་བཞིན་དུ་འཇུག་མི་ནུས་ཆགས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་ཟེར་དུས་ཙམ་ནས་རང་ཡུལ་ལྟ་རང་ཡུལ་ཨཱ་ནི་ལྟ་ཇི་ལྟར་བ་བཞིན་དུ་འཇུག་ཡོག་རེད།
  • དགེ་འདུན་པ་ ༡
    ཇི་ལྟར་བ་བཞིན་དུ་འཇུག་པ་རེད་ད།
  • དགེ་འདུན་པ་ ༢
    འཇུག་ཡོག་རེད།
  • དགེ་འདུན་པ་ ༡
    ཡུལ་གྱི་གནས་ལུགས། གནས་ལུགས་དང་མཐུན་པ།
  • དགེ་འདུན་པ་ ༢
    འཇུག་ཡོག་རེད། ལྟ་ཁོ་ར་གསལ་རིགས་ཀྱི་ཆ། ལྟ་དཔེར་ན་ཤེས་པ་གཅིག་ཤེས་པ་གང་འདྲ་ཞིག་བཞག་པ་ཡིན་ནའང་ཁོ་རང་གི་གསལ་རིག་གི་ཆ་ཟེར་བ་དེ་ཨཱ་ནི་རང་ཉིད་ཡུལ་སྣང་བའི་ཆར་ད་ག་རང་བཞག་པ་རེད་པ།
  • དགེ་འདུན་པ་ ༡
    ཡུལ་སྣང་བ་འདའི་ཟེར་གྱི་མེད་ད།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་ཟེར་བ་དེ།
  • དགེ་འདུན་པ་ ༡
    དེ་ཟེར་གྱི་མེད་ད། རང་ཉིད་ཀྱི་ཤེས་པ་དེ་དང་དེ་སངས་རྒྱས་ཀྱི་ས་ལ་འགྲོ་བ་ལ་རེད་པ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཤེས་པ་དེ་དང་དེ་སངས་རྒྱས་ཀྱི་ས་ལ་འགྲོ་བ་ལ་ཡུལ་གྱི་གནས་སྟངས་དང་མཐུན་པ་ཨང་ཡུལ་གྱི་གནས་སྟངས་ལ་འགྲོ་དགོས་པ་ཡིན་འཇུག་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཡུལ་གྱི་གནས་སྟངས་དང་མཐུན་པ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་དེ། གསལ་རིག་གི་ཆ་དེ་རང་ཡུལ་ལ་འཇུག་པ་རེད་པ།
  • དགེ་འདུན་པ་ ༡
    ཡུལ་ཅན་དེ་ཡང་ཡུལ་དེ་དང་། གནས་སྟངས་དེ་དང་མཐུན་པ་འགྲོ་དགོས་པ་ཡིན་པའི་ཕྱིར་ཕ་གིར།
  • དགེ་འདུན་པ་ ༢
    འོ་ལྟ་ཡུལ་གྱི་གནས་སྟངས་ཨང་གང་འདྲ་ཡོད་པ་ཡིན་ནའང་ལྟ་ད་ག་རེད། ད་ག་རེད། དེ་དང་མཐུན་པ་འཇུག་ཡོག་རེད། ཁོ་རང་ཡུལ་གང་འདྲ་ཞིག་ལ་འཇུག་པ་ཡོད་ནའང་ད་ག
  • དགེ་འདུན་པ་ ༡
    འོ་དེ་དང་མཐུན་པ་འཇུག་ཟེར་ཡག་དེ་རེད་པས། དཔེར་ན་མངོན་པ་ལྟ་བུ་ཡིན་སོང་ན། མངོན་པའི་མདོ་དུ་རུང་བ་ལ་མངོན་པར་འཇུག་པ་ཙམ་མ་ཡིན་པར།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    མངོན་པའི་གནས་ལུགས་ཨཱ་ནི་གང་འདྲ་སེ་གནས་ཡོད་ནའང་དོན་ལ་དེ་དང་མཐུན་པ་འཇུག་དགོས་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    དེ་འདྲ་མི་དགོས་ཟེར།
  • དགེ་འདུན་པ་ ༡
    ཨཱ།
  • དགེ་འདུན་པ་ ༢
    དེ་འདྲ་དགོས་མེད།
  • དགེ་འདུན་པ་ ༡
    དེ་དགོས་པ་ཡིན་པ་དང་ཤེས་པ་དེ་དང་དེས། ཨང་སངས་རྒྱས་ཀྱི་ས་ལ་འགྲོ་མི་འགྲོ་ཟེར་བ་དེས་རེད་པ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཤེས་པ་དེ་དང་དེས་ཡུལ་དེ་ལ་དེའི་གནས་ལུགས་ཨཱ་ནི། ཨང་རྗེན་པར་ཟེར་ཡང་འདྲ། ཇི་ལྟར་བ་བཞིན་དུ་ཨཱ་ནི་གཟིགས་པ་དེ་ལ་འགྲོ་དགོས་པ་ཡིན་པའི་ཕྱིར།
  • གཟིགས་པའི་ངོ་བོ་ལ།
  • དགེ་འདུན་པ་ ༢
    གཟིགས་པའི་ག་པར། གཟིགས་པའི་སྒོ་ནས། ད་བྱེད་དགོས་རེད་པ།
  • དགེ་འདུན་པ་ ༡
    འོ་ཡག གཟིགས་པའི་བློ་ཡི་ངོ་བོར་འགྲོ་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད། དེ་ལྟ་འགྲོ་དགོས་ཀྱི་རེད། སངས་རྒྱས་སར་འགྲོ་དགོས་ཀྱི་རེད།
  • དགེ་འདུན་པ་ ༡
    འོ་འགྲོ་དགོས་ཀྱི་འདུག་ག དགོས་དུས་རྩ་ནས་ཨཱ་ནི་དེ་གནས་སྐབས་དེར་རེད་པ། གནས་སྐབས་དེར་དེ་འདྲ་བའི་ཡིད་ཀྱི་རྣམ་ཤེས་དེས་ཨཱ་ནི་སངས་རྒྱས་ཀྱི་ས་ལ་འགྲོ་མི་ཐུབ་པ་དེ་རེད་པ།
  • ཨང་དྲི་མ་དེའི་སྟོབས་ཀྱིས་ཡིན། དྲི་མ་དེའི་སྟོབས་ཀྱིས་ཡིན་སྟངས་ག་རེ་ཡིན་ཟེར་ན། དྲི་མ་དེའི་སྟོབས་ཀྱིས་ཨཱ་ནི་ཤེས་པ་དེ་དང་དེ་ཡི་ཡུལ་གྱི་སྟངས་ཇི་ལྟར་བ་བཞིན་དུ་མཇལ་མ་ཐུབ་ཡ་རྒྱུ་མཚན་གྱི་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འོ་ཤེས་པ་དེ་གི་ཡུལ་གྱི་གནས་སྟངས་ཇི་ལྟར་བ་བཞིན་དུ་བྱེད་ཐུབ་ཀྱི་མ་རེད།
  • དགེ་འདུན་པ་ ༡
    འོ། བྱས་ཙང་དྲི་མས་སླད་སྟངས་དེ་ཟེར་གྱི་ཡོད་ད།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    དྲི་མས་སླད་སྟངས་དེ།
  • དགེ་འདུན་པ་ ༢
    འོ་ཡུལ་གྱི་གནས་སྟངས་ཇི་ལྟར་བ་བཞིན་དུ་སྦྱར་ཐུབ་ཀྱི་ཡོག་མ་རེད་ལྟ། དྲི་མ་དེའི་སྟོབས་ཀྱིས། གཅིག་པ་རེད།
  • དགེ་འདུན་པ་ ༡
    ཡུལ་གྱི་གནས་སྟངས་ཇི་ལྟར་བཞིན་མཇལ་མ་ཐུབ་པ་དེ་ཡཱ་དྲི་མ་དེའི་བྱེད་ལས་ཀྱིས་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    དྲི་མ་དེའི་བྱེད་ལས་ཀྱིས་ཡིན་པའི་ཕྱིར་སེ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    རེད་ད། དྲི་མ་དེའི་སྟོབས་ཀྱིས་ལྟ་དེ་ཚོ་སྐྱེས་པ་རེད་ལྟ།
  • དགེ་འདུན་པ་ ༡
    དེ་སྐྱེས་པ་རེད་པ།
  • དགེ་འདུན་པ་ ༢
    རེད།
  • དགེ་འདུན་པ་ ༡
    དེ་ཡུལ་ལ་འཇུག་མི་ཐུབ་པ་ཆགས་པ་རེད་པ།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    ཨ་ཡིན་དུས་ཙ་ནས་དྲི་མ་དེ་དང་དེའི་དེ་འདྲ་བའི་ཡིད་ཀྱི་རྣམ་ཤེས་དེ་རང་ཡུལ་ལ་རྨོངས་པ། རྨོངས་པའི་ངོ་བོར་སྐྱེ་བ་ཡིན་པའི་ཕྱིར།
  • རང་གྱི་ཡུལ་ཇི་ལྟར་བ་བཞིན་དུ་མཐོང་བ་ལ་རྨོངས་པ་ཡིན་པའི་ཕྱིར་འོ་ན།
  • དགེ་འདུན་པ་ ༢
    ཨང་ཤེས་པ་ཁོ་རང་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    དེ་འདྲས་རང་མ་རེད།
  • དགེ་འདུན་པ་ ༡
    གནས་ལུགས་ཇི་ལྟར་བ་བཞིན་དུ་མཐོང་བ་ལ་རྨོངས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཤེས་པ་ཁོ་རང་རྨོངས་པ་མ་རེད། ཡིན་ནའི་ཁོ་རང་གི་རྒྱུད་ལ་རྨོངས་པ་ཟེར་བ་རེད་ག་རེ་ཟེར་དགོས་ཀྱི་རེད་དེ་འདྲས་ཤིག་ཡོད་བྱས།
  • དགེ་འདུན་པ་ ༡
    ཤེས་པ་ཁོ་རང་གི་ཁོ་ར་ཡ།
  • དགེ་འདུན་པ་ ༢
    ལྟ་མ་གཞི་རྨོངས་པ་རེད། ལྟ་དེ་མཐོང་བ་དེ་རྨོངས་པ་རེད། དེ་མ་བྱས་པ་བྱས།
  • དགེ་འདུན་པ་ ༡
    གནས་ལུགས་ཇི་ལྟར་བཞིན་མཐོང་ནས་རྨོངས་པ་རེད་པ།
  • དགེ་འདུན་པ་ ༢
    རྨོངས་པ་རེད།
  • དགེ་འདུན་པ་ ༡
    འོ་ཡིན་དུས་ཙ་ནས་ཤེས་པ་དེས་ཨ་ཡུལ་དེའི་གནས་སྟངས་མཐོང་བ་ལ་རྨོངས་པ་ཡིན་པའི་ཕྱིར། རྨོངས་པ་དེ་དྲི་མ་དེ་ལ་བརྟེན་ནས་སྐྱེ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    འོ་སྐྱེས་སོང་ང་།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    རྨོངས་པ་དེ་དྲི་མ་དེ་ལ་བརྟེན་ནས་སྐྱེས་དུས་ཙ་ནས་དེ་འདྲ་བའི་རྨོངས་པའི་ཨཱ་ནི་ཤེས་པ་དེའི་སྟེང་གི་རྨོངས་པའི་ཆ་དེ་དང་། ཡ་ཨང་ཨཱ་ནི་རྨོངས་པ། རྨོངས་པ་ཆ་དེ་དང་ཤེས་པ་དེ་གཉིས་ཨཱ་ནི་གྲུབ་མཐའ་དབྱེར་མེད་ཀྱིས་རྫས་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    རྨོངས་པ་དེ་དང་གང་རེད།
  • དགེ་འདུན་པ་ ༡
    འོ་ཡ། རྨོངས་པའི་ཆ་དེ་དང་ཟེར་ནའི། རྨོངས་པའི་ཆ་གཏོགས་དེ་དང་།
  • དགེ་འདུན་པ་ ༢
    རྨོངས་པའི་ཆ་གཏོགས་ཟེར་ནའི་ཤེས་པ་ཁོ་རང་དེ་ཁོ་ན་ཉིད་མཐོང་བ་རྨོངས་པ་རེད་མ་གཏོགས་སྤྱིར་བཏང་རྨོངས་པ་མ་རེད།
  • དགེ་འདུན་པ་ ༡
    འོ་ཤེས་པ་དེའི་སྟེང་དུ་འོ་ན་ལྟོས་ཨང་། ཤེས་པ་དེའི་སྟེང་དུ་ཡུལ་ལ་ཨཱ་ནི་ཡུལ་གྱི།
  • དགེ་འདུན་པ་ ༢
    ཡུལ་ལ་རྨོངས་པ་མ་རེད།
  • དགེ་འདུན་པ་ ༡
    ཡུལ་གྱི་གནས་ལུགས་ལ་འཇུག་མ་ནུས་པས།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    ཡ་ཆ་ཅིག་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    ཆ་ཅིག་ཡོག་རེད་པ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    དེ་འདྲ་བའི་ཡུལ་ལ་གནས་ལུགས་ལ་འཇུག་མ་ནུས་པའི་ཆ་དེ་དང་ཤེས་པ་དེའི་སྟེང་གི་གསལ་རིག་ཆ་དེ་གཉིས་ཡ་གྲུབ་མཐའ་དབྱེར་མེད་ཀྱི་རྫས་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཨང་ག་རེ། གང་འདྲ་སེ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཡུལ་ལ་འཇུག་མ་ཐུབ་པའི་ཆ་དེ་དང་སེ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    རྟག་མ་གྲུབ། གང་འདྲ་སེ།
  • དགེ་འདུན་པ་ ༡
    མ་རེད་པས།
  • དགེ་འདུན་པ་ ༢
    གང་འདྲ་སེ། གང་འདྲ་སེ།
  • དགེ་འདུན་པ་ ༡
    ཡུལ་ལ་འཇུག་མ་ཐུབ་པའི་ཡུལ་གྱི་གནས་ལ་རེད་ད།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    སྤྱིར་བཏང་ཡུལ་དུ་ཟེར་གྱི་མེད་ད།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ཡུལ་གྱི་གནས་ལུགས་ལ་ཇི་ལྟར་བ་བཞིན་དུ་འཇུག་མི་ནུས་པའི་ཆ་འདི་དང་།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ཤེས་པ་དེའི་སྟེང་གི་ཨཱ་ནི་གསལ་རིག་ཆ་དེ་གཉིས་གྲུབ་མཐའ་དབྱེར་མེད་ཀྱི་རྫས་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཡུལ་ལ་འཇུག་མ་ཐུབ་པའི་ཆ་འདི་དང་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འདི་འདྲས་ཡིན་གྱི་མ་རེད། མ་ཡིན་ཟེར།
  • དགེ་འདུན་པ་ ༡
    མ་ཡིན་ན་དེའི་སྟེང་གི་ཡུལ་ལ་འཇུག་མ་ནུས་པའི་ཆ་དེ་ཨཱ་ནི་ཁོ་རང་གི་སྟེང་ནས་ཆ་ཤས་ཀྱི་ཆོས་ཤིག་མ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    ཡུལ་ལ་འཇུག་མ་ཐུབ་པའི་ཆ་དེ་ཁོ་རང་གི་ད་གིན་ཆ་ཤས་ཡིན་པའི་ཆ། རེད། རེད། རེད།
  • དགེ་འདུན་པ་ ༡
    ཆ་ཤས་རེད་པ།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    འོ་ཁོ་རང་གི་སྟེང་དུ་ཆ་ཤས་ཡིན་དུས་ཁོ་རང་གི་སྟེང་དུ་རྫས་ཡིན་པའི་ཕྱིར། [ཐལ་མོའི་རྡེབ་སྒྲ།]
  • དགེ་འདུན་པ་ ༢
    རྫས། ལྟ་ལུགས་འདི་རེད་པ།
  • དགེ་འདུན་པ་ ༡
    རྫས་སུ་ཟེར་ནའི། ལྟ་འགྲིག་གི་ཡོད་ཀྱི་རེད། རྫས། རྫས་ཨེ་ཡིན།
  • དགེ་འདུན་པ་ ༢
    རྫས་ཡིན་ཟེར་གྱི་ཡོད་འགྲོ།
  • དགེ་འདུན་པ་ ༡
    ཨཱ།
  • དགེ་འདུན་པ་ ༢
    ལུགས་དེ་ལ་རྫས་ཁས་ལེན་གྱི་རེད།
  • དགེ་འདུན་པ་ ༡
    རྫས་མིན་ཟེར་གྱི་རེད་པས།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    རྫས་མིན་ཟེར་ནའི་འདྲ་འདི་ཡོད་ཟེར་ན། དེའི་སྟེང་གི་ཨཱ་ནི་ཆ་ཤས་ཡིན་པ།
  • དགེ་འདུན་པ་ ༢
    ཆ་ཤས་ཡིན་ཟེར་གྱི་རེད།
  • དགེ་འདུན་པ་ ༡
    ཨཱ་ནི་དེའི་སྟེང་གི་ཆ་ཤས་ཡིན་དུས། ཡཱ་རང་ཉིད་ཀྱི་ངོ་བོ། ངོ་བོར་གྱུར་བའི་ཆོས་ཡིན་པའི་ཕྱིར། [ཐལ་མོའི་རྡེབ་སྒྲ།]
  • དེའི་སྟེང་གི
  • དགེ་འདུན་པ་ ༢
    ངོ་བོར་སྐྱེས་པའི་ཆོས་ཨས།
  • དགེ་འདུན་པ་ ༡
    འོ་ཡག དེ་དང་ངོ་བོ་གཅིག་ཨ་ཡིན།
  • དགེ་འདུན་པ་ ༢
    ངོ་བོ་གཅིག་རེད།
  • དགེ་འདུན་པ་ ༡
    ཤེས་པ་དེ་དང་།
  • དགེ་འདུན་པ་ ༢
    འདོད་ཟེར། འདོད་ཟེར། ངོ་བོ་གཅིག་རེད།
  • དགེ་འདུན་པ་ ༡
    རེད་པ། ཡིན་དུས་ཙ་ནས་ཨཱ་ནི་ངོ་བོ་དབྱེར་མེད་ཨེ་ཡིན།
  • དགེ་འདུན་པ་ ༢
    ངོ་བོ་དབྱེར་མེད་རེད།
  • དགེ་འདུན་པ་ ༡
    ངོ་བོ་དབྱེར་མེད་རེད་པ། ཡིན་དུས་ཙ་ནས་དེའི་སྟེང་གི་གསལ་རིག་ཆ་དེ་དང་ངོ་བོ་དབྱེར་མེད་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་འདི་དང་གང་རྨོངས་པའི་ཆ་དེ།
  • དགེ་འདུན་པ་ ༡
    འོ་འོ། དེའི་སྟེང་དུ་རྨོངས་པ་ཆ།
  • དགེ་འདུན་པ་ ༢
    དེ་ཁོ་ན་ཉིད་ལ་རྨོངས་པ་མ་རེད་ལྟ། ཁོ་རང་སྤྱིར་བཏང་གསལ་རིག་གི་ཆ་ཡུལ་གསལ་བའི་ཆ་རེད། ཡིན་ནའང་དེ་ཁོ་ན་ཉིད་ལ་རྨོངས་པ་ཙམ་གྱིས་ཁོ་རོང་རྨོངས་ལ་འགྲོ་ཐུབ་ཀྱི་མ་རེད།
  • དགེ་འདུན་པ་ ༡
    རྨོངས་པ་འགྲོ་གི་མི་འདུག ཟེར་གྱི་མེད་ད། དེ་ཁོ་ན་ཉིད་ནས་རྨོངས་པ། ཡུལ་གྱི་གནས་ལུགས་ལ་ཇི་ལྟར་བ་བཞིན་དུ་མཐོང་བ་ལ་རྨོངས་པ་ཞིག་འདུག་ག
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    འོ་འདི་དང་གསལ་རིག་གི་ཆ་དེ་གཉིས་གཉིས་ཡ་ངོ་བོ་གཅིག་པ་ཨེ་ཡིན། [ཐལ་མོའི་རྡེབ་སྒྲ།]
  • དགེ་འདུན་པ་ ༢
    ཤེས་པ་ཁོ་རང་རེད་པ་ལྟ།
  • དགེ་འདུན་པ་ ༡
    འོ། ལྟ་གང་ལྟར་ཤེས་པ་ཁོ་རང་ཨ་ཡིན།
  • དགེ་འདུན་པ་ ༢
    རེད། ངོ་བོ་དབྱེར་མེད་རེད། ཤེས་པ་ཁོ་རང་རེད།
  • དགེ་འདུན་པ་ ༡
    རེད་པ། ཡིན་དུས་ཙ་ནས་འཇོག་རྒྱུ་ཤེས་པ་ཁོ་རང་ལའི་ལོགས་སུ་བཞག་རྒྱུ་མེད་ནའང་། དེ་གཉིས་གཉིས་ནང་ཕན་ཚུན་ངོ་བོ་གཅིག་ཡིན། ཐ་དད་ཡིན།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་དེ་དང་དེ་ཁོ་ན་ཉིད་ལ་རྨོངས་པ་གཉིས།
  • དགེ་འདུན་པ་ ༡
    རྨོངས་པའི་ཆ་དེ།
  • དགེ་འདུན་པ་ ༢
    ལྟ་ངོ་བོ་གཅིག་རེད། ལྟ་སོ་སོ་སྐྱེ་བ་མཐའ་མའི་རྒྱུན་དེ་རེད་པ།
  • དགེ་འདུན་པ་ ༡
    འོ་ཡིན་དུས་ངོ་བོ་གཅིག་རེད་འདུག་ག
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཡིན་དུས་ཙམ་ནས་དེ་གཉིས། ཨང་དེ་གཉིས་སྐད་ཅིག་གི་རྒྱུ་ཡང་ཡཱ་གཅིག་པ་ཡིན་པའི་ཕྱིར། [ཐལ་མོའི་རྡེབ་སྒྲ།]
  • དགེ་འདུན་པ་ ༢
    དེ་གཉིས་སྐད་ཅིག་གི་རྒྱུ་ལ་གཅིག་པའི་ངེས་པ་ཡོད་མ་རེད།
  • དགེ་འདུན་པ་ ༡
    ཨང་གཅིག་གི་ངེས་པ་མེད་བྱས། དེ་གཉིས་སྐད་ཅིག་གི་རྒྱུ་ལོགས་སུ་བཞག་རྒྱུ་བྱས།
  • དགེ་འདུན་པ་ ༢
    ཁོ་རང་གསལ་རིག་གི་ཆ་་་
  • དགེ་འདུན་པ་ ༡
    ལྟ་སྒུག་སྒུག་ཨང་། དེ་གཉིས་སྐད་ཅིག་གི་རྒྱུ་ལོགས་སུ་བཞག་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    སྐད་ཅིག་གི་རྒྱུ་གཅིག་ཡིན་པ་ཡོད་རེད། ཡང་སྐད་ཅིག་གི་རྒྱུ་ཁོ་རང་རྨོངས་པའི་ངོ་བོར་སྐད་ཅིག་དེ་དང་། གསལ་རིག་གི་ཆ་ངོ་བོ་སྐད་ཅིག་དེ་གཉིས་རྒྱུ་ཁག་ཁག་རེད།
  • དགེ་འདུན་པ་ ༡
    གསལ་རིག་ཆ་ངོ་བོ་སྐད་ཅིག་རྒྱུ་དང་དེ་གཉིས་ཁག་ཁག་རེད་པ།
  • དགེ་འདུན་པ་ ༢
    སྐད་ཅིག་དང་། ཨཱ་ནི་རྨོངས་པའི་ངོ་བོར་སྐད་ཅིག་རྒྱུ་དེ་གཉིས་ཁག་ཁག་རེད། ཡིན་ནའི་ཤེས་པ་ཁོ་རང་སྐད་ཅིག་རྒྱུ་ལྟ་ཁོ་གཉིས་རྒྱུ་གཅིག་ཞོག་ཟེར་ན་ཤེས་པ་ཁོ་རང་སྐད་ཅིག་གི་རྒྱུ་ད་ག་རང་། གཉིས་ཀ་གི་རྒྱུ་ཡིན་ཟེར་ན་འགྲིག་གི་རེད།
  • དགེ་འདུན་པ་ ༡
    འོ། འོ་ན་དེའི་སྟེང་གི་གསལ་རིག་གི་ཆ་་་
  • དགེ་འདུན་པ་ ༢
    རྨོངས་པའི་ངོ་བོ་གྱུར་བྱས་བདག་ཉིད་དྲི་མ་དེའི་སྟོབས་ལ་ད་ལྟའི་གྱི་སྟོབས་ཀྱི་ལྟ་རྨོངས་པའི་ངོ་བོ་ལ་སྐྱེས་པ་རེད་ཟེར།
  • དགེ་འདུན་པ་ ༡
    འོ་རྨོངས་པའི་ངོ་བོར་སྐྱེས་སོང་ང་། རང་ཡུལ་གནས་ལུགས་ཇི་ལྟར་བ་བཞིན་དུ་མཐོང་མ་ནུས་པའི་ངོ་བོར་སྐྱེས་སོང་ང་།
  • དགེ་འདུན་པ་ ༢
    རེད། འདོད་ཟེར།
  • དགེ་འདུན་པ་ ༡
    དེ་འདྲ་བ་སྐྱེ་དུས་ཙ་ནས་ཨཱ་ནི་གསལ་རིག་གི་ཆ་དེ་ཡང་རྨོངས་པའི་རྨོངས་སྟོབས་ཀྱིས་དེའི་ངོ་བོར་སྐྱེས་པ་ཡིན་པའི་ཕྱིར། [ཐལ་མོའི་རྡེབ་སྒྲ།]
  • དགེ་འདུན་པ་ ༢
    རྨོངས་པའི་སྤོབས་ཀྱིས་ཁོ་རང་གསལ་རིག་གི་ཆར་ངོ་བོར་སྐྱེས་པ་ཡིན་པའི་ཟེར་ཨས།
  • དགེ་འདུན་པ་ ༡
    ཟེར་གྱི་མེད་ད། གསལ་རིག་ཆ་དེ་ཡང་རྨོངས་པའི་སྟོབས་ཀྱིས་ཡུལ་གྱི་གནས་ལུགས་ཇི་ལྟར་བ་བཞིན་དུ་མཐོང་མི་ནུས་པས། ཡཱ་འདུལ་བྱ་ངོ་བོར་སྐྱེས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་ཁོ་རང་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ངོ་བོ་སྐྱེས་པ་ཡིན་པའི་ཕྱིར། རེད་དེ།
  • དགེ་འདུན་པ་ ༡
    འོ་ངོ་བོར་སྐྱེས་སོང་ང་།
  • དགེ་འདུན་པ་ ༢
    རེད། དེ་ཁོ་རང་རེད་པ།
  • དགེ་འདུན་པ་ ༡
    ལྟ་སྐྱེས་དུས་ཙམ་ནས་ལྟ་ཤེས་པ་དེ་དང་དེ། ཤེས་པ་དེ་དང་དེས་ཡཱ་འོ་ན་ཤེས་པ་དེ་དང་དེ་དྲི་མའི་ངོ་བོར་སྐྱེས་སོང་ན། རེད་པ། ཤེས་པ་དེ་དང་དེ་དྲི་མའི་ངོ་བོར་སྐྱེས་སོང་ན་དེའི་སྟེང་གི་གསལ་རིག་ཆ་དེ་དྲི་མའི་ངོ་བོར་སྐྱེ་དགོས་པ་ཐལ། [ཐལ་མོའི་རྡེབ་སྒྲ།]
  • དགེ་འདུན་པ་ ༢
    ཤེས་པ་དེ་ཨཱ་ནི་དྲི་མའི་ངོ་བོར་སྐྱེས་སོང་ན། དེ་དང་གསལ་རིག་གི་ཆ་དྲི་མའི་ངོ་བོར་སྐྱེས་པའོ།
  • དགེ་འདུན་པ་ ༡
    གསལ་རིག་གི་ཆ་དྲི་མའི་ངོ་བོར་སྐྱེས་དགོས་པ་ཐལ།
  • དགེ་འདུན་པ་ ༢
    དྲི་མའི་ངོ་བོར་སྐྱེས་དགོས་པ་དེ་ཤེས་པ་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འདི་དགོས་རེད།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    དགོས་རེད།
  • དགེ་འདུན་པ་ ༡
    འོ་དགོས་རེད་པས། དགོས་སོང་ན།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་ཨས། དེ་གང་་་སྐད་ཆ་རེད་པ།
  • ཤེས་པ་དེ་དྲི་མའི་ངོ་བོར་སྐྱེས་སོང་ན་དེ་སྟེང་གི་གསལ་རིག་གི་ཆ་དྲི་མའི་ངོ་བོར་སྐྱེ་དགོས་ཟེར།
  • དགེ་འདུན་པ་ ༡
    སྐྱེས་དགོས་རེད་པ།
  • དགེ་འདུན་པ་ ༢
    གསལ་རིག་གི་ཆ་དེ་ཡིན་གྱི་རེད་ལྟ།
  • དགེ་འདུན་པ་ ༡
    སྐྱེ་དགོས་སོང་ན་ཤེས་པ་དེ་དང་བདེན་འཛིན་གྱི་ངོ་བོར་སྐྱེ་སོང་ན་དེའི་སྟེང་གི་གསལ་རིག་གི་ཆ་བདེན་འཛིན་ངོ་བོར་སྐྱེས་དགོས་པ་ཐལ། [ཐལ་མོའི་རྡེབ་སྒྲ།]
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    འོ་དགོས་སོང་ང་། ལྟ་ཤེས་པ་དེ་དྲི་མས་སླད་སོང་ན་དེའི་གསལ་རིག་གི་ཆ་ལ་དྲི་མས་སླད་དགོས་པ་ཐལ། [ཐལ་མོའི་རྡེབ་སྒྲ།]
  • དགེ་འདུན་པ་ ༢
    དེ་དགོས་མ་རེད།
  • དགེ་འདུན་པ་ ༡
    འོ། མི་དགོས་ན་ཤེས་པ་དེ་དང་དེ་དྲི་མའི་ངོ་བོར་སྐྱེས་སོང་ན་དེའི་སྟེང་གི་གསལ་རིག་ཆ་དེ་དྲི་མའི་ངོ་བོར་སྐྱེ་མེད་དེ། [ཐལ་མོའི་རྡེབ་སྒྲ།]
  • དགེ་འདུན་པ་ ༢
    དྲི་མའི་ངོ་བོར་སྐྱེས་སོང་ན། དྲི་མའི་ངོ་བོར་སྐྱེ་སྟངས་དྲི་མ་ཡིན་པའི་ངོ་བོར་སྐྱེ་སྟངས། དྲི་མ་ཡིན་སྟངས་ད་ག་རེད།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    དྲི་མ་ཡིན་སྟངས།
  • དགེ་འདུན་པ་ ༡
    ཤེས་དེ་དང་དེ། བྱས་ཙང་།
  • དགེ་འདུན་པ་ ༢
    ཤེས་པ་དེ། ཤེས་པ་དེ་དྲི་མ་ཡིན་སོང་ན། ཤེས་པ་དེའི་སྟེང་གི་གསལ་རིག་གི་ཆ་དེ་ཡང་དྲི་མས། འོ་གསལ་རིག་གི་ཆ་ཟེར་ནའི་མ་ཟེར་ནའི་ཨཱ་ནི་ཁོ་རང་གསལ་རིག་གི་ཆ་ཁ་རང་གང་རེད་ཟེར་ན་ཁོ་རང་དྲི་མའི་ངོ་བོར་སྐྱེ་བ་རེད། གསལ་རིག་གི་ཆ་ཁོ་རང་།
  • དགེ་འདུན་པ་ ༡
    དྲི་མའི་ངོ་བོར། གསལ་རིག་གི་ཆ་དྲི་མའི་ངོ་བོར་སྐྱེས་དགོས་རེད་པ། རང་བྱས་ཙང་།
  • དགེ་འདུན་པ་ ༢
    དྲི་མ་ཡིན་དགོས་རེད།
  • དགེ་འདུན་པ་ ༡
    དྲི་མ་ཡིན་དགོས་རེད་པ།
  • དགེ་འདུན་པ་ ༢
    ཡིན་དགོས་རེད། ཁོ་རང་བཤད་ཡག་དེ་དྲི་མ་ཡིན་སོང་ན། འོ་ལྟ་ཤེས་པ་དང་གསལ་རིག་གི་ཆའང་དྲི་མ།
  • དགེ་འདུན་པ་ ༡
    ཤེས་པ་དེ་དྲི་མ་ཡིན་ཟེར་ན་སྔར་ཤེས་པ་དེ་དྲི་མ་ཡིན་ཞིང་། ཕྱིའི་གཉེན་པོའི་སྟོབས་ལ་བརྟེན་ནས་དྲི་མ་དེ་གསལ་བ་ན། དེའི་སྟེང་གི་གསལ་རིག་གི་ཆ་དེ། སངས་རྒྱས་ཀྱི་ས་ལ་འགྲོ་མཁན་གསལ་རིག་གི་ཆ་ལྷག་རྒྱུ་མེད་པ་ཐལ་འོ་ན།
  • དགེ་འདུན་པ་ ༢
    ཨཱ་ཤེས་པ་ལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    གང་འདྲ་སེ།
  • དགེ་འདུན་པ་ ༡
    ཤེས་པ་དེ་དང་དེ་གནས་སྐབས་དྲི་མ། ཨ་་་།
  • དགེ་འདུན་པ་ ༢
    དྲི་མའི་ངོ་བོར་སྐྱེས།
  • དགེ་འདུན་པ་ ༡
    རྐྱེན་གཞན་གྱི་དབང་གིས་དྲི་མ་ཡིན་ཞིང་། དྲི་མའི་ངོ་བོར་སྐྱེས་ཤིང་།
  • དགེ་འདུན་པ་ ༢
    དེ་འདྲས་ཡོད་མ་རེད།
  • དགེ་འདུན་པ་ ༡
    ཨཱ་ནི་གཉེན་པོ། གཉེན་པོའི་སྟོབས་ཀྱིས་རེད་པ། གཉེན་པོའི་སྟོབས་ཀྱིས་དྲི་མ་གསལ་བ་ལ་བརྟེན་ནས་དེའི་སྟེང་གི་གསལ་རིག་གི་ཆ་གཅིག་ཨཱ་ནི་སངས་རྒྱས་ས་ལ་འགྲོ་མཁན་མེད་པ་ཐལ།
  • དགེ་འདུན་པ་ ༢
    ཡོད་མ་རེད་དེ།
  • དགེ་འདུན་པ་ ༡
    དེ་ཡོད་མ་རེད་པས།
  • དགེ་འདུན་པ་ ༢
    འོ། བདེན་འཛིན་སྟེང་ལ་གསལ་རིག་གི་ཆ་ལྟ་སངས་རྒྱས་ལ་འགྲོ་གི་མ་རེད།
  • དགེ་འདུན་པ་ ༡
    ཡོད་མ་རེད་པ།
  • དགེ་འདུན་པ་ ༢
    ཡོད་མ་རེད། ཡོད་མ་རེད།
  • དགེ་འདུན་པ་ ༡
    འོ་ན་ཡ་མི་དགོས་ན། ཤེས་པ་དེ་དང་།
  • དགེ་འདུན་པ་ ༢
    ཁོ་འགག་ཚར་བ་རེད་ལྟ།
  • དགེ་འདུན་པ་ ༡
    ཤེས་པ་དེ་དང་དེ་དྲི་མ་སྐྱེ་ཕྱིན་ཆད། དེའི་ཆ་ཤས་ཐམས་ཅད་ནས་ཡར་དྲི་མའི་ངོ་བོར་སྐྱེ་དགོས་པ་ཐལ།
  • དགེ་འདུན་པ་ ༢
    ཤེས་པ་དེ་དྲི་མའི་ངོ་བོར་སྐྱེ་དུས་ཙ་ནས་དེ་ཡི་ཆ་ཤས་ཆ་ཤས་གང་ག་ལ་དྲི་མའི་ངོ་བོར་སྐྱེ་དགོས་ཀྱི་ཡོད་ཀྱི་རེད། འདོད་ཟེར།
  • དགེ་འདུན་པ་ ༡
    འོ་སྐྱེ་དགོས་སོང་ང་། ཤེས་པ་དེ་བདེན་འཛིན་ངོ་བོར་སྐྱེ་དུས་ཙ་ནས་དེའི་ཆ་ཤས་ཐམས་ཅད་བདེན་འཛིན་ངོ་བོར་སྐྱེ་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་འཛིན་གྱི་ངོ་བོ་ལ་སྐྱེ་དགོས་པ་ཡིན་པ་ཕྱིར་ཟེར་ཨས། འདོད་ཟེར།
  • དགེ་འདུན་པ་ ༡
    འོ་སྐྱེ་དགོས་སོང་ང་། སྐྱེ་སོང་ན་འོ་ན་ཤེས་པ་དེ་བདེན་འཛིན་གྱི་ངོ་བོ་སྐྱེ་སོང་ན་དེའི་ཆ་ཤས་ཐམས་ཅད་ནས་བདེན་འཛིན་ངོ་བོ་ལ་སྐྱེ་སོང་ན། ཨཱ་ནི་བདེན་འཛིན་སྤངས་ཟེར་ནའི་ལྟ་བདེན་འཛིན་དེ་སྟངས་དུས། རེད་པ། བདེན་འཛིན་དེ་སྤངས་སོང་ན། དེའི་ཆ་ཤས་ཐམས་ཅད་ནས་ཟེར་ནའི་རེད། དེའི་རྫས་རྒྱུ་དང་བཅས་པ་ཡ་ཡོངས་སུ་སྤང་དགོས་པ་ཡིན་པའི་ཕྱིར། [ཐལ་མོའི་རྡེབ་སྒྲ།]
  • དགེ་འདུན་པ་ ༢
    བདེན་འཛིན་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    སྤང་དགོས་རེད།
  • དགེ་འདུན་པ་ ༡
    སྤང་དགོས་རེད་པས།
  • དགེ་འདུན་པ་ ༢
    འོ་འོ། ལྟ་རིགས་རྒྱུན་ཆ་ཚང་སྤང་དགོས་རེད། ལྟ་རྫས་རྒྱུན་ཟེར་ནའི་རིགས་རྒྱན་ཆ་ཚང་སྤང་དགོས་རེད།
  • དགེ་འདུན་པ་ ༡
    འོ་རྫས་རྒྱུན་དང་ཆ་ཚང་སྤང་དགོས་པ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    རྫས་རྒྱུན་རང་ཟེར་ནའི་ཡང་ཁོས་འབྲས་བུར་རྒྱུར་བའི་ལྟ་ག་རེ་ཟེར་དགོས་ཀྱི་རེད། བདེན་འཛིན་དེ་་་།
  • དགེ་འདུན་པ་ ༡
    རྫས་རྒྱུན་བྱས་སྔ་ཕྱི་གང་ག་སྤང་དགོས་པ་ཡིན་པའི་ཕྱིར་གང་ལྟར།
  • དགེ་འདུན་པ་ ༢
    ཨ།
  • དགེ་འདུན་པ་ ༡
    རྫས་རྒྱུན་སྔ་ཕྱི་ཐམས་ཅད་སྤང་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    རྫས་རྒྱུན་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    རྫས་རྒྱུན། རྫས་རྒྱུན་སྤང་དགོས་པ་ཡིན་པའི་ཕྱིར་ཟེར་ཨས།
  • དགེ་འདུན་པ་ ༡
    འོ།
  • དགེ་འདུན་པ་ ༢
    སྤང་དགོས་ཟེར།
  • དགེ་འདུན་པ་ ༡
    སྤང་དགོས་བྱས། རེད་པ། ལྟ་རྫས་རྒྱུན་ཕྱི་མ་སྤངས་བ་ཐམས་ཅད་སྤང་དགོས་དུས་ཙ་ནས་འོ་ན་ལྟོས་ཨང་། དཔེར་ན་བདེན་འཛིན་ཆེན་པོའི་ཆེན་པོ་ཨ་ཡོད། བདེན་འཛིན་ཆེན་པོའི་ཆེན་པོ་ལྟ་བུ་ཞིག་རེད་པ།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    བདེན་འཛིན་ཆེན་པོའི་ཆེན་པོ་ཆེ་འབྲིང་སྒོ་གསུམ། ཆུང་འབྲིང་ཆེ་གསུམ་སྒོ་གསུམ་ཡོད་རེད་པ།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    སྒོ་[གསུམ་]ཡོད་དུས་ཙ་ནས་དེ་ལྟ་བུའི་སྒོ་དེ། ཡ་ཨཱ་ནི་ནང་ཕན་ཚུན་རྫས་རྒྱུན་གཅིག་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ནང་ཕན་ཚུན་རྫས་རྒྱུན་གཅིག་པ་ཡིན་པའི་ཕྱིར་ཟེར་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འོ་རེད། རྫས་རྒྱུན་གཅིག་པ་རེད།
  • དགེ་འདུན་པ་ ༡
    རྫས་རྒྱུན་གཅིག་པ་རེད་འདུག་ག
  • དགེ་འདུན་པ་ ༢
    རེད།
  • དགེ་འདུན་པ་ ༡
    ཡིན་དུས་ཙ་ནས་ཆེན་པོའི་ཆེན་པོ་དང་། ཨཱ་ནི་ཆེན་པའི་འབྲིང་དེ་གཉིས་ཡང་རྫས་རྒྱུན་སྔ་ཕྱི་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    རྫས་རྒྱུན་སྔ་ཕྱི་ཡིན་པའི་ཕྱིར་ཟེར་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འོ་རྫས་རྒྱུན་སྔ་ཕྱི། རྫས་རྒྱུན་སྔ་ཕྱི་ཡིན་པའི་ཕྱིར་ཟེར་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    རྫས་རྒྱུན་སྔ་ཕྱི་ཡིན་ཟེར།
  • དགེ་འདུན་པ་ ༡
    འོ་ཡིན་དུས་ཙ་ནས་བདེན་འཛིན་ཆེན་པོ་ཆེན་པོ་སྤངས་བའི་ཨཱ་ནི་བདེན་འཛིན་ཆུང་ངུ་རྒྱུད་ལ། ཨང་ཆེན་པོའི་ཆེན་པོ་སྤངས་བའི་རེད་པ། ཆེན་པོའི་འབྲིང་རྒྱུན་ལ་བརྟེན་པས་གང་ཟག་དེའི་རྒྱུད་བདེན་འཛིན་ཆེན་པོ་ཆེན་པོའི་ཨ་རྫས་རྒྱུན་ཕྱི་མ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    འོ་འདི་ཡོད་རེད། དེ་ཡིས་ཡང་བདེན་འཛིན་སྤངས་ཡོད་མ་རེད་པ།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    བདེན་འཛིན།
  • དགེ་འདུན་པ་ ༡
    རྫས་རྒྱུན་དང་བཅས་པ་སྤངས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    རྫས་རྒྱུན་དང་བཅས་པ་སྤངས་པ་མ་རེད་དེ།
  • དགེ་འདུན་པ་ ༡
    དེ་རྫས་རྒྱུན་དང་བཅས་པ་སྤངས་བ་ཡིན་པ་དང་ལམ་བཟང་མིན་གྱི་སྟོབས་ཀྱིས་སྤངས་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་འཛིན་རྫས་རྒྱུན་དང་བཅས་པ་སྤངས་བ་ཡིན་པ་ཐལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག ཆེན་པོའི་ཆེན་པོ་རེད་ད། བདེན་འཛིན་ཟེར་གྱི་མེད། སྤྱིར་བཏང་ནས་ཟེར་གྱི་མེད་ད།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    དེ་འདྲ་བའི་གང་ཟག་དེས་འཛིན་བདེན་ཆེན་པོའི་ཆེན་པོ་སྤངས་བས་རེད་པ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    སྤངས་བའི་གང་ཟག་གིས་ཨཱ་ནི་གང་ཟག་དེའི་རྒྱུད་ལ་ཨཱ་ནི་གང་ཟེར་བདེན་འཛིན་ཆེན་པོའི་ཆུང་ངོ་དང་འབྲིང་ལ་སོགས་པ་མེད་པ་ཐལ།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ཨང་འབྲིང་ལ་སོགས་པ་དེ་རྣམས་ཡ་བདེན་འཛིན་ཆེན་པོའི་ཆེན་པོའི་རྫས་རྒྱུན་ཕྱི་མ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་འཛིན་ཆེན་པོའི་ཆེན་པོའི་རྫས་རྒྱུན་ཕྱི་མ་ཡིན་པའི་ཕྱིར་ཟེར་རེད་པ། ཁྱབ་པ་མ་བྱུང་ཟེར།
  • དགེ་འདུན་པ་ ༡
    ཁྱབ་པ་བྱུང་བ་ཡིན་པ་དང་ལམ་བཟང་མིན་གྱི་སྟོབས་ཀྱིས་སྤངས་སོང་ན་སྒྲིབ་པ་དེ་དང་དེ་ཡ་རྫས་རྒྱུན་དང་བཅས་པ་སྤང་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    རྫས་རྒྱུན་དང་བཅས་པ་སྤང་དགོས་པ་ཡིན་པའི་ཕྱིར། ལམ་བཟང་མིན་གྱི་སྟོབས་ཀྱིས། ལམ་བཟང་མིན་གྱི་སྟོབས་ཀྱིས་བདེན་འཛིན་དེ་སྤངས་སོང་ན་ཨས། མི་དགོས་ཟེར་ཡག་རེད་བྱས་ན།
  • དགེ་འདུན་པ་ ༡
    འོ་ལྟ་མི་དགོས་རེད་པ།
  • དགེ་འདུན་པ་ ༢
    མི་དགོས་ཟེར་ན་འགྲིག
  • དགེ་འདུན་པ་ ༡
    མི་དགོས་ཟེར་དུས་ཙ་ནས་ཨཱ་ནི་སྒྲིབ་དེ་དང་དེ་སྤངས་སོང་ན་རྫས་རྒྱུན་དང་བཅས་པ་ལམ་བཟང་མིན་གྱི་སྤོབས་ཀྱིས་སྤངས་ཚུལ་དེ་རེད་པ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཡ་རྫས་རྒྱུན་དང་བཅས་པ་སྤངས་ཚུལ་མ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    རྫས་རྒྱུན་དང་བཅས་པ་སྤངས་ཚུལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    མ་ཡིན་ཟེར། ལྟ་ངེས་པ་མི་འདུག
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    སྤངས་པའི་ཁྱབ་པ་མི་འདུག་ཟེར།
  • དགེ་འདུན་པ་ ༡
    འོ། འོ་ན་བདེན་འཛིན་སྤངས་སོང་ན་བདེན་འཛིན་རྫས་རྒྱུན་དང་བཅས་པ་སྤངས་མེད་པ་ཐལ།
  • དགེ་འདུན་པ་ ༢
    བདེན་འཛིན་སྤངས་སོང་ན་སྤངས་བ་རེད།
  • དགེ་འདུན་པ་ ༡
    འོ་འདའི།
  • དགེ་འདུན་པ་ ༢
    དེ་བདེན་འཛིན་སྤངས་སོང་ན་བདེན་འཛིན་རྫས་རྒྱུན་དང་བཅས་པ་སྤང་དགོས་རེད། བདེན་འཛིན་སྤངས་སོང་ན་བདེན་འཛིན་ཨཱ་ནི་ཆེ་འབྲིང་ཆུང་གསུམ་ཆ་ཚང་སྤང་དགོས་རེད་པ།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    ཆེ་འབྲིང་ཆུང་གསུམ་ཆ་ཚང་སྤང་དགོས་རེད་པ།
  • དགེ་འདུན་པ་ ༡
    བྱས་ཙང་ཆེན་པོ་སྤངས་ནའི་རྫས་རྒྱུན་དང་བཅས་པ་དགོས་པ་ཐལ།
  • དགེ་འདུན་པ་ ༢
    ཆེན་པོ་སྤངས་ན།
  • དགེ་འདུན་པ་ ༡
    སྤངས་ཚུལ་དེ་ས་བོན་དང་བཅས་པ་སྤངས་ཚུལ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ས་བོན་དང་བཅས་པ་སྤང་དགོས་རེད།
  • དགེ་འདུན་པ་ ༡
    རེད་པ།
  • དགེ་འདུན་པ་ ༢
    ས་བོན་དང་བཅས་པ་སྤང་དགོས་རེད་མ་གཏོགས་ཤིག་རྫས་རྒྱུན་དང་བཅས་པ་སྤང་དགོས་ཡག་སེ་ཡོད་མ་རེད།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    ས་བོན་དང་བཅས་པ་སྤང་དགོས་རེད།
  • དགེ་འདུན་པ་ ༡
    ཁོའི་རྫས་རྒྱུན་སྤངས་མ་སོང་ང་ལྟ།
  • དགེ་འདུན་པ་ ༢
    རྫས་རྒྱུན་ཕྱི་མ། ཁོང་རང་གི་རྫས་རྒྱུན་ཕྱི་མ་ཡོད་རེད།
  • དགེ་འདུན་པ་ ༡
    རྫས་རྒྱུན་ཕྱི་མ།
  • དགེ་འདུན་པ་ ༢
    ཡོད་རེད།
  • དགེ་འདུན་པ་ ༡
    འོ་རྫས་རྒྱུན་ཕྱི་མ་ཡོད་དུས་ཙ་ནས་དེ་འདྲ་བའི་གང་ཟག་དེའི་རྒྱུད་ལ་བདེན་འཛིན་ཆེན་པོའི་ཆེན་པོའི་རྫས་རྒྱུན་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    [ཐལ་མོའི་རྡེབ་སྒྲ།] བདེན་འཛིན་ཆེན་པོའི་ཆེན་པོའི་རྫས་རྒྱུན་ཕྱི་མ་དེ་ཡ་དེ་འདྲ་བའི་བདེན་འཛིན་སྨྲ་བ་བར་དུ་འཇུག་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་འཛིན་མ་སྤངས་བར་དུ་བདེན་འཛིན་ཆེན་པོའི་ཆེན་པོའི་རྫས་རྒྱུན་ཡོད་རེད། འ་ལྟ།
  • དགེ་འདུན་པ་ ༡
    ཨ་ཨེ་ཡིན།
  • དགེ་འདུན་པ་ ༢
    ཡོད་ཟེར།
  • དགེ་འདུན་པ་ ༡
    བདེན་འཛིན་སྤངས་ནས་དེ་ཡིན་དུས་རྩ་ནས་གཅིག་པ་རེད་ཡ། འོ་ན་བདེནའཛིན་ཆེན་པོ་ཆེན་པོའི་རྫས་རྒྱུན་དེ།
  • དགེ་འདུན་པ་ ༢
    འཛིན་ཆེན་པོ་ཆེན་པོའི་རྫས་རྒྱུན་དེ་ཡིན་ཟེར་གྱི་ཡོད་དམ། ཡ་ཡིན་ཟེར།
  • དགེ་འདུན་པ་ ༡
    བདེན་འཛིན་ཆེན་པོའི་ཆེན་པོའི་རྫས་རྒྱུན་དེ་ཡ་སངས་མ་རྒྱས་བར་དུ་འཇུག་པ་ཐལ་འོ་ན།
  • དགེ་འདུན་པ་ ༢
    བདེན་འཛིན་ཆེན་པོའི་ཆེན་པོའི་རྫས་རྒྱུན་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    སངས་མ་རྒྱས་བར་དུ་འཇུག་པ་ཐལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    སངས་མ་རྒྱས་བར་དུ་ཡོད་རེད། སངས། སངས་མ་རྒྱས་བར་དུ་ཨས།
  • དགེ་འདུན་པ་ ༡
    འོ།
  • དགེ་འདུན་པ་ ༢
    ཡོད་ཀྱི་མ་རེད་ལྟ། ས་བརྒྱད་པ་བར་དུ་མེད་ཟེར།
  • དགེ་འདུན་པ་ ༡
    ཡོད་པ་ཡིན་པ་དང་དེ་ཨཱ་ནི་ཡང་བདེན་འཛིན་ཆེན་པོའི་ཆེན་པོའི་ཆེན་པོ་ཞིག་འདུག་ག
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    དེ་འབྲིང་གི་རྫས་རྒྱུན་ཕྱི་མ་འབྲིང་གི་ངོ་བོར་སྐྱེས།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    འབྲིང་དེ་ཆུང་ངུ་། དེ་ནས་རིམ་བཞིན་་་།
  • དགེ་འདུན་པ་ ༢
    ས་བརྒྱད་པ་ནས་ཆ་ཚང་་་།
  • དགེ་འདུན་པ་ ༡
    བག་ཆགས་ལ་སོགས་པའི་ངོ་བོར་སྐྱེས་པ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    བག་ཆགས་ཀྱི་ངོ་བོར་སྐྱེས་ཟེར་གྱི་མ་རེད།
  • དགེ་འདུན་པ་ ༡
    འོ་བག་ཆགས་ངོ་བོར་གྱུར་བ་མེད་པ་ཐལ།
  • དགེ་འདུན་པ་ ༢
    བག་ཆགས་ཀྱི་ངོ་བོར་གྱུར་ཟེར་གྱི་མ་རེད།
  • དགེ་འདུན་པ་ ༡
    ཨ་ཡིན།
  • དགེ་འདུན་པ་ ༢
    ཨ།
  • དགེ་འདུན་པ་ ༡
    ཨ་ཡོད།
  • དགེ་འདུན་པ་ ༢
    མེད།
  • དགེ་འདུན་པ་ ༡
    འོ་མི་འདུག་ག མེད་དུས་ཙམ་ནས་བདེན་འཛིན་དེ། བདེན་འཛིན་དེ་རང་གི་རྫས་རྒྱུན་དེ་བདེན་འཛིན་རྫས་རྒྱུན་ཕྱི་མར་རྒྱུར་བའི་བག་ཆགས་མེད་པ་ཐལ་འོ་ན།
  • དགེ་འདུན་པ་ ༢
    བདེན་འཛིན་རྫས་རྒྱུན་ཕྱི་མར་རྒྱུར་བའི་བག་ཆགས་མེད་པ་ཐལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    བདེན་འཛིན་རྫས་རྒྱུན་ཕྱི་མར་རྒྱུར་བའི་བག་ཆགས་མེད་པ་ཐལ། བདེན་འཛིན་རྫས་རྒྱུན་ཕྱི་མར་རྒྱུར་བའི་བག་ཆགས་ཡོད་རེད། ཡོད་ཟེར།
  • དགེ་འདུན་པ་ ༡
    འདུག་ག
  • དགེ་འདུན་པ་ ༢
    བདེན་འཛིན་སྤངས་སོང་ན་བདེན་འཛིན་རྫས་རྒྱུན་དང་བཅས་པ་མི་འདུག་ལྟ།
  • དགེ་འདུན་པ་ ༡
    བདེན་འཛིན་ཆུང་ངུའི་ཆུང་ངུའི་ཡ་རྫས་རྒྱུན་ཕྱི་མར་རྒྱུར་བའི་བག་ཆགས་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    ཡོད་ཡོད།
  • དགེ་འདུན་པ་ ༡
    འོ་དེ་འདྲ་བའི་བག་ཆགས་དེས་ཡ་བདེན་འཛིན་ཆེན་པོ་ཆེན་པོའི་རྫས་རྒྱུན་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    འོ་བདེན་འཛིན་ཆེན་པོ་ཆེན་པོའི་བག་ཆགས་གང་ཟེར་རྫས་རྒྱུན་ཕྱི་མར་རྒྱུར་བའི་བག་ཆགས་ཡོད་པ་ཐལ།
  • དགེ་འདུན་པ་ ༢
    བདེན་འཛིན་ཆེན་པོ་ཆེན་པོའི་རྫས་རྒྱུན་ཕྱི་མར་རྒྱུར་བའི་བག་ཆགས། བག་ཆགས་ཡོད་རེད། བདེན་འཛིན་ཆེན་པོའི་ཆེན་པོའི་བག་ཆགས།
  • དགེ་འདུན་པ་ ༡
    ཡོད་རེད་པ། ཡོད་རེད་པ།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    ཡོད་པ་ཡིན་དུས་ཙམ་ནས་དེ་འདྲ་བའི་བག་ཆགས་དེས་ཡ་བདེན་འཛིན་སྤངས་པའི་གང་ཟག་རྒྱུད་ལ་ཡོད་ཕྱིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    འོ་ཆགས་དུས་ཙམ་ནས་བདེན་འཛིན་ཆེན་པོ་ཆེན་པོའི་བག་ཆགས་དེ་བདེན་འཛིན་སྤངས་པའི་གང་ཟག་གི་རྒྱུད་ལ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད། འདོད། འདོད།
  • དགེ་འདུན་པ་ ༡
    འོ་བདེན་འཛིན་སྤངས་པའི་རྒྱུད་ལ་འོ་བདེན་འཛིན་བག་ཆགས་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    ཡོད་རེད།
  • དགེ་འདུན་པ་ ༡
    བདེན་འཛིན་གྱི་རྫས་རྒྱུན་ཕྱི་མ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད་ཟེར། རྫས་རྒྱུན་དང་བཅས་པ་སྤངས་མི་དགོས་ཟེར།
  • དགེ་འདུན་པ་ ༡
    ཡོད་དུས། བདེན་འཛིན་སྤངས་སོང་ན་བདེན་འཛིན་རྫས་རྒྱུན་དང་བཅས་པ་སྤངས་མི་དགོས་པ་རེད་ཡང་།
  • དགེ་འདུན་པ་ ༢
    འདོད། འདོད། འདོད།
  • དགེ་འདུན་པ་ ༡
    འོ་ཧད། ཚ། མི་དགོས་རེད་པ།
  • དགེ་འདུན་པ་ ༢
    མི་དགོས་ཟེར།
  • དགེ་འདུན་པ་ ༡
    ལྟ་མི་དགོས་དུས་ན་བདེན་འཛིན་སྤངས་ལ་ཡར་བདེན་འཛིན་རྫན་རྒྱུན་དང་བཅས་པ་མ་སྤངས་བ་ཡོད་པ་ཐལ།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    བདེན་འཛིན་རྫས་རྒྱུན་དང་བཅས་མ་སྤངས་རེད་པ། མཐོང་ལམ་པ་བྱས། དཔེར་ན་མཐོང་ལམ། སྒོམ་ལམ། སྒོམ་ལམ་ལ་བརྟེན་ནས་བདེན་འཛིན་སྤངས་པའི་གང་ཟག་དེ་་།
  • དགེ་འདུན་པ་ ༢
    བདེན་འཛིན་རྫས་རྒྱུན་དང་བཅས་པ་མ་སྤངས་ཟེར།
  • དགེ་འདུན་པ་ ༡
    བདེན་འཛིན་རྫས་རྒྱུན་དང་བཅས་པ་མ་སྤངས་རེད་ད། ཡ་ཡོད་དུས་ཙ་ན་ཨཱ་ནི་དགྲ་བཅོམ་པའི་རྒྱུད་ལ་བདེན་འཛིན་གྱི་རྫས་རྒྱུན་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    དགྲ་བཅོམ་པའི་རྒྱུད་ལ་བདེན་འཛིན་གྱི་རྫས་རྒྱུན་ཕྱི་མ་ཡོད་རེད།
  • དགེ་འདུན་པ་ ༡
    རྫས་རྒྱུན་ཕྱི་མ།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    ཨ་ཡིན། ཡོད་རེད་པ།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    ཡོད་དུས་ཙ་ནས་བདེན་འཛིན་གྱི་རྫས་རྒྱུན་ཕྱི་མ་དེས་ཡ་ས་བོན་ཟེར་ནའི་འདྲ་ལྟ་གང་ལྟར་དེའི་ངོ་བོར་སྐྱེ་སོང་ང་། གང་ཟེར་བག་ཆགས་ངོ་བོ།
  • དགེ་འདུན་པ་ ༢
    བག་ཆགས་ངོ་བོར།
  • དགེ་འདུན་པ་ ༡
    བག་ཆགས་ངོ་བོར་སྐྱེ་སོང་ང་། ལྟ་དེ་འདྲ་བའི་བག་ཆགས་ནམ་སྤངས་པ་ན་ཨཱ་ནི་བདེན་འཛིན་རྫས་རྒྱུན་དང་བཅས་པ་སྤངས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བག་ཆགས་དེ་སྤངས་པ་ན་དེ་ནས་བདེན་འཛིན་རྫས་རྒྱུན་དང་བཅས་པ་སྤངས་བ་ཡིན་པའི་ཕྱིར། སྤངས་ཟེར།
  • དགེ་འདུན་པ་ ༡
    འོ་རེད་པ།
  • དགེ་འདུན་པ་ ༢
    རེད།
  • དགེ་འདུན་པ་ ༡
    ལྟ་ཡིན་དུས་ཙ་ནས་བདེན་འཛིན་དེ་དང་དེ་རྫས་རྒྱུན་སྤངས་མ་སྤངས་ཟེར་བ་དེ་ཡག་དེའི་བག་ཆགས་ཀྱི་སྤངས་བ་ལ་ཐུགས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་འཛིན་རྫས་རྒྱུན་དང་བཅས་པ་སྤངས་བ་ལ་བདེན་འཛིན་གྱི་བག་ཆགས་སྤངས་དགོས།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    འོ་ཨ་ཡིན།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    ཡིན་དུས་ཙ་ནས་དེ་འདྲ་བའི་གང་ཟག་དེས་བདེན་འཛིན་རྫས་རྒྱུན་དང་བཅས་པ་མ་སྤངས་ཀྱང་བདེན་འཛིན་ས་བོན་དང་བཅས་པ་སྤངས་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    བདེན་འཛིན་བ་སོན་དང་བཅས་པ་སྤངས་སོང་ང་།
  • དགེ་འདུན་པ་ ༢
    རེད།
  • དགེ་འདུན་པ་ ༡
    བདེན་འཛིན་ས་བོན་དང་བཅས་པ་མ་སྤངས་བ་ཡིན་པ་ཐལ། དེ་འདྲ་བའི་གང་ཟག་དེ་ཨཱ་ནི་ཡ་བདེན་འཛིན་ས་བོན་དང་བཅས་པ། བདེན་འཛིན་ས་བོན་དང་བཅས་པ་མ་སྤངས་དགྲ་བཅོམ་པའི་གང་ཟག་དེའི་རྒྱུད་ལ་འོ་ན། དགྲ་བཅོམ་པའི་གང་ཟག་གི དགྲ་བཅོམ་པའི་གང་ཟག་ཟེར། དགྲ་བཅོམ་པའི་རྒྱུད་ལ་ཟེར་རེད་པ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    དགྲ་བཅོམ་པའི་རྒྱུད་ལ་ཡ་བདེན་འཛིན་གྱི་ས་བོན་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    རྟགས་མ་གྲུབ།
  • དགེ་འདུན་པ་ ༡
    བདེན་འཛིན་གྱི་ས་བོན་མེད་རེད་པ།
  • དགེ་འདུན་པ་ ༢
    མེད་ཟེར།
  • དགེ་འདུན་པ་ ༡
    མེད་དུས་བདེན་འཛིན་གྱི་ས་བོན་མེད་ནའང་། ཡ་བདེན་འཛིན་གྱི་ཨཱ་ནི་བག་ཆགས་ཡོད་པ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད་ཞོག
  • དགེ་འདུན་པ་ ༡
    འོ་འདི་བདེན་འཛིན་རྫས་རྒྱུན་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད་ཞོག
  • དགེ་འདུན་པ་ ༡
    འོ་བག་ཆགས་འདི་རང་མ་ཡིན་པའི་ངོ་བོ་གཞན་དུ་འགྱུར་བ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    ག་རེའི་ངོ་བོ་གཞན་དུ་གྱུར་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༡
    ངོ་བོ་གཞན་དུ་གྱུར་བ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    ཨམ་བག་ཆགས་མ་ཡིན་པའི་ངོ་བོ་རེད་པས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    བག་ཆགས་མ་ཡིན་པའི་ངོ་བོ་རེད་པས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    བག་ཆགས་འདའི། བག་ཆགས་ལྟ་སྤངས་ཚར་དུ་ཙམ་ནས་དེ་ནས་བག་ཆགས་འགག་པ་རེད་ཆ་ཚང་།
  • དགེ་འདུན་པ་ ༡
    བག་ཆགས་མ་ཡིན་པའི་ངོ་བོ་གྱུར་ཨ་ཡོད།
  • དགེ་འདུན་པ་ ༢
    བག་ཆགས་མ་ཡིན་པའི་ངོ་བོ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཡོད་མ་རེད།
  • དགེ་འདུན་པ་ ༡
    ལྟ་བདེན་འཛིན་སྤངས་འོ་ན་དགྲ་བཅོམ་པའི་རྒྱུད་ཀྱི། ལྟ་སྒུག་ཨང་། དགྲ་བཅོམ་པའི་རྒྱུད་ཀྱི། རེད་པ། དགྲ་བཅོམ་པའི་རྒྱུད་ཀྱི་ཨཱ་ནི་བདེན་འཛིན་གྱིས་བཞག་པའི་བག་ཆགས་གང་ཡིན་ཐམས་ཅད་ཡ་ནམ་མ་སྤངས་བར་དུ་བག་ཆགས་ཀྱི་ངོ་བོ་གནས་རྒྱུ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    རེད། བདེན་འཛིན་དང་བཅས་པ་མ་སྤངས་བར་དུ་ལྟ་བག་ཆགས་ངོ་བོ་གནས་ཀྱི་རེད།
  • དགེ་འདུན་པ་ ༡
    འཛིན་རྫས་རྒྱུན་བཅས་པ་མ་སྤངས་བར་དུ།
  • དགེ་འདུན་པ་ ༢
    བག་ཆགས་ངོ་བོར་གནས་ཟེར།
  • དགེ་འདུན་པ་ ༡
    བག་ཆགས་ངོ་བོར་གནས་རྒྱུ་ཨས།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    འོ་འོ་ལྟ་ནི་བག་ཆགས་ངོ་བོར་གནས་སོང་ང་། བག་ཆགས་ངོ་བོར་གནས་དུས་ཙ་ནས་ཡ་དེ་འདྲ་བའི་བག་ཆགས་དེ། དེ་འདྲ་བའི་བག་ཆགས་འདི་རེད་པ། ཨཱ་ནི་ཨཱ་ངོ་བོ་གཞན་དུ་འགྱུར་བ་མེད་པ་རེད། ཨང་རང་ཉིད་ཀྱི་རྫས་རྒྱུན་གང་ཡིན་ཐམས་ཅད་བག་ཆགས་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    ངོ་བོ་གཞན་དུ་འགྱུར་བ་མེད་པ་རང་ཉིད་ཀྱི་རྫས་རྒྱུན་ཐམས་ཅད་བག་ཆགས་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    རྫས་རྒྱུན་དང་བཅས། ཕྱི་མ་ལབ་ནའི་འགྲིག་གི་རེད་པ།
  • དགེ་འདུན་པ་ ༢
    འོ་རྫས་རྒྱུན་ཕྱི་མ་དེ་ཚོ་འོ་བག་ཆགས་ཡིན་ཟེར།
  • དགེ་འདུན་པ་ ༡
    རྫས་རྒྱུན་ཕྱི་མ་གང་ག་བག་ཆགས་ཨེ་ཡིན།
  • དགེ་འདུན་པ་ ༢
    ཡིན་ཟེར།
  • དགེ་འདུན་པ་ ༡
    ཡིན་དུས་ཙ་ནས་བག་ཆགས་ཟེར་བ་དེ། དེ་འདྲ་བའི་ཨཱ་ནི་དེ་འདྲ་བའི་བག་ཆགས་འདི་ཡ་སྨྲ་བའི་བར་དུ་ཤེས་པའི་ངོ་བོར་འགྱུར་རྒྱུ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    བག་ཆགས། མེད་ཟེར།
  • དགེ་འདུན་པ་ ༡
    ཤེས་པའི་ངོ་བོར་འགྱུར་རྒྱུ་མི་འདུག་ག
  • དགེ་འདུན་པ་ ༢
    མེད་ཟེར།
  • དགེ་འདུན་པ་ ༡
    དེ་ཤེས་པའི་ངོ་བོར་གྱུར་སོང་ན་བདེན་འཛིན་ངོ་བོར་འགྱུར་བ་མེད་པ་ཐལ།
  • དགེ་འདུན་པ་ ༢
    བག་ཆགས་དེ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ལྟ་ཤེས་པའི་ངོ་བོར་གྱུར་སོང་ན་ཤེས་པའི་ངོ་བོར་འགྱུར་རྒྱུ་ཡོག་མ་རེད། ལྟ་གང་ལྟར་ཕར་བདེན་འཛིན་ངོ་བོར་སྐྱེས།
  • དགེ་འདུན་པ་ ༡
    བྱས་ཙང་གྱུར་སོང་ན་བདེན་འཛིན་ངོ་བོར་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    བདེན་འཛིན་ངོ་བོར་འགྱུར་དགོས་པ་ཐལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ལྟ་འགྱུར་དགོས་ཀྱི་ཡོད་ཀྱི་རེད།
  • དགེ་འདུན་པ་ ༡
    འོ་གྱུར་དགོས་སོང་ང་།
  • དགེ་འདུན་པ་ ༢
    ཁོ་བག་ཆགས་ཁོ་ར་སྔར་བདེན་པར་གྲུབ་པ། སྣང་བའི་ལྟ་བདེ་སྣང་བཟོ་ལྟ་ཞིག་ཡོད་རེད་པ།
  • དགེ་འདུན་པ་ ༡
    འོ་སྒུག་ཨང་ལྟ་ལྟོས་ཨང་། ཨཱ་ནི་མཐོང་ལམ་རྗེས་ཐོབ་པ་ཆོས་ཅན་བྱས་རེད་པ།
  • དགེ་འདུན་པ་ ༢
    འོ་མཐོང་ལམ།
  • དགེ་འདུན་པ་ ༡
    རྟོགས་པ་སྔོན་དུ་སོང་ནས་མཐོང་ལམ་རྗེས་ཐོབ་པའི་རྒྱུད་ཀྱིས་ཡ་ཀུན་རྫོབ་སེམས་ཀྱི་བདེན་གྲུབ་སྣང་བའི་སྣང་བ་དེ་ཆོས་ཅན།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    བདེན་གྲུབ་སྣང་བའི་སྣང་བ་དེ་ཆོས་ཅན། ཡ་རང་གི་ཉེར་ལེན་དུ་འགྱུར་བའི་ཡ་བདེན་འཛིན་གྱི་ཞབས་ལ་བག་ཆགས་ཀྱི་མེད་པ་ཐལ།
  • དགེ་འདུན་པ་ ༢
    རང་གི་སྔོན་གྱི་ཉེར་ལེན་དུ་འགྱུར་བས་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    བདེན་འཛིན་གྱིས་བཞག་པའི་བག་ཆགས་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འོ་འདི་ལྟ་ཡོད་ཀྱི་རེད་སྔོན་གྱི།
  • དགེ་འདུན་པ་ ༡
    འོ་ཡོད་རེད་པ།
  • དགེ་འདུན་པ་ ༢
    ཡོད་རེད། མཐོང་ལམ་རྗེས་ཐོབ་ལ་བཞག་པ་རེད་པ། ཨཱ་ནི་སྦྱོར་ལམ་གྱི་རྒྱུད་ཀྱི་ཨེ་བཟོས་བཞག་ན་འགྲིག་གི་རེད། བདེན་འཛིན་བག་ཆགས་སུ་སོང་བ་་་།
  • དགེ་འདུན་པ་ ༡
    དེ་འདྲ་བའི་བདེན་པར་སྣང་བའི་སྣང་བ་དེ་ཨཱ་ནི་ཉེར་ལེན་དུ་འགྱུར་བའི་བག་ཆགས་ཤིག་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་པར་སྣང་བའི་སྣང་བ་འདི་གི
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    བདེན་པར་དག་སྣང་བའི་སྣང་བ་དེ་ཨང་། བདེན་པར་སྣང་བའི་སྣང་བ་དེ་འདུས་བྱས་ཡིན་ནམ་མིན་ནམ།
  • དགེ་འདུན་པ་ ༡
    ཉེར་ལེན་དུ་གྱུར་བའི་་་།
  • དགེ་འདུན་པ་ ༢
    རྟོགས་པ་རེད་པ། བདེན་པར་སྣང་བའི་སྣང་བ་དེ་འདུས་བྱས་ཡིན་ནམ་མིན་ནམ་ཡང་།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    བདེན་པར་སྣང་བའི་སྣང་བ་དེ་ཨས།
  • དགེ་འདུན་པ་ ༡
    འོ། འདུས་བྱས་ཡིན་ནམ་མ་ཡིན།
  • དགེ་འདུན་པ་ ༢
    བདེན་པར་སྣང་བའི་སྣང་བ་དེ། མ་ཡིན་ཟེར།
  • དགེ་འདུན་པ་ ༡
    འོ་བདེན་སྣང་དེ་ལ་བདེན་སྣང་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་སྣང་ཡོད་རེད།
  • དགེ་འདུན་པ་ ༡
    འོ་བདེན་སྣང་། བདེན་སྣང་དེ།
  • དགེ་འདུན་པ་ ༢
    བདེན་སྣང་ཡོང་དགོས་་
  • དགེ་འདུན་པ་ ༡
    ཨ་ལའི་སྒུག་ཨང་།
  • དགེ་འདུན་པ་ ༢
    ཨ།
  • དགེ་འདུན་པ་ ༡
    བདེན་སྣང་དེ་རང་རྒྱུད་ལ་བརྟེན་ནས་སྐྱེ་བ་རེད་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་སྣང་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འོ་ལྟ་བདེན་པ་ཤེས་པ་དེ་ལ་བདེན་པར་སྣང་བ་ཤེས་པ་དེ་ལ་བདེན་སྣང་ཡོད་པ་འཆར་ཡག་དེ་ག་རེ་བྱས་ནས་འཆར་བ་རེད་ཟེར་ན་ཨཱ་ནི་ཁོ་རང་སྔར་གྱི་བདེན་འཛིན་གྱི་བག་ཆགས་ཀྱི་སྟོབས་ཀྱི་དེ་འདྲ་ཆགས་པ་རེད།
  • དགེ་འདུན་པ་ ༡
    རེད་པ།
  • དགེ་འདུན་པ་ ༡
    རེད།
  • དགེ་འདུན་པ་ ༡
    བག་ཆགས་ཀྱི་སྟོབས་ཀྱིས་དེ་ལ་བདེན་སྣང་སྐྱེ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་སྣང་བདེན་པར་སྣང་བ་རེད་ལྟ་དེ་ལ།
  • དགེ་འདུན་པ་ ༡
    བདེན་པར་སྣང་བ་རེད།
  • དགེ་འདུན་པ་ ༡
    བདེན་པར་སྣང་བ་རེད་པ་ཡུལ་བདེན་པར་སྣང་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    ཡུལ་བདེན་པར་སྣང་བ་དེ་རྒྱུ་ལ་བརྟེན་ནས་སྐྱེ་བ་ཡིན་པའི་ཕྱིར་འོ་ན།
  • དགེ་འདུན་པ་ ༢
    བདེན་པར་སྣང་བ་དེ་རྒྱུ་ལ་བརྟེན་ནས་མ་སྐྱེ།
  • དགེ་འདུན་པ་ ༡
    རྒྱུ་ལ་བརྟེན་ནས་སྐྱེ་བ་ལྟ་བག་ཆགས་པ་བརྟེན་ནས་སྐྱེ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    མ་སྐྱེ།
  • དགེ་འདུན་པ་ ༡
    འོ་འདི་ད་ཡིན་ན་མ་སྐྱེ་རེད་པ།
  • དགེ་འདུན་པ་ ༢
    བདེན་པ་བག་ཆགས་ལ་བརྟེན་ནས་བདེན་པར་སྣང་བ་རེད། བདེན་པར་སྣང་བ་དེ་་་
  • དགེ་འདུན་པ་ ༡
    འོ་ཡག་བག་ཆགས་ལ་བརྟེན་ནས་ཡུལ་བདེན་པར་སྣང་བ་མ་སྐྱེ་བ་ཐལ།
  • དགེ་འདུན་པ་ ༢
    བདེན་པར་སྣང་བ་དེ་ཨས།
  • དགེ་འདུན་པ་ ༡
    འོ།
  • དགེ་འདུན་པ་ ༢
    ཡུལ་བདེན་སྣང་བ་དེ་མ་སྐྱེ།
  • དགེ་འདུན་པ་ ༡
    འོ་ཡུལ་བདེན་པར་སྣང་བ་དེ་བག་ཆགས་ཀྱི་སྟོབས་ཀྱིས་བག་ཆགས་ཀྱི་བྱེད་ལས་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    བག་ཆགས་ཀྱི་བྱེད་ལས་མ་ཡིན། ཡུལ་བདེན་པར་སྣང་བ་དེ་བག་ཆགས་ཀྱི་བྱེད་ལས་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ལྟ་བག་ཆགས་ཀྱི་བྱེད་ལས་རེད། བག་ཆགས་བྱེད་ལས་རེད།
  • དགེ་འདུན་པ་ ༡
    བག་ཆགས་བྱེད་ལས་རེད་པ།
  • དགེ་འདུན་པ་ ༢
    རེད།
  • དགེ་འདུན་པ་ ༡
    བག་ཆགས་ལ་བརྟེན་ནས་ཡུལ་བདེན་པར་སྣང་བ་གྲུབ་པ་ཡོད་པ་ཐལ།
  • དགེ་འདུན་པ་ ༢
    གྲུབ་པ་རེད།
  • དགེ་འདུན་པ་ ༡
    གྲུབ་པ་ཡིན་སྐྱེ་བ་མ་ཡིན་བྱས།
  • དགེ་འདུན་པ་ ༢
    སྐྱེ་བ་མ་ཡིན་ཟེར།
  • དགེ་འདུན་པ་ ༡
    ཨ་ལས་བག་ཆགས་དེ་ལ་བརྟེན་ནས་སྐྱེ་བའི་ཤེས་པ་དེ་ཆ་ཤས་གཅིག་ལ་མེད་པ་ཐལ་འོ་ན།
  • དགེ་འདུན་པ་ ༢
    བདེན་སྣང་ཤེས་པ་ག་རེ།
  • དགེ་འདུན་པ་ ༡
    བག་ཆགས་དེ་ལ་བརྟེན་ནས་སྐྱེ་བའི།
  • དགེ་འདུན་པ་ ༢
    ཤེས་པ་ཟེར་ནའི་ལྟ་ཁོ་རང་མ་རེད་ཁོའི་རྒྱུད་ལ་ཀུན་རྫོབ་རྣམ་འབྱེད་ཀྱི་བློ་གང་ག་ལོགས་ལ་བདེན་སྣང་ཡོད་རེད།
  • དགེ་འདུན་པ་ ༡
    བདེན་སྣང་བྱས་ཙང་བདེན་སྣང་དེ་ཟེར་གྱི་ཡོད། བག་ཆགས་དེ་ལ་བརྟེན་ནས་ཨཱ་ནི་སྐྱེ་བའི་།
  • དགེ་འདུན་པ་ ༢
    འོ་ལྟ་བདེན་སྣང་རོ་རང་ལ་བདེན་པར་སྣང་ཡག་དེ་གང་འདྲ་ཞིག་གིས་སྟོབས་ཀྱིས་སྣང་བ་རེད་ཟེར་ན། ཨཱ་ནི་ད་གི་བདེན་འཛིན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་ཨཱ་ནི་ཁོ་རང་ལ་བདེན་པར་སྣང་བ་རེད་ཟེར།
  • དགེ་འདུན་པ་ ༡
    འོ་རེད་པ།
  • དགེ་འདུན་པ་ ༢
    དེ་ལ་ཡང་བདེན་པ་སྣང་བའི་སྣང་བ་་་
  • དགེ་འདུན་པ་ ༡
    བདེན་འཛིན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་ཟེར་ཡག་དེས་བདེན་འཛིན་གྱི་བག་ཆགས་རྒྱུ་བྱས་པ་ལ་བརྟེན་ནས་སྐྱེ་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འོ་བདེན་འཛིན་གྱི་བག་ཆགས་རྒྱུ་བྱས་པ་ལ་བརྟེན་ནས་སྐྱེ་དགོས་པ་ཡིན་པའི་ཕྱིར། རྒྱུ་བྱས་ནས་སྐྱེ་དགོས་པ་མ་རེད།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    སྐྱེ་བ་མ་རེད།
  • དགེ་འདུན་པ་ ༡
    ཕར་ཚུར་ངོ་ན་མིན་སོང་ན་བདེན་འཛིན་གྱི་བག་ཆགས་ཀྱི་རྒྱུ་བྱས་པ་བརྟེན་ནས་ཡ་སྐྱེ་བ་རེད་པ། ཤེས་པ་དེའི་ཆ་ཤས་ཤིག་མེད་པ་ཐལ།
  • དགེ་འདུན་པ་ ༢
    ཤེས་པ་དེའི་ཆ་ཤས། ག་རེའི་ཆ་ཤས། ཤེས་པ་ག་རེ་ཟེར་གྱི་རེད། ཤེས་པ་དེ་ག་རེ་་་
  • དགེ་འདུན་པ་ ༡
    རྟོགས་པ་ལྟ་བུ།
  • དགེ་འདུན་པ་ ༢
    ཤེས་པ། མ་རེད་་་
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་དེ།
  • དགེ་འདུན་པ་ ༢
    གང་འདྲ་སེ།
  • དགེ་འདུན་པ་ ༡
    འོ་ཡག བདེན་འཛིན་གྱི་བག་ཆགས་ལ་བརྟེན་ནས་སྐྱེ་བའི་ཤེས་པ་དེའི་ཆ་ཤས་ཤིག་མེད་པ་ཐལ།
  • དགེ་འདུན་པ་ ༢
    བདེན་འཛིན་གྱི་བག་ཆགས་ལ་བརྟེན་ནས་སྐྱེ་བའི་ཤེས་པ་དེ་བག་ཆགས་ཤིག་མེད་པ་ཐལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག བདེན་པར་སྣང་བའི་སྣང་བ་དེ།
  • དགེ་འདུན་པ་ ༢
    བདེན་པར་སྣང་བའི་སྣང་བ་དེ་སྐྱེ་གི་མ་རེད་པ།
  • དགེ་འདུན་པ་ ༡
    བདེན་པར་སྣང་བའི་སྣང་བ་དེ་སྐྱེ་མ་སོང་ང་།
  • དགེ་འདུན་པ་ ༢
    མ་རེད་ལྟ་བྱས་ན་བག་ཆགས་ལ་བརྟེན་ནས་བདེན་པར་སྣང་བ་རེད།
  • དགེ་འདུན་པ་ ༡
    བག་ཆགས་ལ་བརྟེན་ནས་བདེན་པར་སྣང་སྟངས་དེ་་་
  • དགེ་འདུན་པ་ ༢
    བདེན་པར་སྣང་བ་རེད།
  • དགེ་འདུན་པ་ ༡
    རྒྱུ་བྱས་པ་ལ་བརྟེན་ནས་བདེན་པ་སྣང་སྟངས་དེ་ཡིན་པའི་ཕྱིར་ཟེར་གྱི་ཡོད་ད།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    འོ་འདི་འདྲས་འདུག་ག
  • དགེ་འདུན་པ་ ༢
    རེད།
  • དགེ་འདུན་པ་ ༡
    འོ།
  • དགེ་འདུན་པ་ ༢
    བདེན་པར་སྣང་བའི་སྣང་བ་དེ་ཡང་དེ་ལྟར་མ་རེད། སྣང་བ་དེ་སྐྱེ་སྟངས་དེ་ལྟར་མ་རེད།
  • དགེ་འདུན་པ་ ༡
    བག་ཆགས་ཀྱི་རྒྱུ་བྱས་པ་ལ་བརྟེན་ནས།
  • དགེ་འདུན་པ་ ༢
    བདེན་པར་སྣང་།
  • དགེ་འདུན་པ་ ༡
    བག་ཆགས་ཀྱི་རྒྱུ་བྱས་པ་ལ་བརྟེན་ནས་ཤེས་པ་དེ་ཨཱ་ནི་རྫོགས་ཅན་བདེན་གྲུབ་དུ་སྣང་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    ཡིན་དུ་ཙམ་ནས་རྫོགས་ཅན་བདེན་གྲུབ་སྣང་བ་དེ་བག་ཆགས་ཀྱི་རྒྱུ་བྱས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    རྟགས་མ་གྲུབ།
  • དགེ་འདུན་པ་ ༡
    ཡིན་པ་དང་བག་ཆགས་ཀྱི་རྒྱུ་བྱས་པ་ལ་བརྟེན་ནས་རྫོགས་ཅན་བདེན་གྲུབ་ཏུ་སྣང་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    མ་རེད། ཤེས་པ་དེ་གི་གང་ཟེར་དགོས་ཀྱི་རེད། ཁྱབ་པ་མ་བྱུང་ཟེར།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    ཁྱབ་པ་མ་བྱུང་ཟེར།
  • དགེ་འདུན་པ་ ༡
    བག་ཆགས་ཀྱི་རྒྱུ་བྱས་པ་བརྟེན་ནས་སྐྱེ་བ་མ་ཡིན་པར་རྒྱུ་བྱེད་སའི་ཡ་འབྲས་བུ་ཅན་དུ་མེད་པའི་ཕྱིར།
  • དགེ་འདུན་པ་ ༢
    རྒྱུ་ཇི་སྲིད་ཀྱི་འབྲས་བུ་མེད་པའི་ཕྱིར་སེ་ཨས། བག་ཆགས་ཀྱི་ཨཱ་ནི་རྒྱུ་ཇི་སྲིད་ཀྱི་འབྲས་བུ།
  • བག་ཆགས་ཀྱི་རྒྱུ་ཇི་སྲིད་ཀྱི་འབྲས་བུ་མེད་པའི་ཕྱིར་སེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག རྒྱུ་བྱས་པ་ལྟ་བརྟེན་ནས་སྐྱེ་བ་མ་ཡིན་པར་ཐལ།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ཨཱ་ནི་གང་ཟེར་རྒྱ་བྱེད་སའི་ཡ་ཤེས་རྒྱུན་འབྲས་བུ་ཞིག་མེད་པའི་ཕྱིར།
  • དགེ་འདུན་པ་ ༢
    འབྲས་བུ་རང་ཟེར་ནའི་ལྟ་དེ་རེད། གང་ལྟར་ཁོ་རང་ལ་བདེན་པར་སྣང་བ་དེ་བག་ཆགས་དེའི་སྟོབས་ཀྱིས་སྣང་བ་རེད། སྣང་བ་ཁོ་རང་སྐྱེ་ཟེར་གྱི་མ་རེད། བདེན་པར་གྲུབ་པ་སྣང་བ་དེ་རྟག་པར་སྟོང་བདེན་ཡིན་ཟེར་གྱི་རེད་པ།
  • དགེ་འདུན་པ་ ༡
    སྣང་བ་དེ་རྟོགས་རྟགས་རེད་འདུག་ག བྱས་ཙང་རྒྱུ་བྱས་ནས་སྐྱེ་བ་མ་ཡིན་པར་རྒྱུ་བྱེད་སའི་འབྲས་བུ་མེད་པའི་ཕྱིར།
  • དགེ་འདུན་པ་ ༢
    རྒྱུ་བྱེད་སའི་འབྲས་བུ་མེད་པའི་ཕྱིར་སེ་ཨས།
  • དགེ་འདུན་པ་ ༡
    འོ་བག་ཆགས་དེར་རེད་ད། བག་ཆགས་དེས།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    རྒྱུ་བྱས་པ་ལ་བརྟེན་ནས་ཡུལ་བདེན་སྣང་སྐྱེ་བ་མ་ཡིན་པ་ཐལ། ཡུལ་ལ་བདེན་པ་སྣང་བ་སྐྱེ་བ་མ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    ཡུལ་བདེན་སྣང་། ཡུལ་བདེན་སྣང་སྐྱེ་བ་མ་རེད་ཟེར།
  • དགེ་འདུན་པ་ ༡
    བདེན་སྣང་སྐྱེ་བ་མ་རེད་པ།
  • དགེ་འདུན་པ་ ༢
    དེ་ལ་བརྟེན་ནས་བདེན་པར་སྣང་བ་རེད། བདེན་པར་སྣང་བའི་སྣང་བ་དེ་སྐྱེ་བ་མ་རེད།
  • དགེ་འདུན་པ་ ༡
    རྒྱུ་བྱས་པ་ལ་བརྟེན་ནས་བདེན་པར་སྣང་བ་མ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    དེ་ལ་བརྟེན་ནས་བདེན་པར་སྣང་བ་ཡིན།
  • དགེ་འདུན་པ་ ༡
    བག་ཆགས་ཀྱི་རྒྱུ་བྱས་པ་ལ་བརྟེན་ནས་་་
  • དགེ་འདུན་པ་ ༢
    བདེན་པར་སྣང་བ་ཡིན། ཡིན་ནའང་བདེན་པར་སྣང་བའི་དེ་མ་སྐྱེ་ཟེར།
  • དགེ་འདུན་པ་ ༡
    བག་ཆགས་ཀྱི་རྒྱུ་བྱས་པ་ལ་བརྟེན་ནས་ཡུལ་རྫོགས་ཅན་བདེན་གྲུབ་དུ་སྣང་བ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    བག་ཆགས་ཀྱི་རྒྱུ་བྱེད་སའི་འབྲས་བུ་ཡོད་པ་ཐལ།
  • དགེ་འདུན་པ་ ༢
    བག་ཆགས་ཀྱི་རྒྱུ་བྱེད་སའི་འབྲས་བུ་ཆོག་ཏོ་ཡོད་རེད་ལྟ།
  • དགེ་འདུན་པ་ ༡
    དེའི་རྒྱུད་ལ་ཟེར་གྱི་ཡོད་ད།
  • དགེ་འདུན་པ་ ༢
    ཨ། ལྟ་དེ་དེ་བདེན་པར་སྣང་བའི་སྣང་བ་དེ་ཁྱབ་ཀྱི་མ་རེད། ཡིན་ནའང་སྤྱིར་བཏང་འབྲས་བུ་མང་པོ་ཡོད་རེད།
  • དགེ་འདུན་པ་ ༡
    ལྟ་གཞོག
  • དགེ་འདུན་པ་ ༢
    ཨ།
  • དགེ་འདུན་པ་ ༡
    གཞོག་འབྲས་བུ།
  • དགེ་འདུན་པ་ ༢
    ག་རེ།
  • དགེ་འདུན་པ་ ༡
    ཤེས་པ་ཁོ་རང་བཞག་གི་མ་རེད་པ།
  • དགེ་འདུན་པ་ ༢
    འོ་འོ། ཤེས་པ་གང་འདྲ་སེ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་ཁོ་རང་བཞག་གི་མ་རེད་པ།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་ཁོ་རང་མི་བཞག་དུས་ཙ་ནས་བག་ཆགས་ཀྱི་རྒྱུ་བྱས་པ་ལ་བརྟེན་ནས་ཀུན་རྫོབ་སེམས་བསྐྱེད་དེ་
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་དེ་་་
  • དགེ་འདུན་པ་ ༡
    བདེན་པ་ཡང་སྣང་བར་སྐྱེ་ཟེར་དུས་མ་ཡིན་པ་ཐལ། བག་ཆགས་ཀྱི་རྒྱུ་བྱེད་སའི་འབྲས་བུ་མེད་པའི་ཕྱིར།
  • དགེ་འདུན་པ་ ༢
    རྟགས་མ་གྲུབ།
  • དགེ་འདུན་པ་ ༡
    གཞོག
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་དེ་བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་བ་དེ་བཞག་གི་རེད།
  • དགེ་འདུན་པ་ ༡
    འོ་བདེན་སྣང་ཅན་གྱི་ཤེས་པ་སྐྱེ་བ་དེ་རེད་ད། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་བ་དེ་ཡག་བག་ཆགས་ཀྱི་རྒྱུ་བྱས་པ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    འོ་བག་ཆགས་ཀྱི་རྒྱུ་བྱས་པ་ལ་བརྟེན་ནས་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་བ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    འོ་ཡིན་དུས་ཙམ་ནས་ཀུན་རྫོབ་སེམས་བསྐྱེད་ལ་བདེན་པར་སྣང་བའི་སྣང་བ་སྐྱེ་བ་དེ་རེད་པ། ཡུལ་བདེན་པར་གྲུབ་པའི་སྣང་བ་དེ།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཨང་སྣང་བ། སྣང་བ་དེ་ཤེས་པའི་རྫས་སུ་འགྱུར་བའི་སྣང་བ་ཞིག་ཨ་ཡོད་འོ་ན།
  • དགེ་འདུན་པ་ ༢
    རྫས་ཡོད་མ་རེད་པ། ལུགས་དེ་ལ།
  • དགེ་འདུན་པ་ ༡
    ཀུབ་རྫོབ་སེམས་བསྐྱེད་དེ།
  • དགེ་འདུན་པ་ ༢
    ཨ། ག་རེ།
  • དགེ་འདུན་པ་ ༡
    ངོ་བོ་ལ་འོ་ན། ངོ་བོ།
  • དགེ་འདུན་པ་ ༢
    གང་འདྲ་སེ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་དེའི་ངོ་བོར་གྱུར་བའི་ལབ་ཤོག
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་དེའི་ངོ་བོར་གྱུར་བའི། ཡ་ཡུལ་བདེན་གྲུབ་ཏུ་སྣང་བའི་ཆ་དེ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    ཡོད་རེད། ཀུན་རྫོབ་སེམས་བསྐྱེད་ཁོ་རང་ཡུལ་བདེན་གྲུབ་ཏུ་སྣང་གི་ཡོད་རེད།
  • དགེ་འདུན་པ་ ༡
    ཡུལ་བདེན་གྲུབ་ཏུ་སྣང་བའི་ཆ་ཞིག་ཡོད་པའི་ཕྱིར། ལྟ། ལྟ་སྒུག་ཨང་། སྒུག་ཨང་།
  • དགེ་འདུན་པ་ ༢
    ཡུལ་བདེན་གྲུབ་ཏུ་སྣང་བའི་ཆ་ཞིག་ཡོད་རེད་ལྟ།
  • དགེ་འདུན་པ་ ༡
    ལྟ་འོ་ན་འགྲིག་སོང་། ལྟ་སྒུག་ཨང་། ཀུན་རྫོབ་སེམས་བསྐྱེད་ལ་ཡུལ་བདེན་གྲུབ་འོ་ན་རང་འདི་བཞག་སོང་ང་། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་དུ་བསྐྱེད་པ་བྱེད་ཤོག
  • དགེ་འདུན་པ་ ༢
    འོ་བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་བ་དེ་བཞག
  • དགེ་འདུན་པ་ ༡
    བདེན་སྣང་ཅན་གྱི་ཤེས་པ་སྐྱེ་བ་དེ་ཆོས་ཅན།
  • དགེ་འདུན་པ་ ༢
    འོ་འདི་བག་ཆགས་ཀྱི་སྟོབས་ཀྱིས་སྐྱེ་བ་རེད།
  • དགེ་འདུན་པ་ ༡
    བདེན་སྣང་ཅན་གྱི་ཤེས་པ་ཡིན་པ་དེ་ཆོས་ཅན་ཡ། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ཡིན་པ་ལ་ཆོས་ཅན།
  • དགེ་འདུན་པ་ ༢
    ཡིན་པ་དེ་ཆོས་ཅན་ཨས།
  • དགེ་འདུན་པ་ ༡
    ཨ་ཡིན།
  • དགེ་འདུན་པ་ ༢
    གང་འདྲ་སེ།
  • དགེ་འདུན་པ་ ༡
    བག་ཆགས་ལ་བརྟེན་ནས་སྐྱེ་བ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་བ་དེ། ཡིན་པ་དེ་ག་རེ་ཡིན་ནམ་མིན་ནམ།
  • དགེ་འདུན་པ་ ༡
    སྐྱེ་བ་དེ་བག་ཆགས་ལ་བརྟེན་ནས་སྐྱེ་བ་རེད་པ།
  • དགེ་འདུན་པ་ ༢
    ཨ། རེད། རེད།
  • དགེ་འདུན་པ་ ༡
    འོ་ཡིན་དུས་ཙམ་ནས་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་བ།
  • དགེ་འདུན་པ་ ༢
    ཡིན་པ་བྱེད་དུས་ཙམ་ལ་དེ་ལ་རྟོགས་བརྟག་འགྲོ་ས་ཡོད་རེད།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    ཕར་འགྲོ་ས་ཡོད་རེད་ལྟ།
  • དགེ་འདུན་པ་ ༡
    སྐྱེ་བ་དང་གཅིག་པ་རེད། ད་སྒུག་ཨང་།
  • དགེ་འདུན་པ་ ༢
    སྤྱིར་བཏང་དོན་དག་བྱས་ན་གཅིག་པ་བཟོ་ལྟ་རེད། ཡིན་ནའང་ཚིག་སྐྱོན། ཚིག་སྐྱོན།
  • དགེ་འདུན་པ་ ༡
    ད་སྒུག་ཨང་།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ལྟ་བག་ཆགས་དེ་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པས་ཨཱ་ནི་ཤེས་པའི་ངོ་བོར་སྐྱེ་བ་ཡོད་པ་ཐལ་འོ་ན།
  • དགེ་འདུན་པ་ ༢
    བག་ཆགས་དེའི་སྟོབས་ཀྱིས་་་།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་ཤེས་པའི་ངོ་བོར་སྐྱེ་བ་དེ་ཤེས་པ་མ་རེད་པ།
  • དགེ་འདུན་པ་ ༢
    འོ་འོ། བག་ཆགས་དེ་་་།
  • དགེ་འདུན་པ་ ༡
    བག་ཆགས་འདའི་མ་རེད་པ།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པ་སྐྱེ་བ་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པར་སྐྱེ་བ་དེ་ཤེས་པ་ཡིན་ནམ་མིན་ནམ། ཤེས་པ། བདེན་སྣང་ཅན་གྱི་ཤེས་པར་སྐྱེ་བ་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    བག་ཆགས་ཡང་མ་རེད། གང་ཡང་མ་རེད།
  • དགེ་འདུན་པ་ ༡
    བག་ཆགས་མ་རེད་པ།
  • དགེ་འདུན་པ་ ༢
    མ་རེད།
  • དགེ་འདུན་པ་ ༡
    མ་ཡིན་དུས་བག་ཆགས་དེ་ངོ་བོ་གཞན་དུ་རྒྱུར་བ་ཡོད་པ་ཐལ། ཀུན་རྫོབ་སེམས་ཀྱི་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་འདི་ངོ་བོར་འགྲུབ་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བག་ཆགས་དེ་ཨས། རྟགས་མ་གྲུབ།
  • དགེ་འདུན་པ་ ༡
    ཡོད་པ་དང་དེ་་་
  • དགེ་འདུན་པ་ ༢
    དེ་རྒྱུ་བྱས་པ་ལ་བརྟེན་ནས་སོང་བ།
  • དགེ་འདུན་པ་ ༡
    བག་ཆགས་དེའི་ཉེར་ལེན་བྱས་པ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    བག་ཆགས་དེ་ཡི་ཉེར་ལེན་བྱེད་ཀྱི་མ་རེད།
  • དགེ་འདུན་པ་ ༡
    འོ་བག་ཆགས་དེའི་ཉེར་ལེན་བྱས་པ་ལ་བརྟེན་ནས་ཀུན་རྫོབ་སེམས་བསྐྱེད་ཨཱ་ནི་ཡ་བདེན་སྣང་ཅན་ངོ་བོར་སྐྱེ་བ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    བག་ཆགས་དེའི་ཉེར་ལེན་བྱས་པ་ལ་བརྟེན་ནས་ཀུན་རྫོབ་སེམས་བསྐྱེད་སྣང་ཅན་གྱི་ཤེས་པ་སྐྱེ་བ་མ་རེད།
  • དགེ་འདུན་པ་ ༡
    ཤེས་པའི་ངོ་བོ་ལ་སྐྱེ་བ་མ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་དེ་འདྲས་མ་རེད།
  • དགེ་འདུན་པ་ ༡
    འོ་ཤེས་པ་མ་རེད་པ།
  • དགེ་འདུན་པ་ ༢
    མ་རེད། མ་རེད།
  • དགེ་འདུན་པ་ ༡
    འོ་མི་ཡིན་ན་་་
  • དགེ་འདུན་པ་ ༢
    བག་ཆགས་དེ་ཡི་་་ བག་ཆགས་སྔ་མ་དེ་ཡི་དཔེ་ཆ་བཞག་ན། བག་ཆགས་སྔ་མ་སྔ་མ་གི་བག་ཆགས་ཕྱི་མ་ཕྱི་མའི་ཉེར་ལེན་བྱེད་ཀྱི་རེད་ཟེར།
  • དགེ་འདུན་པ་ ༡
    འདའི། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་མཆེད་ཀྱི་ཉེར་ལེན་དེ་ལ་ཡག་ཀུན་རྫོབ་སེམས་བསྐྱེད་ཉེར་ལེན་དེ་བཞག་རྒྱུ་ཡོད་པ་ཐལ།
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་སྐྱེ་མཆེད་ཀྱི་ཉེར་ལེན་དེ་ལ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པར་སྐྱེ་མཆེད་ཀྱི་ཉེར་ལེན་དེ་ལ་ཨས། འོ་ཡིན་གྱི་རེད། ལྟ་ཀུན་རྫོབ་སེམས་བསྐྱེད་རྒྱུ་དེ་ཚོ་བཞག་ན་འགྲིག་གི་རེད།
  • དགེ་འདུན་པ་ ༡
    འོ་ཀུན་རྫོབ་སེམས་བསྐྱེད་སྐྱེ་མཆེད་ཀྱི་རྒྱུ་དེ་ཡ་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་ཆེད་ཀྱི་རྒྱུ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་ཀུན་རྫོབ་སེམས་བསྐྱེད་ཀྱི་གང་འདྲ་སེ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་སྐྱེ་མཆེད་ཟེར་ནའི་འདྲ་རེད་པ། ཀུན་རྫོབ་སེམས་བསྐྱེད་ཉེར་ལེན་དེ།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་ཉེར་ལེན་དེ་ཀུན་རྫོབ་སེམས་བསྐྱེད་ཨཱ་ནི་དེའི་རྒྱུད་ཀུན་རྫོབ་སེམས་བསྐྱེད་དེ་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་མཆེད་ཀྱི་ཉེར་ལེན་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    འདོད།
  • དགེ་འདུན་པ་ ༡
    ཉེར་ལེན་རེད་ད། ཡིན་དུས་ཙ་ནས་ཀུན་རྫོབ་སེམས་བསྐྱེད་ཀྱི་ཨཱ་ནི་ཨཱ་དེ་མ་ཐག་ཏུ་གྱུར་བའི་གསལ་རིག་གི་ཆ་ཆོས་ཅན་རེད་པ། གསལ་རིག་གི་ཆོས་ཅན། རྒྱུ་ལ་བརྟེན་ནས་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ངོ་བོར་སྐྱེ་བ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    ཨང་རྒྱུ་ལ་བརྟེན་ནས་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ངོ་བོར་སྐྱེ་བ་ཡིན་པ་ཐལ་སེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག ལྟ་ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    མ་རེད། ལྟ་འདི་ཟེར་གྱི་ཡོད་རེད། ཀུན་རྫོབ་སེམས་བསྐྱེད་དེ་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེས་པ་ཞིག་ཡོད་རེད་པ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    བདེན་སྣང་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེས་པ་དེ་ཀུན་རྫོབ་སེམས་བསྐྱེད་ཀྱི་རྒྱུད་ལ་བརྟེན་ནས་སྐྱེ་བ་རེད།
  • དགེ་འདུན་པ་ ༡
    འོ་རྒྱུ་ལ་བརྟེན་ནས་སྐྱེ་སོང་ང་།
  • དགེ་འདུན་པ་ ༢
    རེད་རེད།
  • དགེ་འདུན་པ་ ༡
    སྐྱེས་དུས་ཙ་ནས་འོ་ན་དེར་ལྟོས་ཨང་། ཀུན་རྫོབ་སེམས་བསྐྱེད་དེ་ཉིད་རྟོགས་པ་དེ་
  • དགེ་འདུན་པ་ ༢
    རྟོགས་པ་དེ་དང་བདེན་སྣང་ཅན་གྱི་ངོ་བོར་སྐྱེ་བ་དེ་རྟོགས་པའི་དེའི་རྒྱུ་ལ་བརྟེན་ནས་ལྟ། མ་རེད་བདེན་སྣང་ཅན་གྱི་ངོ་བོར་སྐྱེ་བ་དེ་ཨཱ་ནི་རྟོགས་པ་དེའི་རྒྱུ་ལ་བརྟེན་ནས་སྐྱེ་བ་རེད། ཡིན་ནའང་དེའི་སྟོབས་ཀྱིས་བདེན་སྣང་ཅན་གྱི་ངོ་བོར་སྐྱེས་པ་རེད་པས་ཟེར་ན་དེ་འདྲས་མ་རེད་ཟེར།
  • དགེ་འདུན་པ་ ༡
    རྟོགས་པ་དེའི་རྒྱུ་ལ་བརྟེན་ནས་ཟེར་གྱི་མེད་ད། རྟོགས་པ་དེ་སྐྱེ་མཆེད་ཀྱི་ཉེར་ལེན་ཡོད་རེད་པ། རྟོགས་པ་དེའི་ཉེར་ལེན་དེ།
  • དགེ་འདུན་པ་ ༢
    འོ་རྟོགས་པ་དེའི་ཉེར་ལེན་དང་རྟོགས་པ་དེ་བདེན་སྣང་ཅན་གྱི་ཤེས་པ་ལ་ཨང་།
  • དགེ་འདུན་པ་ ༡
    སྐྱེ་མཆེད་ཀྱི་ཉེར་ལེན་གཉིས་ལ་ཁྱད་པར་མེད་པ་ཐལ་འོ་ན།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པ་ཡིན་པ་ཟེར་གྱི་ཡོད་རེད་པ་ལྟ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    མེད།
  • དགེ་འདུན་པ་ ༡
    ཁྱད་པར་མེད་རེད་ད།
  • དགེ་འདུན་པ་ ༢
    ཉེར་ལེན་བྱེད་ཀྱི་རེད།
  • དགེ་འདུན་པ་ ༡
    མེད་སོང་ན་སྦྱོར་ལམ་རྒྱུད་ཀྱི་ཡ་སྦྱོར་ལམ་གྱི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་ལ་བརྟེན་ནས། ཡ་མཐོང་ལམ་པའི་རྒྱུད་ལ་ཀུན་རྫོབ་སེམས་བསྐྱེད་དེ་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    སྦྱོར་ལམ་གྱི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་ལ་བརྟེན་ནས། འོ་དེ་འདྲས་མ་རེད། ད་ལྟ་ངས་འདི་ལབ་སོང་ང་།
  • དགེ་འདུན་པ་ ༡
    མ་རེད་པ། སྒུག་ཨང་།
  • དགེ་འདུན་པ་ ༢
    དེ་མ་རེད་ཟེར། ཡིན་ནའང་། མ་རེད།
  • དགེ་འདུན་པ་ ༡
    མེད་སོང་ན། སྦྱོར་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཆོས་ཅན་རྒྱུ་ལ་བརྟེན་ནས། ཡ་མཐོང་ལམ་པའི་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་མེད་པ་ཐལ།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་དེ་བརྟེན་ནས་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་བ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    འོ་དེ་མ་རེད། ཡང་དེ་ཁ་དོན་ཁག་ཁག་འགྲོ་གི་རེད། དོན་དག་ཁག་ཁག་འགྲོ་གི་རེད།
  • དགེ་འདུན་པ་ ༡
    ཨ་ཡོད།
  • དགེ་འདུན་པ་ ༢
    ཨམ་སྦྱོར་ལམ་པའི་རྒྱུད་ལ་ཀྱི་ཨཱ་ནི་བདེན་ལམ་པའི་རྒྱུད་ཀྱི་བདེན་ལམ། གང་འདྲ་སེ།
  • དགེ་འདུན་པ་ ༡
    ཁོ་ཉེར་ལེན་བཞག་ཟེར་ན་དེར་བཞག བཞག་གི་འདུག་ག
  • དགེ་འདུན་པ་ ༢
    ངེར་ཉེན་དེ་བཞག་གི་རེད།
  • དགེ་འདུན་པ་ ༡
    མཐོང་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་ཉེན་ལེན་སྔ་མ་དེ་བཞག་གི་འདུག་ག དེ་བཞག་པ་རེད་པ།
  • དགེ་འདུན་པ་ ༢
    བཞག་ཟེར།
  • དགེ་འདུན་པ་ ༡
    ཡིན་དུས་ཙམ་པ་སྦྱོར་ལམ་པའི་རྒྱུད་ལ་ཀུན་རྫོབ་སེམས་བསྐྱེད་དེ་ལ་བརྟེན་ནས་ཡ་མཐོང་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་མེད་པའི་ཕྱིར།
  • དགེ་འདུན་པ་ ༢
    སྦྱོར་ལམ་པའི་བརྒྱུད་ལ་བརྟེན་ནས་དེ་མ་ཡོད་མ་རེད།
  • དགེ་འདུན་པ་ ༡
    ཡོད་མ་རེད་པ།
  • དགེ་འདུན་པ་ ༢
    དེ་ཟེར་གྱི་མ་རེད།
  • དགེ་འདུན་པ་ ༡
    མེད་དུས་ཙམ་ནས་ཀུན་རྫོབ་སེམས་བསྐྱེད་ཡིན་སོང་ན་རྒྱུ་ལ་བརྟེན་ནས་ཡ་ལམ་གང་དང་གང་ཡིན་ཐམས་ཅད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་མི་སྐྱེ་བའི་མེད་པའི་ཕྱིར།
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་ཡིན་ན་ལམ་གང་ཡིན་ཐམས་ཅད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་མ་རེད། དེ་ལ་བརྟེན་ནས་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་མ་སྐྱེས།
  • དགེ་འདུན་པ་ ༡
    དེ་ལ་བརྟེན་ནས།
  • དགེ་འདུན་པ་ ༢
    འོ། བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་ཡིན་པ་་་།
  • དགེ་འདུན་པ་ ༡
    བདེན་པ་སྐྱེ་མཆེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་མཆེད་ཀྱི་རྒྱུ་མ་ཡིན་པའི་ཁྱབ་པའི་ཕྱིར།
  • དགེ་འདུན་པ་ ༢
    ཁྱབ།
  • དགེ་འདུན་པ་ ༡
    འོ་ཁྱབ་སོང་ང་།
  • དགེ་འདུན་པ་ ༢
    ཁྱབ།
  • དགེ་འདུན་པ་ ༡
    ཁྱབ་སོང་ན།
  • དགེ་འདུན་པ་ ༢
    དེ་གིན་དེ་མ་རེད། སྔོན་མ་དེ་རང་རྟོགས་ཀྱི་སྐྱེ་སྟངས་དེ་རེད། དེ་གིན་དེ་བདེན་སྣང་ཅན་གྱི་ངོ་བོར་སྐྱེ་སྟངས་དེ་རེད།
  • དགེ་འདུན་པ་ ༡
    ་་་སྐབས་སུ་ཡ་ཀུན་རྫོབ་སེམས་བསྐྱེད་ཀྱི་རྒྱུ་ཆོས་ཅན།
  • དགེ་འདུན་པ་ ༢
    འོ་ཀུན་རྫོབ་སེམས་བསྐྱེད་ཉེར་ལེན་ལ་བརྟེན་ནས་སྐྱེ་ཟེར་བ་ཁོ་རང་རང་རྟོགས་ཙམ་ལ་བརྟེན་ནས་དེ་ལ་སྐྱེ་སྟངས་དེ་རེད། ད་གིན་བདེན་སྣང་ཅན་གྱི་ངོ་བོར་སྐྱེ་སྟངས་དེ་རེད།
  • དགེ་འདུན་པ་ ༡
    འོ་ཡག ཡིན་སོང་ན་མཐོང་ལམ་བར་ཆད་མེད་ན་ཀུན་རྫོབ་སེམས་བསྐྱེད་ཀྱི་ཉེར་ལེན་ཡིན་ཟེར། སྔོན་གྱི་ཉེར་ལེན་ཡིན་སོང་ན། ཡ་ཀུན་རྫོབ་སེམས་བསྐྱེད་ཡིན་པས་མ་ཁྱབ་པ་ཐལ།
  • དགེ་འདུན་པ་ ༢
    མཐོང་ལམ་བར་ཆད་[མི་གསལ་]རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དངོས་ཀྱི་ཉེར་ལེན་ཡིན་ན་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་ཡིན་པ་མ་ཁྱབ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཁྱབ།
  • དགེ་འདུན་པ་ ༡
    ཁྱབ་སོང་ང་། འོ་དེའི་སྔོན་གི་ཉེར་ལེན་དེ་ལ་ཨཱ་ནི་ལམ་མ་ཡིན་པ་ཞིག་མེད་པའི་ཕྱིར།
  • དགེ་འདུན་པ་ ༢
    སྔོན་གི་ཉེར་ལེན་དེ་ལ་ལམ་མ་ཡིན་པ་ཡོད་མ་རེད།
  • དགེ་འདུན་པ་ ༡
    ལམ་མ་ཡིན་པ་འདུག་ག
  • དགེ་འདུན་པ་ ༢
    མེད་ཟེར།
  • དགེ་འདུན་པ་ ༡
    སྔོན་གྱི་ཉེར་ལེན་དེ་ལ་ཨ་རང་ཉིད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་མཆེད་ཀྱི་རྒྱུ་མ་ཡིན་པས་མེད་པ་ཐལ།
  • དགེ་འདུན་པ་ ༢
    རང་ཉིད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་བསྐྱེད་མཆེད་ཀྱི་རྒྱུ་མ་ཡིན་པའི།
  • དགེ་འདུན་པ་ ༡
    རྒྱུ་མ་ཡིན་པས་ཁྱབ་པ།
  • དགེ་འདུན་པ་ ༢
    ཁྱབ།
  • དགེ་འདུན་པ་ ༡
    ཁྱབ་སོང་ན།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ངོ་བོར། བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེས་པ་ཞིག་ཡོད་རེད་པ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    དེ་གི་རྒྱུ་མ་ཡིན་པའི་ཁྱད་པར་ཡོད་མ་རེད། སྐྱེ་མཆེད་ཀྱི་རྒྱ་མ་ཡིན་པས་ཁྱབ་ཟེར་ལྟ། བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་མཆེད་ཟེར་བ་དེ།
  • དགེ་འདུན་པ་ ༡
    ཁྱབ་སོང་ན། བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་མཆེད་ཀྱི་ཉེར་ལེན་ཅན་མེད་པ་ཐལ་ལྟ།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་མཆེད་ཀྱི་སྔོན་གྱི་ཉེར་ལེན་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་མཆེད་ཀྱི་སྔོན་གྱི་ངེར་ལེན། དེ་ལ་ད་གིན་ད་གིན་བདེན་འཛིན་ཡིན་པ་ཆ་བཞག
  • དགེ་འདུན་པ་ ༡
    མེད་པ་ཐལ། མེད་པ་ཐལ། མཐོང་ལམ་པའི་རྒྱུད་ཀྱི། ཀུན་རྫོབ་སེམས་བསྐྱེད་ཆོས་ཅན།
  • དགེ་འདུན་པ་ ༢
    ཡོད་རེད་དེ། སྦྱོར་ལམ་པའི་རྒྱུད་ཀྱི་བདེན་འཛིན་བག་ཆགས་དེ་ཚོ་བཞག་ན་འགྲིག་གི་རེད།
  • དགེ་འདུན་པ་ ༡
    བདེན་འཛིན་གྱི་བག་ཆགས་དེ་བཞག
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    འོ་ཡག ལྟ་སྔོན་གྱི་ཉེར་ལེན་བཞག་སོང་ང་། འོ་འདི།
  • དགེ་འདུན་པ་ ༢
    རེད། བདེན་འཛིན་ཡོང་ཡག བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་བསྐྱེད་མཆེད་ངས་ལབ་སོང་ང་ད་གིན།
  • དགེ་འདུན་པ་ ༡
    ལྟ་སྒུག་ཨང་། འོ་ཡག
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེད་ཆེད་ཀྱི། ག་རེ་སྔོན་གྱི་ཉེར་ལེན་མེད་པ་ཐལ་སེ་ཨས། སྔོན་གྱི་ཉེར་ལེན་ཨས།
  • དགེ་འདུན་པ་ ༡
    འོ་ཡག ཉེར་ལེན་ཟེར་གྱི་ཡོད་ད།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་མཆེད་ཀྱི་ཨས།
  • དགེ་འདུན་པ་ ༡
    སྔོན་གྱི་ཉེར་ལེན་འོ་ཡག
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་མཆེད་ཀྱི་སྔོན་གྱི་ཉེར་ལེན། བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་མཆེད་ཀྱི་སྔོན་གྱི་ངེར་ལེན། ཨ་དེ་གཅིག་པ་ཡིན་གྱི་རེད། ད་གིན་ད་ག་རང་ཡིན་གྱི་རེད།
  • དགེ་འདུན་པ་ ༡
    གཅིག་པ་ཡིན་སོང་ན། བྱས་ཙང་སྦྱོར་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་ཨང་མཐོང་ལམ་པའི་རྒྱད་ཀྱི་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་མཆེད་ཀྱི་ཉེར་ལེན་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་སྐྱེ་མཆེད་ཀྱི་ཉེར་ལེན་ཡིན་པ་ཐལ། བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་མཆེད་ཀྱི་ཉེར་ལེན་ཡིན་པ་ཐལ་ཟེར། བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་མཆེད་ཀྱི་ཉེར་ལེན་ཡིན་པ་ཐལ་ཟེར།
  • འདོད་ཟེར།
  • དགེ་འདུན་པ་ ༢
    འདོད་སོང་ང་། ཡིན་དུ་ཙ་ནས་ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས། ཀུན་རྫོབ་སེམས་བསྐྱེད་ལ་ཨཱ་ནི་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་ཡོད་པ་ཐལ།
  • དགེ་འདུན་པ་ ༢
    ཅིའི་ཕྱིར། དེ་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་ལ་སྐྱེ་བ་མ་རེད།
  • དགེ་འདུན་པ་ ༡
    ཡོད་པ་དང་། སྦྱོར་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་ལ་བརྟེན་ནས། ཨཱ་ནི་མཐོང་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་བདེན་ལམ་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་ཡིན་པའི་ཕྱིར་ཨས།
  • དགེ་འདུན་པ་ ༡
    འོ།
  • དགེ་འདུན་པ་ ༢
    དེ་ལ་བརྟེན་ནས་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་བ་ཕྱིན་པའི་ཕྱིར་སེ་ཨས།
  • དགེ་འདུན་པ་ ༡
    འོ། དེའི་རྒྱུ་བྱས་པ་ལ་བརྟེན་ནས་ཟེར་ནའི་འགྲིག
  • དགེ་འདུན་པ་ ༢
    འོ་ལྟ་འདི་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་ཡིན་པ་ཕྱིར། རྟགས་མ་གྲུབ་ཟེར།
  • དགེ་འདུན་པ་ ༡
    འོ། ཡིན་པ་དང་དེ་སྐྱེ་མཆེད་ཀྱི་རྒྱུ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཁྱབ་པ་མ་བྱུང་ཟེར།
  • དགེ་འདུན་པ་ ༡
    འོ་དེའི་རྒྱུ་གཅིག་སྐྱེད་མཆེད་ཀྱི་རྒྱུ་ལ་བརྟེན་ནས་མ་སྐྱེས་ཟེར་དུས་ཡིན་པ་ཐལ་འོ་ན།
  • དགེ་འདུན་པ་ ༢
    དེ་ལ་བརྟེན་ནས་ཨཱ་ནི། དེ་ལ་བརྟེན་ནས་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེས་པ་དེ་སྐྱེས་པ་རེད།
  • དགེ་འདུན་པ་ ༡
    སྐྱེས་པ་དེ་སྐྱེས་པ་ཟེར།
  • དགེ་འདུན་པ་ ༢
    འོ་རེད། བདེན་སྣང་ཅན་གྱི་ཁོ་རང་བདེན་སྣང་ཅན་གྱི། བདེན་སྣང་ཅན་གྱི། [གད་མོ་]
  • དགེ་འདུན་པ་ ༡
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ།
  • བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་བྱེད་པ་རེད་པ།
  • དགེ་འདུན་པ་ ༢
    ལྟ་རང་རྟོགས་ལ་བསམ་བློ་དེ་ཚོ་ཡོད་རེད། དེ་ལ་བརྟེན་ནས་བདེན་སྣང་ཅན་གྱི་ངོ་བོ་ཤེས་པའི་ངོ་བོར་སྐྱེས་ཟེར།
  • དགེ་འདུན་པ་ ༡
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་དེ་ཨཱ་ནི་སྐྱེས་པ་དེ་རེད་པ།
  • དགེ་འདུན་པ་ ༡
    སྦྱོར་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་རྒྱུ་བྱས་ལ་བརྟེན་ནས་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    འོ། སྐྱེས་པ་དེ།
  • དགེ་འདུན་པ་ ༢
    སྐྱེས།
  • དགེ་འདུན་པ་ ༡
    འོ་ཡིན་དུས་ཙམ་ནས་སྦྱོར་ལམ་པའི་རྒྱུད་ལ་ཀུན་རྫོབ་སེམས་བསྐྱེད་དེ།
  • དགེ་འདུན་པ་ ༢
    དཔེར་ན་དེ་དང་གཅིག་པ་རེད།
  • དགེ་འདུན་པ་ ༡
    ལྟ་སྒུག་ཨང་།
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་དེ། ཀུན་རྫོབ་སེམས་བསྐྱེད་ཤེས་པ་ཡིན་པ་དེ་ཨཱ་ནི་སྔར་གྱི་ཀུན་རྫོབ་སེམས་བསྐྱེད་ཉེར་ལེན་བྱས་པ་བརྟེན་ནས་སྐྱེ་གི་འདུག་ག ལྟ་ཀུན་རྫོབ་སེམས་བསྐྱེད་དེ་བདེན་སྣང་ཅན་གྱི་ཤེས་པ་ཡིན་པ་དེ་ཡང་ལྟ་དེ་ལ་བརྟེན་ནས་སྐྱེ་གི་རེད། དེ་ནང་བཞིན་སྐྱེ་སྟངས་དེ། ད་ལྟའི་དེ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་སྐྱེ་ཚུལ་དང་། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་ཚུལ་ཁྱད་པ་མེད་པ་ཐལ།
  • དགེ་འདུན་པ་ ༡
    བདེན་སྣང་ཅན་གི་ཤེས་པ་ཡིན་པ་དེ་སྐྱེ་སྟངས་ཁྱད་པར་ཡོད་མ་རེད།
  • དགེ་འདུན་པ་ ༡
    ཤེས་པའི་ངོ་བོར་སྐྱེ་སྟངས་ད་ག་རང་རེད་པ།
  • དགེ་འདུན་པ་ ༢
    དེ་ངས་ཁག་ཁག་རེད་ཟེར། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་སྟངས་དང་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ཁོ་རང་སྐྱེ་སྟངས་ཁག་ཁག་རེད་ཟེར།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་སྟངས་ཨས།
  • དགེ་འདུན་པ་ ༢
    མ་རེད། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་སྟངས་དང་། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ཨང་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ཡིན་པ་ཞིག་ཡོད་རེད་པ། དེ་སྐྱེ་སྟངས་ཁག་ཁག་རེད་ཟེར།
  • དགེ་འདུན་པ་ ༡
    ཤེས་པ་ཡིན་པ་མ་བསྐྱེད་ཟེར།
  • དགེ་འདུན་པ་ ༢
    འོ་འདི་སྐྱེ་སྟངས་ཟེར་གྱི་ཡོད།
  • དགེ་འདུན་པ་ ༡
    རྟག་པ་ཡིན་ཟེར་རེད་པ།
  • དགེ་འདུན་པ་ ༢
    ཤེས་པ་ཡིན་པ་ཨས། དེ་ལ་རྟག་པ་ཡིན་ཟེར་གྱི་མེད་ད།
  • དགེ་འདུན་པ་ ༡
    དེ་ཟེར། ཨ།
  • དགེ་འདུན་པ་ ༢
    དེ་རྟག་པ་ཡིན་ཟེར། དེ་ལྟ་ཡིན་གྱི་མ་རེད།
  • དགེ་འདུན་པ་ ༡
    ལྟ་འདི་ཡིན་ནའི་མིན་ནའི་གཡུག་ཞོག ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་སྟངས་དེ། ཡ་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་སྟངས་ཡིན་པའི་ཕྱིར། འོ་ན།
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཨས། ལྟ་གཙོ་བོ་དེ་བསམ་བློ་་་།
  • དགེ་འདུན་པ་ ༡
    ཤེས་པ་ལ་སྐྱེ་སྟངས་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    གཙོ་བོ་སེམས་པ་སྐྱེ་སྟངས་ཟེར་ནའི་བདེན་སྣང་ཅན་གྱི་ཤེས་པ་སྐྱེ་སྟངས་དེ་རེད།
  • དགེ་འདུན་པ་ ༡
    བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་སྟངས་དེ་རེད་པ།
  • དགེ་འདུན་པ་ ༢
    འོ་རེད།
  • དགེ་འདུན་པ་ ༡
    དེ་དང་ཀུན་རྫོབ་སེམས་བསྐྱེད་སྐྱེ་སྟངས་གཉིས་མི་འདྲ་བ་ཡིན་པའི་ཕྱིར། གཅིག་གྲུབ་ན་གཅིག་གྲུབ་པས་ཁྱབ་ཀྱང་།
  • དགེ་འདུན་པ་ ༢
    འོ་མི་འདྲ་ཟེར།
  • དགེ་འདུན་པ་ ༡
    འོ་འདྲ་གི་མི་འདུག་ག
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    མི་འདྲ་དུས།
  • དགེ་འདུན་པ་ ༢
    མ་རེད། མ་རེད། ག་རེ། ག་རེ་མི་འདྲ་ཕྱིར་ཟེར།
  • དགེ་འདུན་པ་ ༡
    དེ་འདྲ་བའི་མཐོང་ལམ་རྒྱུད་འོ་ན། མཐོང་ལམ་པའི་རྒྱུད་ཀུན་རྫོབ་སེམས་བསྐྱེད་དེ་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་སྟངས་དང་། ཀུན་རྫོབ་སེམས་བསྐྱེད་དེ་སྐྱེ་སྟངས།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་སྟངས་དང་། ཀུན་རྫོབ་སེམས་བསྐྱེད་་་།
  • དགེ་འདུན་པ་ ༡
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་བ་ཟེར་བ་དེ་རྒྱུ་གཞན་ཞིག་ལ་བརྟེན་ནས་ཨང་རྒྱུ་གཞན་ཞིག་གིས་སླད་པ་ལ་བརྟེན་ནས་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་ལ་སྐྱེ་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ངོ་དགོས་རེད།
  • དགེ་འདུན་པ་ ༡
    འོ་དགོས་སོང་ང་།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་བ།
  • དགེ་འདུན་པ་ ༡
    དགོས་དུས་ཙ་ནས་ཨཱ་ནི་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་སྟངས་དེ་ཡ་མ་རིགས་པའམ་ཡང་མིན་ན་དེ་བག་ཆགས་གང་རུང་གི་ཡ་སླད་པ་བརྟེན་ནས་དེའི་ཤེས་པའི་ངོ་བོ་ལ། གང་ཟེར་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་སྐྱེ་དགོས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    འདོད་ཟེར།
  • དགེ་འདུན་པ་ ༡
    སྐྱེ་དགོས་སོང་ང་།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཡིན་དུས་ཙ་ནས།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་ལ་སྐྱེ་བ་ཆ་བཞག
  • དགེ་འདུན་པ་ ༡
    བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་ལ་སྐྱེ་སྟངས་དེ། ཀུན་རྫོབ་སེམས་ཀྱིསྐྱེ་སྟངས་ཁོ་རང་རང་ཡིན་མེད་པའི་ཕྱིར།
  • དགེ་འདུན་པ་ ༢
    བདེན་སྣང་ཅན་གྱི་་་། ཨམ། མ་རེད། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་སྐྱེ་སྟངས་དེ་ད་ག་རེད། ད་གི་ཀུན་རྫོབ་སེམས་བསྐྱེད་སྐྱེ་སྟངས་ད་ག་རེད།
  • དགེ་འདུན་པ་ ༡
    ཨ།
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་སྐྱེ་སྟངས་དེ་དེ་རེད། ད་གིན་ད་ག་ཀུན་རྫོབ་སེམས་བསྐྱེད་སྐྱེ་སྟངས་ད་ག་རང་རེད།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་སྐྱེ་སྟངས་ད་ག་རང་། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོ་ལ་ཤེས་པའི་ངོ་བོ་སྐྱེ་སྟངས་རེད་པས།
  • དགེ་འདུན་པ་ ༢
    ཤེས་པའི་ངོ་བོ་སྐྱེ་སྟངས་མ་རེད།
  • དགེ་འདུན་པ་ ༡
    འོ་ན།
  • དགེ་འདུན་པ་ ༢
    ཤེས་པའི་ངོ་བོ་སྐྱེ་སྟངས་དེ་བག་ཆགས་ཀྱི་སྟོབས་ལ་བརྟེན་ནས་སྐྱེ་བ་རེད། འོ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་སྟངས་ཨས།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་སྐྱེ་སྟངས་དེ་ཨས།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    འོ་ཡག ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་སྐྱེ་སྟངས་དེ། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པའི་ངོ་བོར་སྐྱེ་སྟངས་མ་ཡིན་པ་ཐལ།
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་སྐྱེ་སྟངས་ཨས།
  • དགེ་འདུན་པ་ ༡
    འོ་ཡག ཤེས་པ་ལ་སྐྱེ་སྟངས་དེ།
  • དགེ་འདུན་པ་ ༢
    ཤེས་པ་ལ་སྐྱེ་སྟངས་དེ་འདྲས། ཤེས་པ་ལ་སྐྱེ་སྟངས་དང་།
  • དགེ་འདུན་པ་ ༡
    ཤེས་པ་ལ་སྐྱེ་སྟངས་ཟེར་གྱི་མེད་ད།
  • དགེ་འདུན་པ་ ༢
    འོ། ཤེས་པ་ལ་སྐྱེ་སྟངས་དེ་རེད།
  • དགེ་འདུན་པ་ ༡
    བྱས་ཙང་ད་ཡིན་དུས་ཙ་ནས་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པ་ལ་སྐྱེ་སྟངས་སྐྱེ་བ་དེ་རེད་པ།
  • དགེ་འདུན་པ་ ༢
    འོ་འོ།
  • དགེ་འདུན་པ་ ༡
    ཨང་མི་རིག་པ་དང་དེའི་བག་ཆགས་གང་རུང་ཉེར་ལེན་བྱེད་པ་བརྟེན་ནས་སྐྱེ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཤེས་པ་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པར་སྐྱེ་བ། ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པར་སྐྱེ་བ་དེ་ཨས།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པར་སྐྱེ་བ་དེ། དེ་ཡིན་ཟེར་ན་འགྲིག་གི་རེད།
  • དགེ་འདུན་པ་ ༡
    ཨ་ཡིན།
  • དགེ་འདུན་པ་ ༢
    ཡིན།
  • དགེ་འདུན་པ་ ༡
    དེ་རེད་པ།
  • དགེ་འདུན་པ་ ༢
    ཡིན་ཟེར།
  • དགེ་འདུན་པ་ ༡
    ཡིན་དུས་ཙ་ནས་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པར་སྐྱེ་བ་དེ་མ་རིག་པའི་བག་ཆགས་ལ་བརྟེན་ནས་ལྟ། བག་ཆགས་ལ་ཉེར་ལེན་བྱས་པ་བརྟེན་ནས་སྐྱེ་བ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    བག་ཆགས་ཀྱི་ཉེར་ལེན་བྱས་པ་བརྟེན་ནས་ཀུན་རྫོབ་སེམས་བསྐྱེད་བདེན་སྣང་ཅན་གྱི་ཤེས་པར་སྐྱེ་བ་ཡིན་པའི་ཕྱིར་སེ། དེ་རེད། འདོད།
  • དགེ་འདུན་པ་ ༡
    འོ་ཡིན་དུས་ཙ་ནས། བག་ཆགས་དེ་ཨཱ་ནི་དེའི་ཉེར་ལེན་བྱེད་པ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    བག་ཆགས་དེ་ག་རེའི་ཉེར་ལེན་བྱས་པ་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༡
    ཤེས་པར་སྐྱེས་པ་དེའི་ཉེར་ལེན་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    ཤེས་པར་སྐྱེ་བ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཤེས་པར་སྐྱེས་བ་ཨ།
  • དགེ་འདུན་པ་ ༡
    ངོ་བོར་གྲུབ་པ། འོ་ཡག
  • དགེ་འདུན་པ་ ༢
    ཤེས་པར་སྐྱེ་བ་དེ་ཡིས་ཉེར་ལེན་བྱེད་པ་ཡིན་པའི་ཕྱིར་ཟེར།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཤེས་པར་སྐྱེ་བ་དེ།
  • དགེ་འདུན་པ་ ༡
    བག་ཆགས་དེའི་ཉེར་ལེན་བྱས་པ་བརྟེན་ནས།
  • དགེ་འདུན་པ་ ༢
    འོ་རེད། ཉེར་ལེན་ལ་ངེས་པར་དུ། འོ་རེད། ཉེར་ལེན། ཉེར་ལེན་ལ་ངེས་པར་དུ། འོ་རེད། ཉེར་ལེན་བྱེད། ཉེར་ལེན་བྱེད།
  • དགེ་འདུན་པ་ ༡
    འོ་ཡིན་དུས་ཙ་ནས་བག་ཆགས་དེ་དེའི་ངོ་བོར་གྱུར་བ་ཡོད་པ་ཐལ།
  • དགེ་འདུན་པ་ ༢
    དེའི་ངོ་བོར་གྱུར་བ་དགོས་མ་རེད།
  • དགེ་འདུན་པ་ ༡
    འོ་ཡིན་པ་དང་ཉེར་ལེན་བྱེད་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    ཁྱབ་པ་མ་བྱུང་ཟེར།
  • དགེ་འདུན་པ་ ༡
    ཉེར་ལེན་བྱེད་པ་ལ་རྫས་རྒྱུན་སྔ་ཕྱི་ཡོད་པའི་ཕྱིར།
  • དགེ་འདུན་པ་ ༢
    དེ་དགོས་མ་རེད།
  • དགེ་འདུན་པ་ ༡
    རྫས་རྒྱུན་སྔ་མ་ཡིན་དགོས་ཕྱིར།
  • དགེ་འདུན་པ་ ༢
    དེ་དགོས་མ་རེད། ཁོ་ལ་སྙིང་རྗེ་ཆེན་པོ་དང་། ཀུན་རྫོབ་སེམས་ཀྱིས་སྟོབས་དང་དེ་རེད། ཨང་ཡིན་ནའི་དེ་བྱེད་དགོས་ཀྱི་མ་རེད།
  • དགེ་འདུན་པ་ ༡
    རྒྱུ་ཡིན་པ་ཙམ་གྱིས་ཉེར་ལེན་ཟེར་གྱི་རེད་པས།
  • དགེ་འདུན་པ་ ༢
    དེའང་ཟེར་གྱི་མ་རེད།
  • དགེ་འདུན་པ་ ༡
    འོ་ཟེར་གྱི་མ་རེད་པ།
  • དགེ་འདུན་པ་ ༢
    འོ། རང་ངོ་དང་། ངོ་བོ་དང་། མ་རེད། ངོ་བོ་དང་ཁྱད་པར་གཉིས་ཀྱི་ནང་ནས་་་
  • དགེ་འདུན་པ་ ༡
    མཐོང་ལམ་པའི་རྒྱད་ཀྱི་ཕྱིར།
  • དགེ་འདུན་པ་ ༢
    ་་་ཨཱ་ནི་ཉེར་ལེན་ཟེར་གྱི་རེད་མ་གཏོགས་གཅིག་གིས། སྤྱིར་བཏང་རྫས་རྒྱུན་དེ་འདྲས་དགོས་མ་རེད། སྙིང་རྗེ་ཆེན་པོ་དང་ཀུན་རྫོབ་སེམས་བསྐྱེད་ཀྱི་་་།
  • དགེ་འདུན་པ་ ༡
    རྫས་རྒྱུན་གཉིས་བྱས། མཐོང་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཀྱི་ཡ་རྫས་རྒྱུན་སྔ་མ་ལ། གང་ཟེར་ཉེར་ལེན་ལ། དེའི་རྫས་རྒྱུན་སྔ་མ་ཞིག་མེད་པ་ཐལ།
  • དགེ་འདུན་པ་ ༢
    དགོས་མ་རེད། མཐོང་ག་རེད། སུའི་རྒྱུད་ཀྱི།
  • དགེ་འདུན་པ་ ༡
    གཞོག
  • དགེ་འདུན་པ་ ༢
    གང་འདྲ་སེ།
  • དགེ་འདུན་པ་ ༡
    མཐོང་ལམ་པའི་རྒྱུད་ཀྱི།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    མཐོང་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་སྐབས་སུ་རེད་པ།
  • དགེ་འདུན་པ་ ༢
    འོ་འོ་ཉེར་ལེན་ལ་དགོས་མ་རེད། འོ་དགོས་མ་རེད།
  • དགེ་འདུན་པ་ ༡
    ཀུན་རྫོབས་སེམས་བསྐྱེད་དེའི་ཉེར་ལེན་ལ། ཡ་ཨ་ནི་དེའི་རྫས་རྒྱུན་སྔ་མ་གཅིག་མེད་པ་ཐལ།
  • དགེ་འདུན་པ་ ༢
    དགོས་མ་རེད།
  • དགེ་འདུན་པ་ ༡
    ག་རེ་ཡིན་ནམ།
  • དགེ་འདུན་པ་ ༢
    སྦྱོར་ལམ་ཆེན་པོ། སྦྱོར་ལམ་ཆེ་ཆུང་ཡོད་རྒྱོག་གི་སྙིང་རྗེ་ཆེན་པོ་ཞིག
  • དགེ་འདུན་པ་ ༡
    འོ་སྦྱོར་ལམ་ཆེ་ཆུང་གི་རྒྱུད་ཀྱི་སྙིང་རྗེ་ཆེ་པོ་དེ་ཐོག་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་དང་།
  • དགེ་འདུན་པ་ ༢
    མ་རེད་ཀུན་རྫོབ་སེམས་བསྐྱེད།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་གཉིས་ཀ་ཡི་ཨཱ་ནི་གང་ཟེར།
  • དགེ་འདུན་པ་ ༢
    ཉེར་ལེན་རེད།
  • དགེ་འདུན་པ་ ༡
    ཉེར་ལེན་བྱེད་པ་མེད་པ་ཐལ།
  • དགེ་འདུན་པ་ ༢
    འདོད་འདོད་འདོད།
  • དགེ་འདུན་པ་ ༡
    ཁོང་གཉིས་ཉེར་ལེན་ཕར་ཡིན་ཚུར་ཡིན་ཡིན་པ་ཐལ་འོ་ན།
  • དགེ་འདུན་པ་ ༢
    ཉེར་ལེན་ཕར་ཡིན་ཚུར་ཡིན་རང་ལྟ་ཟེར་གྱི་ཡོད་ཀྱི་མ་རེད།
  • དགེ་འདུན་པ་ ༡
    ཡིན་པ། ཨ།
  • དགེ་འདུན་པ་ ༢
    ཉེར་ལེན་ཕར་ཡིན་ཚུར་ཡིན་ཟེར་ཡག་ག་པར་ཟེར་གྱི་རེད། གཅིག་སྔོན་ལ་འགྲོ་གི་རེད། གཅིག་རྗེས་ལ་འགྲོ་གི་རེད།
  • དགེ་འདུན་པ་ ༡
    གཅིག་གི་ཉེར་ལེན་གཅིག་གི་ཉེར་ལེན་ལ་ཟེར་གྱི་ཡོད་ད།
  • དགེ་འདུན་པ་ ༢
    གང་འདྲ་སེ།
  • དགེ་འདུན་པ་ ༡
    གཅིག་གི་ཉེར་ལེན་དེ་གཅིག་གི་ཉེར་ལེན་བྱེད་པ། གཅིག་གི་ཉེར་ལེན་གཅིག་གི་ཉེར་ལེན་བྱེད་པ་ཟེར་གྱི་ཡོད་ད།
  • དགེ་འདུན་པ་ ༢
    དེ་འདྲས་ཡིན་གྱི་མ་རེད།
  • དགེ་འདུན་པ་ ༡
    དེ་མ་རེད་པ།
  • དགེ་འདུན་པ་ ༢
    སྙིང་རྗེ་ཆེན་པོ་དེ་ཡིན་ནའང་དེ་རྫས་རྒྱུན་དགོས་མ་རེད།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་སྙིང་རྗེ་ཆེན་པོ་ཞིག་ཆོས་ཀྱི་ཟེར་ཡཱ།
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་ཡིན་ན་རན་གི་སྔོན་གྱི་ཉེར་ལེན་དེ་གྱུར་བའི་སྙིང་རྗེ་ཆེན་པོ་གྱུར་བ་ལ་ཁྱབ་པ། བྱས་ཙང་དེ་ཨང་མཐོང་ལམ་བར་ཆད་མི་ཀུན་རྫོབ་སེམས་བསྐྱེད་དེ་ཡང་རང་གི་སྔོན་གྱི་ཉེར་ལེན་དུ་རྒྱུར་བའི་སྙིང་རྗེ་ཆེ་པོ་ལ་སྐྱེ་གི་རེད། རང་གི་སྔོན་གྱི་ཉེར་ལེན་དུ་གྱུར་བའི་སྙིང་རྗེ་ཆེན་པོ་འཇོག་ཟེར་ན་སྦྱོར་ལམ་ཆེ་ཆུང་སྙིང་རྗེ་ཆེན་པོ་དེ་འཇོག་གི་རེད།
  • དགེ་འདུན་པ་ ༡
    སྦྱོར་ལམ་ཆེན་པོ་བའི་རྒྱུད་དེའི་ཀུན་རྫོབ་སེམས་བསྐྱེད་ཀྱི་ཆོས་ཅན། ཡཱ་་་།
  • དགེ་འདུན་པ་ ༢
    སྙིང་རྗེ་ཆེན་པོ།
  • དགེ་འདུན་པ་ ༡
    དེ་སྒུག་ཨང་། ཀུན་རྫོབ་སེམས་བསྐྱེད་ཆོས་ཅན་ཟེར་གྱི་ཡོད་ད།
  • དགེ་འདུན་པ་ ༢
    འོ།
  • དགེ་འདུན་པ་ ༡
    ཀུན་རྫོབ་སེམས་བསྐྱེད་དེ་ཆོས་ཅན། ཨཱ་ནི་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ཉེར་ལེན་བྱེད་པ་་་མེད་དེ།
  • དགེ་འདུན་པ་ ༢
    དེ་བྱེད་ཀྱི་མ་རེད།
  • དགེ་འདུན་པ་ ༡
    མེད་དེ།
  • དགེ་འདུན་པ་ ༢
    སྙིང་རྗེ་ཆེན་པོའི་ཉེར་ལེན་དུ་གྱུར་བའི་ཀུན་རྫོབ་སེམས་བསྐྱེད་མེད་ཟེར།
  • དགེ་འདུན་པ་ ༡
    དེ་ག་རེ་ཡིན་ནམ། འོ་ཡག
  • དགེ་འདུན་པ་ ༢
    དེ་བྱེད་ཀྱི་མ་རེད།
  • དགེ་འདུན་པ་ ༡
    ད་སྒུག་ཨང་།
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད་ཟེར་བ་ཁོ་རང་སྐྱེ་རིམ་ཞིག་ཡོད་རེད་པ། རྒྱུ་འབྲས་མན་ངག་བདུན་གྱི།
  • དགེ་འདུན་པ་ ༡
    དེ་བསྐྱེད་རིམ་ཡོད་ནའི། ཨ་ལའི་སྒུག་ཨང་། བསྐྱེར་རིམ་ཟེར་ཡག་དེ་རེད་པ།
  • དགེ་འདུན་པ་ ༢
    རེད།
  • དགེ་འདུན་པ་ ༡
    ཡིན་དུས་ཙ་ནས། སྦྱོར་ལམ་ཆོས་ཕྱོགས་པའི་རྒྱུད་ཀྱི་ཟེར་རེད་པ།
  • དགེ་འདུན་པ་ ༢
    ངོ་བོ་དང་ཁྱད་པར་གཉིས་ཀྱི་ནང་ནས་ངོ་བོ་གཙོ་བོར་གྱུར་བྱས་བྱེད་ཀྱི་མ་རེད་དེ།
  • དགེ་འདུན་པ་ ༡
    ངོ་བོ་གཙོ་བོ་སྐྱེ་་་
  • དགེ་འདུན་པ་ ༢
    ཀུན་རྫོབ་སེམས་བསྐྱེད།
  • དགེ་འདུན་པ་ ༡
    ཨ་ལའི་སྒུག་ཨང་། ལྟ་སྦྱོར་ལམ་ཆེ་ཆུང་གི་རྒྱུད་ཀྱི་སྙིང་རྗེ་ཀུན་རྫོབ་སེམས་བསྐྱེད་དེས། དེ་ལ་བརྟེན་ནས་ཨཱ་ནི་མཐོང་ལམ་པའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་སྐྱེ་ཡོད་ཕྱིར།
  • དགེ་འདུན་པ་ ༢
    སྐྱེ་གི་རེད་དེ།
  • དགེ་འདུན་པ་ ༡
    འོ་རྒྱུ་བྱས་པ་ཡིན་པའི་ཕྱིར།
  • དགེ་འདུན་པ་ ༢
    རྒྱུ་བྱེད་ཀྱི་རེད།
  • དགེ་འདུན་པ་ ༡
    འོ་ངོ་བོ་གཙོ་བོ་མ་སྐྱེ་དེ།
  • དགེ་འདུན་པ་ ༢
    ངོ་བོ་གཙོ་བོ་སྐྱེ་སྟངས་ཡོད་མ་རེད་དེ།
  • དགེ་འདུན་པ་ ༡
    འོ་ཡག
  • དགེ་འདུན་པ་ ༢
    ཁོ་ཨམ། ཀུན་རྫོབ་སེམས་བསྐྱེད་ཀྱི། མ་རེད། ཀུན་རྫོབ་སེམས་བསྐྱེད་ཀྱི་སྟོབས་ཀྱིས་ཨཱ་ནི་སྙིང་རྗེ་སྐྱེ་སྟངས་རིམ་པ་དེ་འདྲས་ཡོད་མ་རེད།