11 Jan 2016
3 min 9 sec
Video Overview
Creators:
Dradul Dorjay
འདི་ནི་དམངས་ལ་ཤ་ཚ་ཞིང་སྙིང་ཉེ་བའི་དཔོན་བྱམས་སེམས་ཅན་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་རི་སྨུག་པ་ཅན་ལ་རི་དྭགས་འཁོར་ན་གཞི་བདག་འཁོར་བ་དང་མཚོ་རླངས་པ་ཅན་ལ་ཉ་སྲམ་འཁོར་ན་མཚོ་མོ་དགའ་བར་དཔེ་བྱས་ཏེ་དཔོན་པོ་བྱམས་སེམས་ཅན་ལ་མི་དམངས་འདུས་པ་དང་དེ་བས་དཔོན་པའི་ཡིད་སེམས་དགའ་བར་བརྗོད་པའི་གླུ་ཞིག་ཡིན།
- ༼ཡེ་་་ཡ་རེ་་་ཡ་རེ་་་གྲོགས་གསོལ་ལོ་ལོ་ཡ་རེ་ལེན༽
- སྟོད་ཀྱི་རི་རྒན༼གྲོགས་གསོལ་ལོ་ལོ༽སྨུག་པ་ཅན།།
- རི་སྨུག་པ་ཅན་ན༼གྲོགས་གསོལ་ལོ་ལོ༽རི་དྭགས་འཁོར།།
- རི་དྭགས་འཁོར་ན༼གྲོགས་གསོལ་ལོ་ལོ༽གཞི་བདག་དགའ།།
- ༼ཡེ་་་ཡ་རེ་་་ཡ་རེ་་་གྲོགས་གསོལ་ལོ་ལོ་ཡ་རེ་ལེན༽
- སྨད་ཀྱི་མཚོ་མོ༼གྲོགས་གསོལ་ལོ་ལོ༽རླངས་པ་ཅན།།
- མཚོ་རླངས་པ་ཅན་ན༼གྲོགས་གསོལ་ལོ་ལོ༽ཉ་སྲམ་འཁོར།།
- ཉ་སྲམ་འཁོར་ན༼གྲོགས་གསོལ་ལོ་ལོ༽མཚོ་མོ་དགའ།།
- ༼ཡེ་་་ཡ་རེ་་་ཡ་རེ་་་གྲོགས་གསོལ་ལོ་ལོ་ཡ་རེ་ལེན༽
- གྲལ་མགོ་དཔོན་པོ༼གྲོགས་གསོལ་ལོ་ལོ༽བྱང་སེམས་ཅན།།
- དཔོན་བྱང་སེམས་ཅན་ལ༼གྲོགས་གསོལ་ལོ་ལོ༽མི་དམངས་འཁོར།།
- མི་དམངས་འཁོར་ན༼གྲོགས་གསོལ་ལོ་ལོ༽དཔོན་པོ་དགའ།།
- གླུ་ཤེས་ནི་མིན་ར༼གྲོགས་གསོལ་ལོ་ལོ༽དགའ་ནི་ཡིན།།