Video Overview
This is a video of Tashi Tsomo from Yak Village in Chentsa singing a song called "The Monasteries in Western Tibet are Adorned with Color." This song is part of a collection of folk songs from the Rebgong cultural area.
- Western Tibet
- ༼ཡེ་་་་ཞང་ཡ་རེ་བུ་ལོ་ཡ་རེ་ད་ཡ་རེ་བུ་ལོ་ལེན། ཞང་ཡ་རེ་བུ་ལོ་འཇོག་ལ་གླུ་ཞིག་བུ་ལོ་ལེན༽
- སྟོད་དབུས་གཙང༼བུ་ལོ༽འདུ་ཁང་ཚོན་གྱིས་༼བུ་ལོ༽བརྒྱན།།
- ཚོན་ཡག་ན༼བུ་ལོ༽འདུ་ཁང་འགྲུབ་འདྲ༼བུ་ལོ༽རེད།།
- སྨད་རྒྱ་ནག༼བུ་ལོ༽ཅོག་ག་ཙེ་དར་གྱིས༼བུ་ལོ༽བརྒྱན།།
- དར་ཡོད་ན༼བུ་ལོ༽ཅོག་ཙེ་འགྲུབ་འདྲ༼བུ་ལོ༽རེད།།
- ཤར་གྱི་བུ་མོ༼བུ་ལོ༽གོས་ཀྱིས༼བུ་ལོ༽བརྒྱན།།
- གོས་ཡོད་ན༼བུ་ལོ༽བུ་མོ་འདྲ་འདྲ༼བུ་ལོ༽རེད།།
- གླུ་ཤེས་ནི༼བུ་ལོ༽མིན་ར་དགོད་ཁ༼བུ་ལོ༽སློང་།།