Video Overview
An interview with a lama at Mindroling Monastery.
- Ü
- Mindrölling
- ཀད་ང་། ང་རང་གི་ལོ་རྒྱུས་འདྲ་བུ་ཡིན་ང་རང་དང་པོ་ལོ་ང་རང་སྐྱེ་ས་འདྲ་བུ་བྱས་ན་གྲ་ནང་རེད་གྲ་ནང་སོག་པོ་ཤང་ཟེར་ཡས་དེ་རེད། སོག་པོ་ཟེར་མཁན་དེ་རེད། ད་དེ་དུས་ང་ལོ་བཅུ་ཐམ་པ་དགོན་པ་གྲྭ་པ་བཟོས་པ་རེད། གྲྭ་པ་བཟོས་ནས་ད་ལོ་བཅུ་ནས་བྱས་ལོ་གསུམ་བཅུ་སོ་གཅིག་བར་དུ་སྨིན་གླིང་དུ་གྲྭ་པ་བྱས་ནས་བསྡད་པ་རེད། དེ་ནས་ལོ་གསུམ་བཅུ་སོ་གཅིག་ལ་སླེབས་ག་ཙ་དམངས་གཙོ་བཅོས་བསྒྱུར་བཏང་པ་རེད། དེ་ནི་ང་རང་ཁྱིམ་ཚང་ཕར་ལོག་པ་རེད། ཁྱིམ་ཚང་ཕར་ལོག་ནས་དེ་ནས་ལོ་ལྔ་བཅུ་ང་བཞི་ལ་མི་སླེབས་བར་དུ་ཁྱིམ་ཚང་ནང་དུ་བསྡད་པ་རེད།
- ཀཁྱིམ་ཚང་ཞིང་པ་བྱས་ཞིང་པའི་ལས་ཀ་བྱས། དེ་ནས་ལྔ་བཅུ་ང་བཞིའི་ལོ་སླེབས་ཀྱི་ལོ་དེ་བདུན་བཅུ་དོན་དགུ་བརྒྱ་བཅུ་རྒྱ་གཉིས་ལོ་ཆོག་ཆེན་རེད་པ་དགོན་པ། དགོན་པ་ཆོག་ཆེན་རེད་པ་དེ་ནི་སྔར་སོ་སོའི་དགོ་བསྡོད་ཀྱི་དགོན་པ་ཡིན་ཙམ་ཚུར་ལོག་ཡོང་པ་རེད། དགོན་པར་ལོག་ཡོང་ནས་ད་ཆ་ལོ་བདུན་བཅུ་དོན་བཞི་རེད། དེ་བར་དུ་དགོན་པའི་ནང་ལ་བསྡད་པ་རེད། དགོན་པའི། དགོན་པའི་ལས་ཀ་བྱས་ད་སོ་སོའི་ཡོང་ཚོད་ཀྱི་དགོན་པའི་ལས་ཀ་བྱས་ནས་དེ་འདྲས་བསྡད་པ་རེད།
- ཀདེ་ནི་དེ་འདྲས་བྱས་བསྡད་པ་རེད་ང་ཚོ། སྨིན་སྒྲོལ་གླིང་དང་པོ་ཆགས་ཡས་དེ་ནི་རབ་བྱུང་བཅུ་གཅིག་གི་མཇུག་དེ་བར་སྨིན་སྒྲོན་གླིང་དགོན་པ་ཆགས་པ་རེད། དེ་ནས་ནི་གཏེར་བདག་གླིང་པའི་དགོན་པ་དེ་ཕྱགས་བཏབ་ནས། ད་ནི་དེ་འདྲས་བྱས་ནས། ད་སྨིན་སྒྲོལ་གླིང་དང་པོ་འབྱུང་ཁུངས་འདྲ་ཞིག་བྱས་ན། སྨིན་སྒྲོལ་གླིང་གི་ང་ཚོ་ཐེགས་ཆེན་གྱི་རིགས་དེ་བསྙོན་རིགས་ཟེར་གྱི་རེད། དཔལ་ལྡན་བསྙོན་ཀྱི་རིགས་ཟེར། ཡུལ་ཁ་རགས་ཟེར་ཡས་དེ་ལ་འོད་གསལ་གྱི་འོད་གསལ་ནས་ལྷ་གཅིག་མར་ཁ་རགས་ལ་བབ་པ་རེད།
- ཀདེ་བབ་ནས་ལྷ་དེ་ལ་ད་ལྷ་ཁྱོད་ཚོགས་པ་ཡིན་ན་མི་སྒང་གས་འདི་དྲས་ཀྱི་ལྷ་དེ་ལ་དེ་འདྲས་ཀྱི་མང་པོ་འཁུར་ནས་ལྷ་ལ་མི་གིས་བགྱིས་ཀྱི་བསྙོན་ནས་ལྷ་ལྷ་ཡུལ་ལ་ཐོན་མ་འགྲོ་བྱས་ནས་དེ་ལས་ནས་དེའི་བརྒྱུད་དེ་ལ་དེ་ནི་ང་ཚོའི་བརྒྱུད་དེ་ལ་བསྙོན་རིགས་ཟེར། དཔེར་ན་འདའི་བསྙོན་རིགས་ཟེར་གྱིས། དཔལ་ལྡན་ལྷ་ཡི་བརྒྱུད་དེ་ལ། ང་ཚོ་ད་ཐེགས་ཆེན་ཐེགས་ཆེན་ཡོའོ་རེད་པ། སོ་སོའི་སྐུ་རྒྱུད་དེ་ལ་གཏེར་བདག་གླིང་པའི་སྐུ་བརྒྱུད་དེ་ལ་དེ་འདྲས་མར་སྐྱེ་ནས། དེ་ནི་གཏེར་བདག་གླིང་པའི་བརྒྱུད་ལ་དེ་ནི། ཁོ་རང་གི་དང་པོ་གདན་ས་གཉིས་པ་དར་བརྒྱད་ཆོས་རྟེན་ཟེར། དེ་ནས་དེ་ནི་མགུ་རུའི་ལུངས་ཀྱི་གཟིགས་ནས་དགོན་པ་འདིར་ཕྱགས་བཏབ་པ་རེད། དེ་ནས་དེ་ནི་རབས་བྱུང་བཅུ་གཅིག་ནང་ལ་སྔ་ཕྱི་གོ་བར་ཡིན་ན་གཅིག་ལ་ཆགས་པ་རེད།
- ཀདེ་ནས་ཆགས་ནས་དེ་ནི་སྨིན་སྒྲོལ་གླིང་ལ་གཏེར་བདག་གླིང་བུ་མར་བསྒྱུར་ནས་ཁྲི་ལོ་རིན་ཆེན་རྒྱན་མཚན་མཁས་པ་ཆེན་པོ་ཨོ་མང་པོ་གཅིག་བྱུང་པ་རེད་རབས་བྱམས་པ་ད་དེ་མང་པོ་ཞིག་བྱུང་པ་རེད། དེ་འདྲས་བྱུང་ནས་དེ་ནི་སྨིན་སྒྲོན་གླིང་ལ་ད་འདིའི་ནང་ལ་གསང་སྔགས་མངའ་བསྒྱུར་རྙིང་མ། དེ་ནི་མངའ་བསྒྱུར་གྱི་ཆོས་ཕུང་པོ་གཉེར་ཡས་དེ་གང་ཡིན་ཟེར་ན་འདིའི་ནང་ལ་མཁས་པ་ཆེན་པོ་བྱུང་ནས་དེ་ནི་ཚང་མ་འདིའི་ནང་ལ་རིག་གནས་ལ་ཚད་མར་རྟགས་སྦྱོར་ཆེན་པོ་བྱུང་ནས་ཚད་མ་རིག་གནས་དང་གདུང་རྐྱེན་སོགས་འདི་ན་དཔེ་རེད་པ། དེ་ནི་རྙིང་མའི་ད་ཕུགས་ཡིན་ཟེར་དགོ་བྱེད་ཀྱི་རེད་པ། འོག་དའི་དེ་འདྲས་གཅིག་བཟོས། རྙིང་མའི་འབྱུང་ཁུངས་འདྲ་དེ། དེ་འདྲས་ཅིག་རེད།
- ཀང་ཚོའི་མིང་ལ་དེ་ནི་རྙིང་མ་ཟེར། དེ་ནི་ང་ཚོའི་རྙིང་མ་འདི་ལ་རྙིང་མ་འདི་ལ་དེ་ནི་སྐར་མ་དང་གཏེར་མ་དང་ཟབ་མོ་གདམ་ངག་གཉིས་དབྱེར་བའི་ནང་ནས་དེ་ནི་ང་ཚོ་སྐར་གཏེར་གཉིས་ཅར་གྱི་ཕྱག་ལེན་གནང་མཁན་བྱས་དེའི་ནང་གི་སྐར་གཏེར་དེ་ནི་སྔ་མོ་སྐར་མོ་དེ་ནི་མདོ་རྒྱུད་དཔེ་མི་སྲིད་ཀྱི་ཉག་ཕྲ་པོ་ཤར་ནས་དེ་ནི་དབུ་རྒྱན་གཏེར་བདག་གླིང་པ་ལོ་ཆེན་དྷརྨ་ཤེ་ར་ཁོ་རང་གི་བསྟན་པའི་མེ་རོ་རྨ་དེ་བསད་པ་རེད། དེ་ནི་ཁོ་རང་གི་འབད་བརྩོན་ཆེ་མོས་དཀའ་ངལ་རྒྱབ་བྱས་བསྟན་པའི་མེ་རོ་གསོས་པ་རེད།
- ཀདེ་ནས་བྱས་སྨིན་སྒྲོལ་གླིང་ཟེར་ཡས་དེ་ཚང་མས་་ཕུགས་གཏུགས་ས་བྱས་དེ་ནས་ཁོང་གི་མཛད་འཕྲིན་རྒྱ་ཆེན་པོ་གཅིག་དེ་ལ་བཞག་དེ་མཉམ་དུ་དེ་ནི་རྒྱལ་བ་ལྔ་པ་ཡུམ་ཆེན་བཟུང་འབྲེལ་གྱི་དབང་རེད་པ། དེ་ནི་དགོན་པ་དེ་རྒྱ་ཆེན་པོ་བཞག་དེ་ནས་ནི་དགོན་པར་གྲྭ་པ་གསུམ་བརྒྱ་ཙམ་་བྱུང་བ་རེད། གསུམ་བརྒྱ་ཉེ་བ་བྱུང་བ་རེད། དེ་ནས་མར་བྱས་ད་གས་ཀྱི་བརྒྱུད་པ་ཁྲི་ལོ་ད་གཏེར་བདག་གླིང་པའི་སྲས་པད་མ་འགྱུར་མེད་རྒྱ་མཚོ་ཟེར་ཡས་གཅིག་བྱུང་པ་རེད། དེ་དེ་ནི་མཇུག་གུ་སྐུ་ཚེ་ཞེ་དྲག་མ་བྱུང་དྲོངས་པ་ཞོང་དཀར་མདུན་ལ་དཀྲོངས་པ་རེད་པ།
- ཀད་དིའི་སྲས་ཆུང་བ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་ཞུ་བ་དེ་དེ་ནི་ཞོང་དཀར་མདུན་གྱི་དགོན་པ་དེ་ཡང་ཡའི་ཆེན་པོ་གཅིག་ཡོའོ་རེད། དེ་ནི་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱི་དགོན་པ་དེ་ཕྱིར་མཇུག་གུ་ཉམས་གསོ་གནང་ནས་དེ་ནི་ཁོང་གི་མཚན་ལ་གྲྭ་པ་ཚང་མས་དྲན་ཆེན་ཞུ་བ་རེད། དྲན་ཆེན་རིན་ཆེན་རྣམ་རྒྱལ། ཁོང་གི་ཁྲིད་ལ་ཡར་གཅིག་གསོལ་པ་གནང་བྱས།
- ཀདེ་ནི་ཁོང་ག་སྲས་དེ་མར་བྱས་ཐེགས་ཆེན་པད་མ་བསྟན་འཛིན་ཞུ་བ་རེད། པད་མ་བསྟན་འཛིན་གྱི་སྲས་དེ་ལ་ཐེགས་ཆེན་འཕྲིན་ལས་རྣམ་རྒྱལ་ཞུ་བ་རེད། འཕྲིན་ལས་རྣམ་རྒྱལ་གྱི་སྲས་དེ་ལ་ཐེགས་ཆེན་དེ་ཅིག་ཡོའོ་རེད་ཨོའོ་པད་མ་དབང་རྒྱལ་ཞུ་བ་ཅིག། པད་མ་དབང་རྒྱལ་གྱི་སྲས་དེ་ལ་ཐེགས་ཆེན་སངས་རྒྱས་ཀུན་དགའ་ཞུ་བ་ཅིག། སངས་རྒྱས་ཀུན་དགའི་སྲས་དེ་ལ་ཁྲི་ཡེ་ཤེས་དབང་རྒྱལ། ཁྲི་ཡེ་ཤེས་དབང་རྒྱལ་དུས་ལ་དེ་ནི་ཁོང་སྐུ་ཚེ་ཆུང་ཆུང་གི་དགོངས་པ་དེ་རྫོགས་པ་རེད།
- ཀཡང་མཁན་པོ་ནམ་མཁའི་ཁྲི་བདེ་ཆེན་ཆོས་གྲགས་ཀྱི་ཁྲི་འཛིན་གནང་པ་རེད་། དེ་ནས་མར་བྱས་དེ་ནི་ཨོའོ་ཐེགས་ཆེན། ཐེགས་ཆེན་ཀུན་བཟང་བསྟན་འཛིན་ཟེར་ཡས་གཅིག་བྱས། ཨོའོ་དོན་གྲུབ་དབང་རྒྱལ། དོན་གྲུབ་དབང་རྒྱལ་གྱི་སྲས་དེ་དེང་སང་རྒྱ་གར་ཡོད་པ་དེ་རེད། དཔལ་ལྡན་གྱི་ཁྲི་རབས་དེ་འདྲས་ཅིག་མར་ཕེབས་པ་རེད།
- ཀདེ་འདྲས་ཅིག་རེད་ང་ཚོའི་རྒྱུད་དེ། དེ་ནི་མཁྱེན་རྟོགས་ཡིན་ནའི་རེད་མཁྱེན་པོ་དང་དེ་མཁྱེན་པོ་དང་པོ་དེ་བྱུང་པའི་སྐབས་བསྟན་པའི་ཉི་མ་འཆར་ དེའི་མཇུག་མ་དའི་ལོ་ཆེན་དྷརྨ་ཤེ་ར་རེད་མཁྱེན་པོ། དེ་ནི་ཁོང་ཆུང་ཆུང་དགོངས་པ་རྫོགས་པ་རེད། ད་དེའི་འོག་ལ་མཁྱེན་པོ་དབུ་རྒྱན་བསྟན་འཛིན་རྡོ་རྗེ་ཞུ་བ་འདྲ་ཅིག། དིའི་འོག་ལ་མཁྱེན་པོ་སངས་སྔགས་བསྟན་འཛིན་ཞུ་བ་འདྲ་ཞིག་མཁྱེན་རྟོགས་པ། དེའི་འོག་ལ་མཁྱེན་པོ་རིན་ཆེན་བཟང་པོ་ཟེར། དབུ་རྒྱན་ཆོས་འཕེལ་ཟེར། དེ་ནི་མཁྱེན་པོ་ཨོའོ། བདེ་ཆེན་ཆོས་ལུགས་ཟེར་ད་གོང་གི་མཚན་དེ་ད་ངས་ཡག་པོ་དྲན་པ་མི་འདུག་དེ་ནི་ང་ཚོའི་མར་བྱས་མཁྱེན་པོ། ང་ཚོའི་རྩ་བའི་བླ་མ་མཁྱེན་ཆེན་མཁྱེན་རྩེ་རིན་པོ་ཆེ་ཞུ་བ་ཅིག་དེ་ནི་དིའི་རྗེས་ལ་མཁྱེན་རྩེ་རིན་པོ་ཆེ་དམངས་གཙོ་བཅོས་བསྒྱུར་གོང་ལ་མཁྱེན་པོ་ལྷ་ས་རེད། ད་ད་རེ་སང་མཁྱེན་པོ་ཡོའོ་མ་རེད་པ་དེ་འདྲས་ཅིག་རེད། ད་འདྲས་ད་དེ་འདྲས་ཅིག་རེད། དེ་ནི་ད་ག་རེ་ཞུ་གུ་རེད། གནས་བཤད་ཅིག།
- ཀགནས། གནས་གང་འདྲས་ཟེར། གནས་བཤད། དགོན་པའི་གནས་གང་རེ་ག་རེ་སྒྲུབ་བྱ་དེ་གང་འདྲས་ཟེར་སྒྲུབས་ཡོད་མེད་དེ། དགོན་པའི་སྒྲུབ་བྱ་དེ་ཚོ་གང་འདྲས་ཟེར་སྒྲུབ་ཡོད་མེད། ཨོའོ་འདུ་ཁང་བྱས་རེད་པ། ད་ནི་གཙུག་ལག་ཁང་བྱས། བསྟན་ག་རེ་ག་རེ་ཡོད་མེད། ཨོའོ་ཡག་ད་དེ་དགོན་པ་དང་པོ་དང་པོ་དང་པོ་དགོན་པ་དེ་གཏེར་བདག་གླིང་པས་ཕྱག་བཏབ་ནས། ཁོང་དགུང་ལོ་ཕལ་ཆེར་གསུམ་བཅུ་སོ་ལྔ་ཡིན་སོ་རེད། གཙུག་ལགས་ཁང་འདི་བཞངས་པ་རེད། དང་པོ་འདི་བཞངས་པ་རེད། དེའི་ཞུག་གུ་ལ་བླ་བྲང་དང་པོ་གྱར་ཁོག་དེ་དང་བྱང་གི་བྱམས་ཆུབ་ཆོས་རྟེན་དེ་བཞངས་པ་རེད། ཞུག་གུ་འདི་གསང་སྔགས་ཕོ་བྲང་དེ་བཞངས་པ་རེད། སྟེང་གི་བསྟན་གཙོ་ཡིན་ནའི་རེད་གཙོ་བོ་དེ་ཕུར་པ་ཕུར་འགྲོལ་དུས་ཆེན་ཆེན་མོ་ད་ལྟ་ཕུར་པོ་ཆེན་པོ་དེ་གས་རེད།
- ཀདེ་ནི་འདིའི་ནང་གི་འདུ་ཁང་འདིའི་ནང་གི་བསྟན་གཙོ་བོ་སྔ་མ་ནི་གཏེར་བདག་གླིང་པ་རང་ཅིག་བཞག་པ་རེད། ང་འདྲ་ཅིག་དེང་སང་ཡོའོ་མ་རེད། དེ་ནི་ཆོས་རྟེན་ཆེན་པོ་དེ་རྒྱལ་བ་བྱམས་པ་རེད་པ།དེ་ནི་དེ་འདྲས་ཀྱི་ནང་ལ་མཇུག་གུ་ཁྲི་ཚོ་སོ་སོ་རིམ་བྱོན་བྱས། དེ་ནི་ལྷ་ཁང་མང་པ་ཨོ་རྒྱ་ཆེན་པོ་བཞངས། དང་པོའི་བསྟན་གཙོ་དེ། དེ་ནི་དེ་ནས་གཏེར་བདག་རིན་པོ་ཆེ་དེ་རེད་པ་ཁོང་གི་སྐུ་ཚེ་དང་དེ་ཡག་གོ་འདྲ་ཅིག་དེ་ནི་གཙུག་ལགས་ཁང་དེ་བཞངས། དགེ་འདུན་གྱི་གྲྭ་ཁང་དེ་ཚོ་ཚང་མ་དུས་གཅིག་ལ་བཞངས་པ་རེད། དེ་ནི་དེའི་དུས་དགེ་འདུན་དེ་ཚོ་རྒྱུན་དུ་ག་རེ་ཡོའོ་རེད། གཞི་སྲོང་གི་ཕྱག་ལས་གནང་མཁན་གྱི་ཟ་འདྲ་ཅིག་གསོ་སྦྱོངས་དབྱར་གནས་དགའ་ཡེ་ཟེར་ལོ་གཅིག་ནང་ལ་ད་རྟག་ལྕག་དེ་འདྲ་མཉམ་བཞུས། དེ་ནི་སྔགས་ཀྱི་ཕྱག་ལན་དུ་ད་དེ་འདྲས་ཀྱི་ཡང་རབ་སྣ་བསངས་བ་འདུལ་པ་དང་། དེ་ནི་ཟླ་བ་བཞི་པའི་ནང་ལ་སྐར་མའི་སྐོར་གྱི་དུས་ཆེན་ཚོགས་ཁག་བརྒྱད་ཙམ་ཚུགས་དགོས་རེད།
- ཀདེ་ནི་ཟླ་བ་གཉིས་པའི་ནང་ལ་བཀའ་བཅད་ཀྱི་བྲོ་ཆེན་གཅིག་ཚོགས་ཀྱི་རེད། གཉིས་པའི་ནང་ལ་ཐུབ་རྗེ་ཆེན་པོའི་རབ་གནས་ལྟོ་ཆོས་གཅིག་ཚོགས་ཀྱི་རེད། བཞི་པའི་ནང་ལ་བཀའ་མོལ་ལྟོ་ཆོས། ལྔ་པའི་ནང་ལ་ཚིག་བཅུ་ཆེན་མོ་ཚུགས་ཀྱི་རེད་དེ་ནི་དབྱར་ཁ་ཟླ་བ་དྲུག་པའི་ཚེ་པ་བཞི་ལ་ཡིན་ཅིག་མི་ཅིག་གྲྭ་པ་ག་ཚད་གསར་པ་བྱུང་ནའི་དེ་རབ་བྱུང་སྒྲུབ་དགོས་རེད་དེ་ནི་དབྱར་གནས་ཚུགས་དེ་ནས་མར་བྱས་ནས་དེ་ནི་དབྱར་གནས་གྲོལ་ནས་དེ་ནི་ཆོས་ཚོགས་ཡིན་ནའི་ལའི་དབྱར་ཆོས་དགུན་ཆོས་གཉིས་ཡོའོ་རེད་གཙོ་བོ་དེ་སྔགས་གསང་བ་གཉིས་པོའི་བཤད་ཁྲིད་རེད།
- ཀདེ་ནི་དེ་ད་ག་འདུལ་བ་ཕར་ཕྱིན་དེ་འདྲས་ཀྱི་བློ་ཁ་མཐོ་སྨན་གང་འདྲས་ཟེར་བསྲུངས་དགོས་རེད། དེ་སྔ་མ་མཁས་པ་མང་པོ་དོན་ཡོའོ་རེད། དེ་འདྲས་ཟེར།
- དེའི་བླ་རྒྱུད་ཀྱི་དེ་རི་མོ་ལྡེབ་རིས་གཅིག་འདུག་ག་དེ་ག་དུས་བཞེངས་པ་རེད།
- ཀག་གྱི།
- བླ་རྒྱུད་ཀྱི་ལྡེབ་རིས་གཅིག་འདུག་ག་ཐོག་བརྩེ་གསུམ་པ་ཕ་གའི།
- ཀདེ་ཕལ་ཆེར་བླ་རྒྱུད་ཀྱི་ལྡེབ་རིས་དེ་ད་དེ་ཚོ་བཞེངས་ནས་ད་གའི་མཇུག་གུ་བཞེངས་ཀྱི་རེད་པ། གཙུག་ལག་ཁང་དེ་བཞེངས་ནས་ལྷ་ཁང་མཉམ་དུ་བཞེངས་པ་རེད་པ། དེ་འདྲས་ཅིག་རེད་ཞུ་དགོས་རེད་པ།
- སུས་བཞེངས་པ་རེད་བཞེངས་ཡན༼ཁ་སྐད་དེ་མཁན་ཞེས་པའིདོན་ལགས༽་དེ།
- ཀབཞེངས་དེ་ད་ཕལ་ཆེར་དེ་ཚོ་རི་མོ་འདི་ཚོ་སྔ་མོ་ལོ་རྒྱུས་ནང་ལ་བྱས་ན་རི་མོ་འདི་ཚོ་ཕལ་ཆེར་ཨེ་པག་ཡིན་པ་འདུག་ཨེ་པ་ཨེ་པ་ཡིན་བཟོ་འདུག། ད་ལྟ་ལྷ་བཟོ་དེ་ཚོ་ཕལ་ཆེར་ཨེ་པག་ཡིན་པའི་དེ་ཚོ་ལོ་རྒྱུས་ནང་ལ་འདུག། ད་མཐོ་པོ་དེ་འདྲས་བཞེངས་འདུག་ག། ཨེ་པག་གི་དེ་འདྲས་རི་མོ་དེ་ཚོ། ད་ད་ལྟའི་འདུ་ཁང་རི་མོ་ཕལ་ཆེར་ཨེ་པག་དེ་ནི་དེ་ཕར་ད་མི་མང་པོ་མི་གླག་འདྲིས་པ་རེད་པ་གཙོ་བོ་ཆེ་བ་དེ་ཨེ་པག་ཡིན་བཟོ་འདུག། རི་མོ་ལྡེབ་རིས་བཞེངས་མཁན་དེ།
- བླ་རྒྱུད་དེ་གས་ཆ་ཚང་འབྲི་མཁན་དེ།
- ཀསྔར་མ་ལ་ད་དི་གཏན་གཏན་དེ་གསལ་པོ་ཞེ་དྲག་མི་འདུག་དའི་ད་དེ་ཚོའི་ཁོ་ར་མཉམ་དུ་ཡོང་གི་རེད་པ། དེ་ནི་དགོན་པ་ཙམ་བཞེངས་ནས་གཞན་དག་གི་ལྷ་བཟོ་དེ་ཚོ་མགོ་ཚུགས་ནས་ཚང་མ་མཉམ་དུ་དེ་ཕལ་ཆེར་འདིའི་ཤུགས་ཆེ་བ་ཨེ་པག་རེད།
- རྙིང་མའི་བླ་མ་གྲགས་ཅན་དེ་གས་ཆ་ཚང་ཡོའོ་རེད་པས་དེ།
- ཀཨོའོ་ད། འདིའི་ནང་ལ་དེ་རེད། རྙིང་མ་ཡི་མདོ་རྒྱུ་ཟེར་གྱི་བླ་རྒྱུད་ཚང་མ་ཡོའོ་རེད། མགོ་མགོ་ཡ་གི་ལ་མན་སྔགས་དེ་རེད་ད་ཀུན་མཁྱེན་ཆེན་པོའི་མཆོད་པ་དེ་བླ་མ་དེ་ཡོའོ་རེད་པ་་་་་་་་་ གསང་བ་མན་སྔགས་ལ་སོགས་ཀྱི་མན་སྔགས་ཀྱི་བླ་རྒྱུད་རེད། མགོ་མགོ་ཡ་གའི་བླ་རྒྱུད་དེ། དེའི་འོག་ལ་དེ་ནི་མདོ་རྒྱུ་སེམས་གསུམ་གྱི་ནང་ནས་རྒྱུ་འཕྲུལ་འདུལ་པ་མདོ་ཆ་གནོན་སླེབས་ཀྱི་ཡོའོ་རེད། འོག་དེ་ལ་བཀའ་བཅད་སླེབས་ཀྱི་ཡོའོ་རེད། དེ་ནས་གཞོགས་ཚུར་ཕྱོགས་དའི་བློ་བདེ་རྡོ་རྗེ་ཚང་པའི་བླ་རྒྱུད་ཡོའོ་རེད། དེ་ནས་གཞོགས་གཅིག་ལ་དེ་ཡོའོ་རེད་ཚེ་རྟག་རིན་པོ་ཆེའི་བླ་རྒྱུད་ཡོའོ་རེད། ཚེ་རྟག་བྱམས་ཆེན་ཚེ་རྟག་་་་་་་་་་་ གཞོགས་གཅིག་ལ་ཏེ་མདོན་རྒྱ་མཚོའི་བླ་རྒྱུད་ཡོའོ་རེད། བླ་རྒྱུད་འདྲ་བུ་དེ་འདྲས་ཟེར།
- དེ་གས་ཆ་ཚང་རེད་པ་བླ་རྒྱུད་དེ་གས།
- ཀད་ང་ཚོའི་སྔ་མ་ཡི་བླ་མ་བླ་རྒྱུད་གྲགས་ཆེ་བ་ཨོའོ་འདིའོ་ཡོའོ་རེད་སྔ་མ་ཡི་སྔགས་རྒྱུད་ཀྱི་མདོ་རྒྱུ་སེམས་གསུམ་གྱི།
- དེ་ནི་སྨིན་སྒྲོལ་གླིང་ལ་དགོན་ལག་ག་ཚོད་ཙམ་ཡོའོ་རེད།
- ཀདགོན་ལག་ད་མ་ནས་དེ་ཤག་ད་མང་པོ་ཡིན་ཟེར་གྱི་དའི་ང་ཚོས་ད་གྲགས་ཆེ་ཤོས་དེ་ཁམས་ལ་རྩེ་རོང་ཟེར། རྩེ་རོང་ཟེར་བ་གཅིག་དང་མཁོར་རེང་ཟེར་བ་གཅིག་ཡོའོ་རེད། དེ་ནི་སྔ་མ་དེ་བག་གྲྭ་ནང་དེ་བག་དགོན་ལག་ཟེར་ན་དགོན་པ་རྙིང་པ་ཐོར་བ་ཚང་མ་དགོན་འཛིན་སྨིན་སྒྲོལ་གླིང་ལ་སྤྲད་འདུག་ག། དར་རྒྱས་མཆོད་རྟེན་ཟེར། རྙན་རྡོ་ཟེར་ཡས། ཟངས་མཚོ་ཟེར་ཡས་འདྲ་བུ་ཚང་མ་ད་ང་ཚོའི་དེ་ཚོ་སྔ་མ་ནས་དགོན་པ་ཆགས་སྐྱོགས་རེད། དགོན་པ་ཚང་མ་ཐོར་ནས་དེ་ནི་གཏེར་བདག་གླིང་པོའི་དུས་ལ་དེ་ནི་དེ་ལ་མག་མགོ་འཛིན་ཁོ་ར་ཚུར་ཚོགས་རམ་པས་སྤྲད་འདུག་ག་དེ་ནི་ང་ཚོའི་མགོ་བསྡོད་ང་ཚོས་མགོ་བསྡོས་དེ་གས་བདག་པོ་རྒྱག་དགོས་རེད། དགོན་ལག་ཁོངས་ལ་བརྩི་གྱི་རེད། ཡིན་ཡའི་ང་ཚོའི་གོང་ལ་རེད་ཚང་མ་ཆགས་རྒྱུ།
- དེ་དང་རྡོ་རྗེ་བྲག་བར་ལ་འབྲེལ་བ་ཡོའོ་རེད་པས།
- ཀརྡོ་རྗེ་བྲག་ལ་ཨོང་།
- རྡོ་རྗེ་བྲག་དགོན་པ།
- ཀརྡོ་རྗེ་བྲག་དགོན་པ་ང་ཚོས་ཡང་མ་གཞི་རྙིང་མ་ཆ་རེད་དའི་ཁོ་བྱང་ཆེན་རེད་པ།
- ལགས་རེད་། འདི་ལྷོ་བརྩེ་རེད་པ།
- ཀཨོའོ་རེད་རེད།
- ལྷོ་བརྩེ་ལ་ག་ཚོད་ཡོའོ་རེད་དགོན་ལག། ལྷོ་རང་ལ་ཡོད་པའི་དགོན་ལག།
- ཀརྡོ་རྗེ་བྲག་ལ་དགོན་ལག་རྒྱ་ཆེན་པོ་ཞེ་དྲག་ཡོའོ་རེད་ཟེར་གྱིས། ངའི་ཡག་པོ་ཡག་པོ་ཤེས་ཀྱི་མེད་ད་ལྟ་ཨ་ལས་བོད་ལ་གཙངལ་ཧའོ་དགོན་ཟེར་ཡས་གཅིག་འདུག་ག། དེ་ནི་འབྲོག་ཕོ་ཕར་བྲག་དཀའ་ཟེར་ཡས་གཅིག་དང་། རྡོ་རྗེ་བྲག་ལ་དགོན་ལག་མག་པོ་ཞེ་དྲག་རེད། དེ་ནི་ཁམས་ལ་ཞེ་དྲག་ཡོའོ་རེད་ཟེར་གྱི་ག།
- ལགས་རེད། རེད་རེད། དེ་དང་བསམ་ཡས་བར་ལ་འབྲེལ་བ་ཡོའོ་རེད་པས་བསམ་ཡས་རྙིང་མ་རེད་པ།
- ཀབསམ་ཡས་ང་ཚོ་དེ་ང་ཚོ་དང་འབྲེལ་བ་ཡོའོ་མ་རེད།
- ལགས་ཟེ་ལགས་ཟེ། དགོན་པ་དེའི་ཁྱད་ཆོས་དེ་སྙན་ངག་དང་དེ་ཚོ་ཞེ་པོ་ཅིག་ཡོའོ་རེད། རེད་པཱ།
- ཀད་སྔ་མོ་ནས་བརྩིས་སྙན་ངག་ལ་དཔེ་མི་སྲིད་པའི་ཁྱད་ཆོས་ཡོའོ་རེད་ད་དུང་བློ་དཀར་པད་མ་འོད་ཟེར་གྱི། བློ་དཀར་གཅིག་ཡའི་ད་ཚོད་ང་ཚོའི་འདིའི་བརྩིས་མཁས་པ་ཤར་ནས་དེ་ནི་བརྩིས་ཀྱི་དགེ་རྒན་ཐོབ་པ་རེད་པ། སྡེ་པ་གཞུང་གི་སྐུ་དྲག་གི། སྙན་ངག་སོ་སོའི་མཁས་པས་དགེ་རྒན་ཐད་པ་རེད་པ། དམངས་གཙོ་བཅོས་བསྒྱུར་བར་དུ་དགེ་རྒན་རིམ་བྱོན་ཕར་གྱི་ལ་ཡོའོ་རེད།
- དགེ་རྒན་རིན་པོ་ཆེ་འདི་ནས་ཕེབས་ཀྱི་རེད་ཡིན་ནའི་ཁོ་རྣམས་ཚོ་ཚུར་སྦྱངས་ཀ་ཡོང་གི་ཡོའོ་རེད།
- ཀལགས། ཕར་འགྲོ་གོ་རེད་རྩེ་ལ་ཕེབས་དགོས་རེད། རྩེ་ཕོ་བྲང་དམར་པོ་ལ་བཞུགས་ས་གཅིག་ཡོའོ་རེད། ཤག་གཅིག་ཡོའོ་རེད།
- ག་དུས་ག་དུས་ཕེབས་ཀྱི་ཡོའོ་རེད། ལོ་གཅིག་ལ་ག་དུས་ཕེབས་ཀྱི་ཡོའོ་རེད།
- ཀལོ་དགེ་རྒན་སོ་སོས་གང་བྱས་རེད། དགེ་རྒན་ཁ་ཤས་གས་ལོ་གསུམ་བཞི་ལའི་བཞུགས་ཀྱི་མ་རེད། ཁ་ཤས་གས་ལོ་བཅོ་བརྒྱད་བཅུ་དགུ་ཡའི་བཞུགས་ཀྱི་རེད། གཏན་གཏན་ཡོའོ་མ་རེད། དང་པོ་དང་པོ་དེ་དགེ་རྒན་དེ་དགེ་རྒན་རྐྱེན་མཆོག་ཟེར་ཅིག་ཡོའོ་རེད་དེ་ཕེབས་པ་རེད་ཤེས་སོང་ང་། དེ་འཁྲུངས་ས་མི་ཚང་འོག་ད་ག་རེད། དེ་ནས་མར་རིམ་བཞིན་བྱས་ནས་དམངས་གཙོ་བཅོས་བསྒྱུར་སྐབས་ལ་དགེ་རྒན་བསྟན་འཛིན་རྡོ་རྗེ་ཟེར་ཨོའོ་དེ་ཕེབས་སོ། དེ་ནི་དེ་བཅོས་བསྒྱུར་བར་བཏང་པ་རེད།
- རེད་རེད། སོག་པོ་ཇུན་གར་གྱི་སྐབས་ལ་འདི་གཏོར་ཡོའོ་མ་རེད་པའི།
- ཀག་གྱི།
- འདི་སྨིན་སྒྲོལ་གླིང་།
- ཀགཏོར་ཡོའོ་རེད།
- ཉམས་ཆག་ག་ཚད་ཙ་བྱུང་བ་རེད། ཆ་ཚང་གཏོར་པ་རེད་པས།
- ཀཆ་ཚང་གཏོར་ཡོའོ་མ་རེད། གཙུག་ལག་ཁང་དེ་ཏས་ཙ་གཏོར་ཡོའོ་རེད་ཟེར་གྱི། ཡ་གིའི་སྟེང་གི་ཉི་མ་ལྷ་ཁང་ཟེར་ཅིག་གླིང་པ་ལྷ་ཁང་ཟེར་ཅིག་ཡོའོ་མ་རེད་ཟེར་གྱི་འདུག། ད་ཨ་ལས་ལོ་རྒྱུས་ནང་ལ་གླིང་པ་ལྷ་ཁང་དོན་གྱི་འདུག། དེ་ཙ་ཁང་པ་དེ་མཐོང་གི་མི་འདུག་དེ་དུས་གཏོར་ར་འདྲ། དེ་ནི་མཆོད་རྟེན་ཆེན་མོ་མ་གི་རྦད་དེ་གཏོར་པ་རེད།
- སོག་པོ་ཇུན་གར་སྐབས་ལ་ཡ། ལགས་ཟེ་ལགས་ཟེ། ཨ་ནི་མི་དབང་ཕོ་ལའི་སྐབས་ལ།
- ཀད་མི་དབང་ཕོ་ལའི་སྐབས་ལ་རེད་པ།
- ཨོའོ། རེད་རེད།
- ཀརེད་པ།
- མི་དབང་ཕོ་ལའི་སྐབས་ལ་ཤེལ་གོ་ཅིག་ཡོད་པ་དེ། མེ་ཤེལ་ཅིག། དེ་ཁོ་རང་གིས་ཚུར་བླངས་སྐྱོགས་རེད་པས།
- ཀད་དི་ཁོ་རང་གས་བླངས་སྐྱོགས་ཡིན་ན་ལོ་རྒྱུས་ཡག་པོ་ཅིག་བཤད་ཡས་མེད། སྔ་མོ་འདི་ལ་འདུག།
- ལགས་ཟེ། སྔ་མ་རང་ནས་ཡོའོ་རེད་པས་དི།
- ཀལགས་འོ།
- སྔ་མ་སྔ་མ་ནས་ཡོའོ་རེད་པ།
- ཀསྔ་མ་སྔ་མ་ནས་ཡོའོ་རེད་འདུག་རུ་ལྷ་ཁང་འདི་གཅིག་ཡོའོ་འདུག་རུ་འདིའི་ནང་ལ་ཡོའོ་རེད། མི་དབང་རྡོ་ཤལ་ཟེར།
- ལགས་ཟེ་མི་དབང་རྡོ་ཤལ་ཟེར་འདྲ་རེད་པ། ལགས་ལགས། ལགས་ཟེ། སྨིན་སྒྲོལ་གླིང་གི་ཡིག་གཟུགས་དེ་ཁྱད་པར་ཞེ་པོ་གཅིག་ཡོའོ་རེད་པ། དམིགས་གསལ་གྱི་ཁྱད་པར།
- ཀདམིགས་གསལ་ཁོ་ར་དམིགས་རིས་ཟེར་དམིགས་གསལ་ཅིག་ཡོའོ་རེད།
- ལགས་ཟེ། དི་དང་ལྟ་ཡོའོ་རེད་པས།
- ཀད་དང་ལྟ་སྔ་མ་དཔེ་རིས་རྙིང་མ་དེ་འདྲས་ཅིག་གི་མང་པ་དེང་སང་གི་ཡིག་གེ་དེ་ཡིག་གེ་འདི་ཚོ་རེད།
- ལགས་ཟེ། འབྲི་ཐུབ་མཁན་ཡོའོ་རེད་པས་དེ་ཞག།
- ཀག་གྱི།
- ཡིག་གཟུགས་འདི། སྨིན་སྒྲོལ་གླིང་གི་སྨིན་རིས་འདི།
- ཀསྨིན་རིས་རང་དེ་དེང་སང་འབྲི་མཁན་མི་འདུག་གོ།
- ལགས་ཟེ།
- ཀམི་འདུག།
- ལགས་ལགས་ཟེ། ཨ་ནི་སྨིན་སྒྲོལ་གླིང་གི་དེ་ག་རེ་ཟ། བུམ་པ་དེ་ས་ཆུ་བུམ་པ་དེ་སྦྱིན་རླབས་ཞེ་པོ་ཅིག་ཡོའོ་རེད་རེད་པ་རེད་པས།
- ཀལགས་འོ།
- བུམ་པ་དེ། ས་ཆུ་བུམ་པ་དེ།
- ཀས་ཆུ་བུམ་པ་ཟེར་ཡས་དེ་ཁོ་ར་སྔ་མོ་་་་་་་་་་་་་་་་ནང་ནས་དེ་འདྲས་ཡ་གིའི་སྲས་བཟོ་ཡས་ཀྱི་ས་བསྲུང་བུམ་པ་གཅིག་ཡོའོ་རེད་ཡ་གིའི་ལ་ཡི་གིའི་ལ་ཨོརེ་ལོ་རེ་རིན་པོ་ཆེ་སྔོན་བ་གཅིག་ཕེབས་ཀྱི་རེད། ཟླ་བ་དྲུག་པའི་ཚེས་པ་བཅོ་ལྔ་ཉིན་མོ་ཕེབས་ཀྱི་རེད།
- ལགས་ཟེ། དེ་བོད་ཡོངས་ལ་བཏང་གི་ཡོའོ་རེད་པས། དེ་བོད་ཀྱི་ས་ཆ་ཡོངས་ལ་བཏང་གི་ཡོའོ་རེད་པས་སྔ་མ།
- ཀབཏང་གི་ཡོའོ་མ་རེད་དི། ས་ཆུ་བུམ་བུ་ཞེ་པ་གཏོང་མཁན་དེ་ང་ཚའི་མ་རེད་ད། དེ་རེད་རྣམ་རྒྱལ་སྐུ་ཞབས་དང་བླ་མ་རྒྱུད་པ་རེད། དེ་བག་ཞེ་དྲག་སླེབས་ཀྱི་རེད།
- ལགས་ཟེ། དེ་སྨིན་སྒྲོལ་གླིང་དང་འབྲེལ་བ་ཡོའོ་རེད་པས།
- ཀལགས།
- སྨིན་སྒྲོལ་གླིང་དང་འབྲེལ་བ་ཡོའོ་རེད། རེད་པ།
- ཀའབྲེལ་བ་ཡོའོ་མ་རེད། དེ་ལ་འབྲེལ་བ་ཡོའོ་མ་རེད། ད་ང་ཚོ་ད་ག་ཟེར་དེ་བག་སྡེ་པ་གཞུང་གི་ལས་ཀ་མང་པོ་བྱས་དེ་འདྲས་ཀྱི་སྐུ་ཕུལ་དེ་འདྲས་ཟེར་མང་པོ་ཅིག་བྱས་ཙང་དགོན་པ་གསར་པ་བཟོ་གྱི་རེད་པ་བོད་ཡོངས་ལ་གཏོག་ཡས་དེ་ང་ཚོ་ལ་ཡོའོ་མ་རེད། དེ་ཡང་རྩེ་རྣམ་རྒྱལ་སྐུ་ཞབས་ཟེར་ཡས་ཅིག་རྣམ་རྒྱལ་གྲྭ་ཚང་དང་བླ་མ་རྒྱུད་པ་རེད།
- ལགས་ཟེ་ལགས་ཟེ། རེད་རེད། དགེ་ལུགས་པ་དང་རྙིང་མ་བར་ལ་འབྲེལ་བ་དེ་གག་འདྲས་ཅིག་ཡོའོ་རེད། དེ་དགའ་ལྡན་ཕོ་བྲང་སྐབས་ལ་དེ་གཉིས་བར་ལ་འབྲེལ་བ་གང་འདྲས་ཡོའོ་རེད།
- ཀདགའ་ལྡན་ཕོ་བྲང་གི་སྐབས་ལ་ད་མི་རྒྱལ་བ་ལྔ་པ་དང་གཏེར་བདག་གླིང་པ་བླ་སློབ་རེད་པ། བླ་མ་དང་སློབ་མ། དེ་ཡིན་ཙ་དེ་གཉིས་འབྲེལ་བ་ཆེན་པོ་ཡོའོ་རེད། དེ་ནི་མི་རྒྱལ་བ་སྐལ་བཟང་རྒྱ་མཚོའི་དུས་ལའི་སྨིན་སྒྲོལ་གླིང་འབྲེལ་བ་ཆེན་པོ་ཡོའོ་རེད། བདུན་པ་རེད་པ། ད་ཚངས་དབྱངས་རྒྱ་མཚོ་བཞུགས་ཡས་ཡའི་བཞུགས་ཡོའོ་མ་རེད་པ། ཚེ་གང་པོ་དེ་ཁོ་ར་རྒྱལ་ས།
- རེད་རེད། སྣེ་གདོང་རྒྱལ་པོའི་སྐབས་ལ། ཕག་མོ་གྲུབ་པའི་སྣེ་གདོང་རྒྱལ་པོའི་སྐབས་ལ།
- ཀདེ་དུས་ང་ཚོ་སྨིན་གླིང་ཆག་ཨ་ཡོད་ན། ཆག་ཡོའོ་མ་རེད།
- ལགས་ཟེ་དེ་དེ་དུས་དེ་འདའི་དི་ཡོའོ་མ་རེད་པས། ལྷ་ཁང་དེ་འདྲས། ག་གའི་ཡོའོ་མ་རེད་པ།
- ཀཡོའོ་མ་རེད་དེ་དུས་ང་ཚོ་སྨིན་གླིང་ཆག་ཡས་ཁོ་ར་ཆག་ཡོའོ་མ་རེད། སྨིན་གླིང་ད་ཆག་ནས་ད་ལོ་བཞི་བ་རྒྱ་མ་ཟིན་ཙམ་སོང་ཡོའོ་རེད་པ། བཞི་བརྒྱ་ད་ལྟ་ཟིན་ཡོའོ་མ་རེད་སྨིན་སྒྲོལ་གླིང་དགོན་པ་ཆག་ནས།
- ལགས་ཟེ། རེད་རེད། དེ་དུས་ཕག་མ་གྲུབ་པའི་སྐབས་ལ། ཁྲི་བསྐོར་དེ་ག་གིའི་ཁོངས་སུ་གཏོགས་ཀྱི་ཡོའོ་རེད། སྨིན་གླིང་གི་ས་ཆ་དེ་ལུང་པ་དེ། ཕག་གྲུ་ཁྲི་བསྐོར་རེད་པས། ཁྲི་བསྐོར། ཁྲི་བསྐོར་དེ་ག་གིའི་ཡིན་ན་ངས་ཡག་པོ་ཧ་གོ་མ་སོང་། ད་ཁྲི་བསྐོར་ཡིན་ཡས་ནི་གཡའ་བསང་ཁྲི་དཔོན་ཡོའོ་རེད་པ། འཚལ་པ་ཁྲི་དཔོན། རྣམ་དཀར་རྩེ་ཁྲི་དཔོན། དེ་ག་གིའི་ཁྲི་ཡིན་ན་ས་ཆ་དེ་གོ་བག་གཏོགས་ཡིན་ན།
- ཨོའོ་འདི་ཆོ་ག་བཏང་གི་རེད་པ། སྨིན་སྒྲོལ་གླིང་འདི་དེ་ཞག་དང་སྤྱི་ཚོགས་རྙིང་པའི་བར་ལ་འབྲེལ་བ་གང་འདྲས་ཡིན་ནའི་རེད། སྔ་མ་གང་འདྲས་གང་འདྲས་བཏང་གི་ཡོའོ་རེད།
- ཀད་སྔ་མ་སྨིན་སྒྲོལ་རང་གི་གཏེར། གཏེར་ཆེན་རང་གི་གཏེར་ཟེར། གཏེར་ཁ་ཡོའོ་རེད་པ། གཏེར་བཟོ་ཁོ་རང་སྨིན་གླིང་གི་གཏེར་སྤྱད་རང་གི་གཏེར་ཞེས་པ་དེ་དང་པོ། དང་པོ་དེ་གཡའ་མོ་ལུང་ནས་རིན་འཛིན་མཐུ་ཐེབས་ཞུས་པ་རེད་ཚིག་གྲུབ་ཞུས་པ་རེད་དེའི་དུས་ལ་སྨིན་གླིང་ལ་ཆག་ནས་སྔ་མ་ཡིན་ནའི་རེད་དེང་སང་ཡིན་ནའི་རེད། དེ་ནས་ཡར་ཀླུང་ཤེལ་གྱི་བྲག་ནས་གཤིན་རྗེ་དྲེ་འཇོམས་ཀྱི་གཏེར་བྱས་པ་རེད། དེ་ཡའི་དེང་ས་ལོ་མཇུག་དུས་སྟོན་ཆེན་མོ་ཟེར་ཡས་དེ་སྔ་མོ་ནས་གནས་གཟིགས་ཕ་ཚོང་ཆེན་པོ་གཅིག་གནང་གི་རེད། དེང་སང་ང་ཚོ་རྒྱུས་ཡོའོ་རེད། གནས་གཟིགས་ཕ་ཚོང་གསར་པ་བཙུགས་ཡོའོ་རེད། ད་འོང་གཏེར་བདག་གཏེར་ཆེན་གང་འདྲས་བྱེད་དགོས་རེད། དེ་ནི་ཐུགས་རྗེ་མོན་ཤ་བའི་བདག་སྐོར་ནས་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུན་གྱི་ཆོས་སྒོ་བྱེད་པ་རེད། དེ་ལ་ཁོ་ར་མཆོག་སྒོ་ཡན་ལག་བྱས་མཆོག་སྒོ་ཁ་ཤས་ཡོའོ་རེད། སྨིན་གླིང་གི་མཆོག་སྒོ་གཙོ་བོ་གཅིག་རེད།་་་་་་་་་་་་་་་་་་་་་་་་་་་་་་གཏེར་གསར་རང་གི་སྐོར་དེ་དེ་འདྲས་ཅིག་རེད་དོ།
- ཀདེ་ནི་གཏེར་སྤྱད་ཁོ་རང་གི་ཆོ་ག་་མ་ཡིན་པ་ཁོ་རང་ལ་བཀའ་ཕབ་པ་འབུམ་ཆེ་བ་དང་མངའ་བདག་ཉང་ཆོ་ག་་ཚང་མ་བཀའ་ཕབ་སྒོ་རེད་པ་ཁོ་རང་ད་ཉང་གི་གདུང་རབས་བཅུ་དྲུག་ཡིན་ན་གཅིག་གི་དུས་ལ་དེ་ནི་ཉང་གི་དམའ་པོ་ཆག་ནས་དེ་ནི་ཆོ་ག་སྒོ་བསྐྱར་གསོ་གནང་ཡས་ཀྱི་ཁོ་ར་ལུང་བསྟན་ཡོའོ་རེད་པ་མགུ་རུ་དེ་ནི་དེ་ཚོ་མངའ་བདག་ཉང་གི་བཀའ་རྒྱས་བདེ་གཤེགས་ཆེན་མོ་ཟླ་བ་གཉིས་པའི་ནང་ལ་གདུང་ཆོས་རག་ཚུགས་ཀྱི་ཡོའོ་རེད། དེའི་ག་དུས་སྨིན་དྲུག་ཡའི་གནང་གི་རེད། འཛོམ་འཛོམ་ལོ་གསར་མ་གཏོགས་གནང་གི་མ་རེད། ཞེ་བྲོ་ཆེན་རང་ཚོགས་ཀྱི་རེད།
- ཀདེ་ནི་གྱང་གི་མཚོན་འགྲམ་ཕ་གས་མགུ་རུ་ཆོག་གི་འཇུག་གུ་གོ་ནས་གསང་འདུས་་ཟེར་ཡས་དེ་འདྲས། དེང་སང་ཚེས་བཅུ་དོན་ཡས་དེ་རེད། མགུ་རུ་མཆོག་གི་མཁྱེན་པ་དེ་དེ་ནས་མགུ་རུ་མཆོག་ཆོ་ག་སྒོ་ཟེར་ད་ཕུར་པ་ཡང་གསང་གི་སྤུ་གྲི་ཟེར། ཨོའོ་ད་དེ་དེང་སང་ཉམས་པ་སོར་ཐུབ་ཡོའོ་མ་རེད། དེ་འདྲས་ད་འགའ་རོག་ཅིག་སོར་ཐུབ་ཡོའོ་མ་རེད། དེ་ནས་ཉམས་ཀྱི་བརྟེན་པ་ལུ་དྲི་ཡོའོ་རེད། འོ་དེ་ནས་བྱམས་དེ་བྱམས་བརྩེ་ཡོའོ་རེད། ་་་་་་་མང་པོ་གཅིག་ཕྱག་ལས་གནང་གི་རེད། བཀའ་ཕབ་པ་དེ་ཚོ་ད་དེང་སང་ལག་ལེན་དེ་གནང་ཐུབ་ཡོའོ་མ་རེད། ད་ལག་ལེན་བྱེད་ཡས་ལ་བླངས་ན་དཔལ་འབྱོར་གྱི་ལྡང་གི་མ་རེད་པ། དེ་ནི་གྲྭ་པས་ཀའི་ཆ་རྐྱེན་ལྡང་གི་མ་རེད། ད་ཕལ་ཆེར་བླུན་མོངས་རེད་ད། སྤུ་གུ་གསར་པ་དེ་ཚོས་ཧ་གོ་གི་མ་རེད་པ། རྒན་པ་དེ་ཚོ་ཤི་པ་རེད་པ། ད་ཁག་པོ་རེད།
- ཀསྔ་མ་ནི་བོད་ས་གནས་སྲིད་གཞུང་གི་ད་སྦྱིན་བདག་བྱས་ནས་སྐུ་རེན་མང་པོ་བྱེད་དགོ་རེད་པ་དེ་གས་སྔ་མོ་མང་པོ་ཚུགས་དགོས་རེད།ད་དེང་སང་ཆེ་བ་འདྲ་དེ་གཏེར་ཚེན་རང་གི་ཆོ་ག་སྒོ་འདྲ་དེ་མ་སྣུབས་ཙམ་ཅིག་གསོ་ཡོའོ་རེད། དེ་ནི་ཉམས་པ་དེ་ཚོའི་ཆོ་ག་སྒོ་མགུ་རུ་མཆོག་ག་དེ་ཚོ་ཏོག་ཙ་ཏོག་ཙ་གསོ་ཡོའོ་རེད། གཞན་དག་བཀའ་རྒྱས་དེ་ཚོ་བྲོ་ཆེན་སྔ་མ་ཆེ་བ་དེ་གས་ཚང་མ་བཙུགས་ཡོའོ་རེད། གཅིག་པོ་དེ་གས་རྒྱུན་དུ་ལས་ཀ་མེད་པ་བྱས་དུས་སྐབས་དུས་སྐབས་ལས་ཀ་ཡོའོ་རེད་པ། ཡང་བསྟན་པའི་བསྟན་ཚིག་གི་ལས་ཀ་བྱས། སྦྱིན་བདག་ཆེན་པོ་དེ་ཚོའི་ལས་ཀ་བྱས་དགོན་པ་རང་ལ་དེ་འདྲས་ཟེར་གའི་ཡོའོ་མ་རེད་པ། རྒྱུ་འགྲོ་སོང་ཆེན་པོ་རེད། ད་ཚང་མ་ཁག་ཆེ་ས་འདྲ་དེ་ཚོ་ཚུགས་ཐུབ་ཡོའོ་མ་རེད། ད་དེ་ཚོ་ཡིན་ཡའི་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱང་རེད་པ། འདོད་ཟེར་ཡས་འདྲ་བུ། གནས་བཟོས་ཕར་པོ་ཟེར་ཡས་དེ་འདྲས་སྔ་མོའི་ད། དེ་ནི་སྔ་མོ་དེ་ཚོ་རྒྱུད་འདྲ་དེ་ཚོ་བཤད་གྲྭ་ཆེན་པོ་འདྲ་ཅིག་ཡོའོ་རེད། དུས་ལ་མི་གཅིག་པའི་མཁས་པ་ཆེན་པོ་ཐོན་ནས་དབྱར་ཆོས་དགུན་ཆོས་ཀྱི་བཤད་གྲྭ་ཆེན་མོ་ཟེར་རྒྱུན་དུ་ནས་གསང་བ་རྙིང་པོ་གཙོ་བོར་བྱས་པའི་ཆོས་དེ་མང་པོ་བཤད་པ། ད་དེང་སང་ང་ཚོ་སྟོང་པ་མེད་ཙམ་ཅིག་ལ་བཤད་གྲྭ་གཅིག་བཙུགས་ཡས་བཙུགས་ཡོའོ་རེད། བཤད་གྲྭ་རྒྱ་ཆེན་པོ་ཡོའོ་མ་རེད་མི་ཡོའོ་མ་རེད་ད་གྲྭ་པ་མཁྱེན་པོ་བྱས་ཚོགས་ཆེན་ཆེ་པོ་གླ་པ་བྱས་ནས་གདན་འདྲེན་ཞུས་ཡོའོ་རེད་ད་ལོ་བཞི་ལྔ་གཅིག་སོང་ཡོའོ་རེད། ད་ལྟ་ཡིག་ཚད་ཐོན་པ་ཟ་བྱུང་ཡོའོ་མ་རེད། གྲྭ་པའི་ད་བཅུ་ཙམ་ཅིག་ལས་མེད། མི་ལྡང་གི་མི་འདུག། མང་པོ་བཙུགས་ལ་མི་ལྡང་གི་མི་འདུག།
- ལགས་ལགས་ཟེ། གྲུབ་མཐའ་ཡོད་ཀྱི་རེད།
- ཀགྲུབ་མཐའ་ད་ལྟ་གྲུབ་མཐའ་ལྟེ་བ་བཙུགས་ཡོའོ་མ་རེད། ད་བཤད་གྲྭ་དེ་གས་ཕ་རུ་བཙུགས་ནས། དེ་ནས་འཕྲོས་དེ་གས་གྲུབ་མཐའི་ཁུངས་རེད། གཞན་ད་གྲུབ་མཐའ་དངོས་བཙུགས་ཐུབ་ཡོའོ་མ་རེད་ད།
- སྔ་མ་རྒྱ་ཆེན་པོ་ཡོའོ་རེད་པ་གྲུབ་མཐའ།
- ཀསྔ་མ་གྲུབ་མཐའ་རི་བོའི་བརྩེ་ཡ་རེད་སྟོད་ཡར། མཐོ་ལྕོག་གཅིག་མི་འདུག་ད་གའི་ཡོའོ་མ་རེད། གྲུབ་མཐའ་གཅིག་ཡོའོ་རེད། ད་གཏེར་བདག་གླིང་པོ་རང་གི་གྲུབ་མཐའ་དེ་འབྲས་བུ་བདེ་བ་ཅན་ཟེར་ཡ་གའི་སྟོད་སྟོད་ཡ་གའི་ཡོའོ་རེད་སྔ་མ། ང་ཚོའི་དུས་སྐབས་ལ་མི་འདུག། ད་ཕལ་ཆེར་ཁག་གཉིས་པོ་སོ་སོའི་གྲྭ་ཚང་ནང་ལ་བཞུགས་ཡོའོ་རེད། རེད་པ།
- གསུམ་བརྒྱ་ཙམ་ཅིག་ཡོའོ་རེད་གསུང་པ་རེད་རེད་པ། ལྔ་བཅུ་ང་དགུའི་གོང་ལ་གསུམ་རྒྱ་ཙམ་ཅིག་ཡོའོ་རེད་པ།
- ཀལགས།
- ལྔ་བཅུ་ང་དགུའི་གོང་ལ་གསུམ་བརྒྱ་ཙམ་གཅིག་ཡོའོ་རེད།
- ཀགསུམ་བརྒྱ་ཙམ་གཅིག་ཡོའོ་རེད།
- བཤད་གྲྭའི་ནང་ལ་ང་ཚོད་ཡོའོ་རེད། གྲུབ་མཐའི་ནང་ལ་ག་ཚོད་ཡོའོ་རེད་སྔ་མ།
- ཀསྔ་མ་དེ་རེད་ཨོའོ། ་་་་་་་་་རྙིང་མའི་ག་མཚམ་བཤད་གྲྭ་དམིགས་གསལ་ཡོའོ་མ་རེད། སྨིན་གླིང་མཁས་ཆེན་གྱི་བཀའ་ཆོས་གནང་གི་རེད་དའི་དེ་ནི་འཛོམ་རེད་ཉི་ཤུ་རྩ་གཉིས་རྩ་གསུམ་འདྲ་བུ་འཛོམ་རེད་གསུམ་བཅུ་སོ་གྲངས་འདྲ་བུ་འཛོམ་རེ་ག་ཚོད་ཡིན་ན་དམའ་པོ་ཡོའོ་རེད། གྲུབ་མཐའ་རྒྱུན་དུ་ཆ་ཚད་དེ་གྲྭ་པ་བདུན་རེད། དེ་ལོ་རེད་ལོ་རེད་བརྗེས་ཀྱི་རེད།
- ལགས་ཟེ། མཁྱེན་རེན་པོ་ཆེ་སྤྱི་ཚོགས་རྙིང་པའི་སྐབས་གྲུབ་མཐའི་ནང་ཞུགས་མྱོང་ཡོའོ་རེད་པ།
- ཀང་ཨས།
- ལགས་འོང་།
- ཀང་སྤྱི་ཚོགས་རྙིང་པའི་སྐབས་གྲུབ་མཐའི་ནང་བསྡད་ཡོའོ་མ་རེད། དེ་དུས་ང་གྲྭ་པའི་གྲྭ་ཁུངས་ཁོངས་དའི་བཤད་གྲྭ་ལ་ཏས་ཙ་བསྡད་པ་རེད། བཤད་གྲྭའི་ནང་ལ་བསྡད་པ་རེད། དེ་ན་ཨ་ལའི་ལོ་ཆུང་ཆུང་བྱས་དེ་ནི་ལོ་ཉི་ཤུ་རྩ་གྲངས་དེ་བར་དཔེ་ཆ་ལྟས་པ་རེད་དེ་ནི་བཅོས་བསྒྱུར་བཏང་པ་རེད་པ་གྲུབ་མཐའ་ལ་བསྡད་ཡས་བྱུང་མ་སོང་། དུས་ཚོད་ལྡང་མ་སོང་། ཨ་ལའི་དེ་དུས་ལོ་ཉི་ཤུ་རྩ་གཉིས་རྩ་གསུམ་བར་དུ་དགོན་པར་ད་དགོན་པའི་ནང་ལོག་ལ་གཅིག་སློབ་དགོས་རེད་པ། ད་གས་ཤེས་ཀྱི་མི་འདུག། དགོན་པའི་འདོད་ཡོན་མཆོག་ཆེན་ཕྱོགས་ཁག་ཟེར་ཡས་འདྲ་བུ། དཀྱིལ་འཁོར་འདྲེན་ཆེན་ཟེར། བཀའ་སྡིག་མང་པོ་སློབ་དགོས་རེད་པ། དེ་ནི་ཉི་ཤུ་རྩ་གཉིས་རྩ་གསུམ་ད་བར་དཔེ་ཆ་འདྲ་བཤད་གྲྭ་བལྟས་པ་རེད། དེ་ནི། དེ་ནི་ཉི་ཤུ་རྩ་དགུའི་ཚམ་དེ་བག་ཟིང་འཁྲུག་ལངས་ཚར་པ་རེད་པ།
- གྲུབ་མཐའ་དེ་དི་བྱས་པ་རེད་པ། སྒྲིག་ལམ་དང་སྒྲིག་སྲོལ་དང་གྲུབ་མཐའ་དེ་གང་འདྲས་ཟེར་གྲུབ་དགོས་ཡོད་མེད། དེ་ཚོའི་སྒང་ལ་ཅིག་མཁྱེན་འདུག་གོ།
- ཀད་ཚོ་ད་ཁོ་རང་གི་གྲུབ་མཐའི་ད་མི་ཉིན་མཚན་ད་མི་གཙོ་བོ་གཅིག་མཐུན་བཞི་རེད་པ། མཐུན་བཞི་དེ་འདྲས་ལས་བྱས་དང་པ་ཨོགྲུབ་མཐའི་ནང་ལ་ཕྱིན་ནས་དང་པོ་སྔོན་འགྲོ་ཆ་ཚང་བལྟ་དགོས་རེད། སྔོན་འགྲོ་ཚར་སོང་ན་ཡང་ལོ་གཅིག་ལ་དེ་འདྲས་བྱས་ནས་ད་ཁ་ཤས་གས་སྡུག་རུས་བྱས་ནའི་སྔོན་འགྲོ་ལའི་བཏང་ཚར་གྱི་མ་རེད། ད་ཨེནི་ཁ་ཤས་མི་དི་བཏང་ནས་ཡང་སྔོན་གཞི་དེ་ནི་ད་ལྟའི་ལའི་ཐུགས་རྗེ་ཆེན་པ་རྡོ་རྗེའི་མཚན་ཟ་སྔོན་གཞི་བཏང་ནས་ཤིང་རྟ་གི་སྒང་ལ་བཏང་གི་རེད། དེ་ནི་དེ་ལ་དི་བྱས་ནས་དེའི་ནང་ལ་ཁོ་རའི་རྡོ་རྗེའི་དམིགས་གསལ་གྱི་ད་སྡེ་བདུན་འདྲ་བུ་ཁོ་རང་གང་ཡིན་ནའི་ལའི་གྲུབ་མཐའི་སློབ་དཔོན་གཅིག་ཡོའོ་རེད་དེ་གས་དེ་བྱས་ནས་དུས་ཚོད་དུས་ཚོད་ཀྱི་གྱངས་བརྡུངས་ནས་ནི་མཐུན་ད་ཨེཉི་མོ་བཞི་དེ་སུས་སྔ་མཐུན། ཐུགས་མཐུན། དགོང་མཐུན། སྲོས་མཐུན་དེ་ནགས་ཆ་རྐྱེན་ཚང་པ་བྱས་ནས་ཚུགས་དགོས་རེད་དེ་ནི་དེ་འདྲས་བྱས་ནས་སྐབས་སྐབས་ལ་བྱུང་ན་དེ་ནི་ཡང་ཁ་ཤས་ཡང་རྩ་རླུང་འདྲ་དེ་འདྲས་རླུང་ཟ་དེ་འདྲས་རྒྱག་དགོས་རེད་པ། དེ་ནི་དེ་ནི་མི་དགོན་པ་མཐོ་བ་དེ་ཚོ་ཡང་མི་གཅིག་གི་ཡང་རྫོགས་རིང་སྐོར་འདྲ་བུ་དེ་ནི་དེ་ནི་མི་སོ་སོའི་བློ་འདོད་མཐུན་པ་སོ་སོའི་མི་གཅིག་ཚ་པ་ཚར་ཡོའོ་མ་རེད་ཁ་ཤས་ཡང་རྫོགས་ཆེན་གྱི་ཐེགས་བརྗོད་འདྲ་བུ་དེ་འདྲས་བལྟ་གྱི་རེད། ད་ལགས་ཟེར།
- དེ་ནི་ཨོང་། སྤྱི་ཚོགས་རྙིང་པའི་སྐབས་སུ་དེ་ནི་ཐེགས་ཆེན་དང་ཐེགས་དམན་གྱི་སྒོམ་རྒྱག་ཚུལ་དེ་གང་ཚད་འདྲ་སྒོམ་གྱི་ཡོའོ་རེད།
- ཀདགོན་པའི་ནང་སློང་མ་དང་དེ་འདྲས་རྒྱབ་པ་མང་པོ་ཡོའོ་རེད། དེ་འདྲས་དང་། གཙོ་བོ་དེ་ང་ཚོ་དེ་རེད། ཐུགས་རྗེ་ཆེན་པོའི་རྩ་རླུང་ཁྲོ་འཁོར་རེད།
- དེ་ནི་རྩ་རླུང་དང་། ཁྲོ་འཁོར་དང་། ཐེགས་ཆེན་བཙུགས་སྐྱོགས་དེ་ཚོ་གཅིག་གི་་་་་་་་་་འགྲོ་གི་འདུག་གས་དགོན་པའི་ནང་ལ།
- ཀད་དེང་སང་ཨས། དེང་སང་ཡོའོ་མ་རེད་ད་གསར་པ་རེད་པ།
- གཅིག་རྐྱང་མི་འདུག།
- ཀགཅིག་ཡའི་ཡོའོ་མ་རེད། ད་ཕལ་ཆེར་རྩ་རླུང་དེ་ཚོ་ང་ཚོས་རང་གི་རང་ལུགས་ཀྱི་རྩ་ཀླུང་དེ་ད་ཕལ་ཆེར་ང་ཚོས་ཞུག་གུ་དེ་ལ་ང་ཚོའི་འདི་ལ་སྔ་མ་རྩ་རླུང་ཁྲོ་འཁོར་ཞུགས་པ་བླ་མ་གཅིག་ཡོད། ཁོང་ནའི་ཞུགས་མ་སོང་སྔ་མ་རྩ་རླུང་དང་དེ་འདྲས་མང་པོ་གནང་པ་དེ་འདྲས་གཅིག་ཡོད། དེ་ནི་ང་དགེ་རྒན་གཅིག་ཡོའོ་རེད་པ། ཁོང་ནའི་སྔ་མོ་ནས་འདས་ཟིན་པ་རེད་པ། སྤྱི་ཚོགས་རྙིང་མའི་སྐབས་ནས་འདས་སོང་བ་རེད་པ། ཁོང་་་་་་་་དཔེ་ཡག་པོ་ཡོའོ་རེད། གྲུབ་མཐའ་ཆེ་པོ་རེད་སློབ་མ་བླ་མ། དེ་ནི་གཙོ་བོ་འདྲ་བུ་མི་བླ་བྲང་གི་བླ་མ་ཡོའོ་རེད་པ། དེ་ནི་ཁ་ཨོརྔ་ཚོ་གི་གནང་གྱི་རེད་དེ་འདྲས་དེ་ཚོ། དེའི་ཁྲིད་དེ་ཚོས་མཁྱེན་རེན་པོ་མཁྱེན་པོ་དང་ཡོའོ་རེད་པ་ང་ཚོའི་བླ་མ་ད་ཚོས་གནང་གི་རེད། གྲྭ་པ་སོ་སོ་ད་སོ་སོའི་མོན་སློབ་ཚང་པ་རེད་མ་པ་ཅིག་གི་དེ་འདྲས་ཀྱི་ཡང་ཏན་ཏན་གྱི་དེ་བྱས་ཡང་གྲུབ་མཐའ་ཡ་རུ་གྲྭ་པ་བདུན་གཅིག་གི་ཆ་རྐྱེན་ཡོའོ་རེད་མ་གཏོགས་དེ་མིན་གྱི་ཤགས་སོ་སོ་ལ་མང་པོ་བྱེད་མཁན་ཡོའོ་རེད། གྲྭ་ཚང་སོ་སོ་དེ་འདྲས་ཐག་ཉེ་ལོས་བྱས་དེ་འདྲས་མང་པཔ་ཡོའོ་རེད་དེའི་སྐབས་དུས།
- གདུང་བརྒྱུད་རེད་རེད་པ།
- ཀལགས་འོ།
- གདུང་བརྒྱུད་རེད་པས།
- ཀགདུང་བརྒྱུད་རེད།
- ལགས་ཟེ། བླ་མ་ཆག་དགོས་ན་ཚད་གཞི་ག་རེ་ཡོའོ་རེད། བླ་མ།
- ཀལགས།
- བླ་མ་ཆག་པ་བྱེད་དགོས་རེད་པ་བླ་མ། ལོ་གསུམ་ཟླ་གསུམ་ཞགས་གསུམ་སྒོམ་རྒྱག་དགོས་རེད་པས།
- ཀབླ་མ་དེ་བྱས་ནས་གདུང་རྒྱུད་དེ་ཁོ་རང་གི་བུ་ཡོའོ་རེད་པ་སྤུ་གུ་སྐྱེས་ཀྱ་རེད་པ། དེ་ནི་སྤུ་གུ་རྒན་ཤོས་དེ་གས་ཁྲིད་དོན་བྱེད་ཀྱི་རེད་པ། དེའི་འོག་ལ་མཁྱེན་གོ་གནང་གི་རེད་པ། དེ་ནི་སོ་སོས་མི་དུས་ཚོད་དུས་ཚོད་ལ་དེ་འདྲས་ཀྱི་དེ་འདྲས་མར་ཁྲིད་དོན་གྱི་ཡོན་ཏན་སྦྱངས་གཞུང་རིག་གནས་སྦྱངས་དེ་ནི་དེ་འདྲས་བྱས་་་་་་་་སྒོམ་རྒྱབ་དེ་འདྲས་གནང་གི་རེད་པ། ད་དུས་ཚོད་ཏན་ཏན་འདི་ཟེར་ཡོའོ་མ་རེད་ལགས།
- ཚད་གཞི་ག་ག་ཙམ་བྱས་ནས་དེ་ནི་བླ་མ་ཆག་གི་ཡོའོ་རེད།
- ཀལགས།
- རིམ་པ་དེ་ང་ཚོས་ཅིག་ནས་བླ་མ་ཆག་གི་ཡོའོ་རེད།
- ཀརིམ་པ་ཟེར་བྱས་ནའི། བླ་མ་ཡིན་ན་ཨ་ལའི་མི་སྔགས་ཟེར་མདོ་སྔགས་ཟེར་ཚད་མ་གཞུང་བཟུང་གཞུང་སྒང་ག་འགའ་རབ་མི་ཤེས་ན་བླ་མ་ཆགས་ཀྱི་མ་རེད། དེ་ཚོ་སྒང་ག་རིག་གནས་ཆུང་བ་རེད་པ།
- ལོ་ག་ཚོད་ཟེར་སླེབས་ཀྱིས་གནང་།
- ཀལགས།
- དེ་ཆ་ཚང་དེ་བྱས་ན་ལོ་ག་ཚོད་སླེབས་ཀྱི་རེད།
- ཀཨོང། ཆ་ཚང་བྱས་ན་དེ་བྱས་ཁོ་རའི་བཤད་རའི་དཔེ་ཆ་ཐོན་པ་དེའི་དུས་ཚོད་སླེབས་ཀྱི་རེད་པ་དེ་ནི། དགེ་བཤེས་ཟེར་ཡས་དེ་བཏང་དགོས་རེད། སྔགས་རམས་ཟེར་དེ་དང་རབ་བྱམས་གཏོང་དགོས་བག་ཁོ་དུས་ཚོད་སླེབས་སོང་ན། དེ་ནི་ཁོ་རང་ཐོན་སོང་དུ་ན་དེ་ནི་དུས་ཚོད་རྩམ་པ་རེད། ལོའི་ལོ་ཚད་ཡོའོ་མ་རེད།
- བླ་མ་ག་ཚོད་ཙམ་ཡོའོ་རེད་སྔོན་མ།
- ཀདགོན་པའི་ནང་གི་གྲྭ་པ་ཡིན་ན་དེ་འདྲས་ཟེར་བྱེད་དགོས་རེད། བླ་མ་ཡིན་ན་ཁོ་ར་ད་བླ་མ་གཙོ་བོ་དེ་བླ་མ་གཉིས་རེད། མཁྱེན་པོ་གཅིག་དང་ཁྲི་པོ་གཅིག་ཁྲི་ཆེན་གཅིག། དེ་ནི་དེ་མིན་གྱི་བླ་མ་ཐོས་པས་ཡོའོ་རེད་པ་དེ་གྲྭ་པ་དཀྱུས་མའི་ནང་ལ་བཞུགས། དེ་དེ་བྱས། ཆོས་མཛད། བླ་མ་ཆོས་མཛད་ཟེར་དེ་ལ་གོ་གནས་འདྲ་བུ་གའི་ཡོའོ་མ་རེད། གྲལ་མགོ་ཡ་གི་ལ་བཞུགས་ཀྱི་རེད། ཆོས་མཛད་ཟེར་ཙ། གཞོན་གྲལ་ལ་རྒྱུགས་དགོས་མ་རེད། གཞན་གྲྭ་པ་དམངས་ཀྱུག་རེད། རྨང་གཞི་རེད་གྲྭ་པ། དཀྱུས་མ།
- ཁྲི་པ་གདུང་རབ་རེད་པ།
- ཀཁྲི་པ་གདུང་རབ་རེད།
- མཁྱེན་པོ།
- ཀམཁྱེན་པོ་གདུང་རབ་དེའི་སྲས་གཞོན་པ་དེ་མཁྱེན་པོ་རེད་པ། སྲས་རྒན་པ་དེས་ཁྲི་འཛིན་གདུང་རྒྱུད་འཛིན། གཞོན་པ་དེ་གྱི་མཁྱེན་པོ་བྱས་ཁོ་རབ་བྱུང་ཕྲུ་གུ་རེད་པ། གདུང་རབ་འདྲ་བུ་གཅིག་ལའི་ཡོའོ་མ་རེད།
- ལགས་ཟེ་ལགས་ཟེ། བཤད་གྲྭ་ནང་ལོག་ལ་ལོ་ག་ཚོད་སྦྱངས་དགོས་རེད། བཤད་གྲྭ་ཐོན་དགོས་ན།
- ཀབཤད་གྲྭ་ཐོན་ཡས་ལ་ང་ཚོའི་འདི་རུ་ལོ་ཚོད་མི་འདུག། ཁོ་ར་ཁོ་ར་ད་མཁས་པ་ཤར་ནས་བཤད་གྲྭ་ཐོན་པ་རེད་པ། ཁ་ཤས་དེ་ལོ་མང་པོ་མཁས་པ་ཤར་གྱི་མ་རེད་པ། ཁ་ཤས་དེ་ལ་མགྱོགས་པོ་མཁས་པ་ཤར་གྱི་རེད་པ་དེ་ནི་མཁས་པ་མི་ཤར་ན་ཡར་མཁྱེན་པོ་ཅེ་དག་ལ་སླེབས་ཀྱི་མ་རེད་པ། དེ་ནི་གྲྭ་པ་དཀྱུས་མའི་ནང་ལ་བསྡད་དགོས་རེད་པ།
- ལགས་ཟེ་ལགས་ཟེ། རྩོད་པ་རྒྱག་དགོས་རེད་པ་གཞུག་གཞུག་དའི།
- ཀལགས།
- བཤད་གྲྭ་ནང་ལོག་ལ།
- ཀརྩོད་པ། རྩོད་པ་དང་དེ་འདྲས་འགྲོ་གླེང་གནང་གི་རེད། ཡང་ང་ཚོ་རྙིང་མ་དབང་དེ་ཚད་མ་རྒྱ་ཆེན་པོ་ཆེན་པོ་གནང་གི་མི་འདུག།
- ལགས་ཟེ་ལགས་ཟེ། ཨོའོ་རེད་པ་རེད་པ།
- ཀདེ་གས་དེ་ནི་མཁྱེན་པོ་གདུང་རབ་ཁོའི་མི་ཚེ་བར་དུ་རེད་མ་གཏོགས། མཁྱེན་པོ་ཡོའོ་མ་རེད། དེ་དེ་ནས་གདུང་འཛིན་སློབ་དཔོན་ཡོའོ་རེད་པ་ཨོའོ་དེ་མར་ཁ་ཤས་ལོ་གསུམ་བཞི་འདྲ་བུ་ཁ་ཤས་ལོ་མང་པོ་གནང་གི་རེད་པ། མཁྱེན་པ་ཨོལྟེ་བ་དེ་གདུང་རྒྱུད་དེའི་སྐུ་ཚེ་རེད་པ་དེ་ནི་སྐུ་ཚེ་བྱས་ཡང་རྒན་ཁོག་བྱས་ཐད་ན་ཡང་རྗེས་མག་གི་སྲས་དེ་ཚོས་གནང་གི་རེད་པ། གཞན་དེ་ལ་གསར་པ་བཞེངས་ཡས་ཡོའོ་མ་རེད། མཁྱེན་པོ།
- མི་ཚེ་གཅིག་རང་བྱེད་བསྡོད་དགོས་རེད་པ།
- ཀའོང་། རེད་རེད། ཁོ་གདུང་བརྒྱུད་རེད་པ།
- རེད་རེད། དེ་དམིགས་གསལ་རེད། གདུང་རྒྱུད་རེད་ཟེར་གྱི་འདུག་ག། གདུང་རྒྱུད་བླ་མ། རེད་རེད།
- ཀགདུང་རྒྱུད་ནང་ལ་ཕེབས་པ་རེད་པ། ཐེགས་ཆེན་གྱི་སྲས་རྒན་པ་དེ་གས་ཁྲི་དཔོན་ཁྲི་པ་གནང་། ཁྲི་པ་གདུང་རྒྱུད་འཛིན། གཞོན་པ་དེ་གས་མཁྱེན་པོ་བྱས་ནས་ཁོ་རང་གི་སྐུ་ཚེ་བར་དུ་ཁྲི་པ་གནང་གི་རེད། དེ་ག་ཙམ་མི་ལྕོགས་འདྲ་བུ་བྱུང་ན་ཡང་སྲས་རྗེས་མག་གི་སྤུ་གུ་ཡོའོ་རེད་པ་སྲས་ཀྱི་སྲས་འོ་དེ་གས་གནང་གི་རེད། ད་འདིའི་ནང་ལ་ཆོས་ཀྱི་ཆོས་མཆད་མཁན་གྱི་མཁྱེན་པོ་དེ། དེ་ཡག་སློབ་མའི་ནང་ནས་དགེ་བཤེས་མང་པོ་དང་མཁས་པ་དེ་ཚོས་གྲྭ་པའི་ནང་ནས་དོན་གྱི་ཡོའོ་རེད་མངགས་རམས་དང་རབ་བྱམས་དེ་འདྲས་གས་དེ་ཚོས་གཙོ་བོ་གནང་གི་རེད། དེ་ནི་གདུང་འཛིན་ཟེར་ཡས་ཅིག་ཡོའོ་རེད་པ། གཙོ་བོ་གདུང་སློབ་ཟེར།
- ལགས་ལགས། རྡོ་རྗེ་སློབ་དཔོན་ཟེར།
- ཀའོང་། རྡོ་རྗེ་སློབ་དཔོན། ཨོའོ་དེ་སློབ་དཔོན་དེ་གས་དེ་ནི་ད་བར་ལ་ཆོས་ཆོས་ཁྲིམས་འདྲ་བུ། མཁྱེན་པོ་མ་ལོངས་ག་ཙ། མཁྱེན་པོ་ཆོས་ཁྲིམས་མ་ལོངས་ག་ཙང་ཡང་དེའི་ནང་གི་དགེ་བཤེས་མཁས་པ་དེ་ཚོས་གནང་གི་རེད། གྲྭ་པ་དེ་གས། མཁྱེན་པོ་ལྟེ་བ་དེ་ཁྲི་ཐོག་གཅིག་པོ་ད་ག་རེད་བརྗེས་ལན་ཡོའོ་མ་རེད།
- ལགས་ཟེ་ལགས་ཟེ། རེད་རེད་རེད།
- ཀད་མཁྱེན་ཐོག་མང་པོ་མི་འདུག་ག།
- རེད་ཕ་རྒྱུད་བུ་འཛིན་རང་རེད།
- ཀལགས།
- ཕ་རྒྱུད་བུ་འཛིན་རང་རེད། རེད་པ།
- ཀའོང་། ཕ་རྒྱུད་བུ་འཛིན་རང་རེད།
- རེད་རེད། ཁྲི་པ་དེ་གའི་ཕ་རྒྱུད་བུ་འཛིན་རང་རེད། ད་རྡོ་རྗེ་སློབ་དཔོན་དའི་ཐུག་གི་ཡོའོ་རེད་པ་གཙོ་བོ་ཆེ་ཤོས་དེ།
- ཀད་རྡོ་རྗེ་སློབ་དཔོན་གྲྭ་པ་ཟེར་ཡས་ཨོའོ་དེ་མདོ་སྨད་རང་ནས་ཕེབས་པ་རེད།
- རེད་རེད། ཡོན་ཏན་ཡོད་པ་དེ་རྡོ་རྗེ་སློབ་དཔོན་རེད། རེད་པ། མཁྱེན་པ་ཡོན་ཏན་ཡོད་པ་དེ་ཡའི་ཡོང་སྲིད་ཀྱི་རེད། ཡོན་ཏན་མེད་པ་ཡའི་ཡོང་སྲིད་ཀྱི་རེད།
- ཀད་མཁྱེན་པ་མི་གཙོ་བོ་འདྲ་དི་མཁྱེན་པ་ཡོན་ཏན་མེད་པ་མཁྱེན་པ་གནང་ཐུབ་ཀྱི་མ་རེད་པ། ཁོ་མི་ཚེ་ཁོ་ར་ལྐུགས་པ་ཡིན་ན་ལོ་ཡན་ཡོང་གི་རེད་པ། དེ་ནི་གཙོ་འདྲ་དི་རྡོ་རྗེ་སློབ་དཔོན་གྲྭ་པའི་ནང་ནས་ཡིན་ཙང་ད་དེ་རང་སོ་སོའི་མི་སྦྱངས་བརྩོན་ཆེ་ཆུང་གི་ཁྱད་པར་ཕྱིན་པ་རེད་པ།
- དགའ་ལྡན་ཁྲི་པ་དང་ཆ་རེད་རེད་པ།
- ཀཨོའོ་དེ་རེད།
- རེད་རེད་རེད།
- ཀདགའ་ལྡན་ཁྲི་པ་དང་ཆ་རེད།
- རེད་རེད། མཁྱེན་པོ་དེ་གས་ཕ་རྒྱུད་བུ་འཛིན་ཡིན་ཙང་ཁོ་ཚད་གཞི་འདྲ་དེ་སླེབས་ན་འགྲིག་འགྲོ་གི་ཡོའོ་རེད།
- ཀཨོའོ་རེད།
- རེད་པ།
- ཀརེད། སྔ་མོ་མཁས་པ་ཆེན་པོ་ཆེན་པོ་ཤ་སྟག་མ་གཏོགས་མཁྱེན་པོ་དེ་འདྲས་ཟེར་སྐྱོ་པོ་དེ་འདྲས་བྱུང་མི་འདུག། མཁྱེན་པོ་མཁས་པོ་ཤ་སྟག་བྱུང་འདུག།
- ལགས་ཟེ་ལགས་ཟེ། ་་་་་་་་དགོན་པའི་ནང་ལ་གྲུབ་མཐའ་ནས་ཐོན་པ་ཡིན་ན་དེ་ནི་རྡོ་རྗེ་སློབ་དཔོན་གྱི་མིང་ཐོག་གི་ཡོད། ་་་་་་་་བྱུང་པ་ཡིན་ན་དེ་ནི་མཁྱེན་པོ་ཡི་མིང་ཐོག་གི་ཡོད། ཡང་ཁམས་ཀྱི་ནང་ལོག་ནས་མི་མང་པོས་ཨ་ནི་སྐད་གྲགས་བྱེད་པའི་གྱི་མཁྱེན་པ་ཨ་ཆབ། མཁྱེན་པོ་ཨ་ཆབ་ཀྱི་སྒང་ལ་གྲུབ་མཐའ་བསྡད་པ་ཡིན་ན་ད་གཅིག་ལོ་གསུམ་དང་ཟླ་བ་གསུམ་དང་དེ་ཚོ་ཡང་མཁྱེན་པོ་ཡི་མིང་ཐོབ་ཀྱི་ཡོའོ་རེད། ད་མཁྱེན་པོ་ཁོང་ཚོ་ཨ་ནི་ཡིག་གེ་ཧ་ཅང་གི་མཁས་པོ་ཡོའོ་མ་རེད་ཡིན་ན་ཡང་ཁོང་ཚོ་ལག་རྩལ་མཁས་པོ་ཡོའོ་རེད། དེས་ཁོང་ཚོ་མཁྱེན་པ་ཨོལ་འཁོལ་བ་རེད། ད་ས་ཆ་གཞན་དག་ནང་ལོག་ལ་མཁྱེན་པོ་ཟེར་ན་ཡིག་གེ་མཁས་པོ་མ་གཏོགས་ད་གཅིག་གི་ལག་རྩལ་འདྲ་པོ་དེ་འདྲས་འདྲ་མཁྱེན་པོའི་མིང་ཐོག་གི་མ་རེད། དེ་ནི་སྤྱི་ཚོགས་རྙིང་པའི་སྐབས་སུ་ཡ་དབུས་གཙང་དང་ཁམས་འོག་དེ་འདྲས་འདྲ་བུ་གཅིག་གི་མི་མང་པོས་དགོངས་པ་འདྲ་ཞིག་ལ་དེ་ཚོ་འདྲ་པོ་འདྲ་པོ་ཡིན་ན་ཡང་གཅིག་ཡུལ་གྱི་འདྲ་མི་འདྲ་སློབ་གསོ་འདྲ་མི་འདྲ་རྒྱག་གི་ཡོའོ་རེད།
- ཀང་ཚོའི་འདི་རུ་རྡོ་རྗེ་སློབ་དཔོན་དེ་གཏེར་ཆེན་རེན་པོ་ཆེའི་སྐབས་ལ་བྱུང་ན་མཆོག་སྒ་ཚོགས་མེད་གཉེན་པོ་ཚར་སོང་། འོ་ཐུག་མ་བྱུང་ནའི་དཀྱིལ་འཁོར་ཆེན་པོ་གཅིག་གི་རྙེགས་པ་ཚར་མཐར་མ་ཕྱིན་བར་དུ་ཁོང་སློབ་དཔོན་བྱས་ཆོག་གི་མ་རེད། དེ་ནི་མཆོག་སྒ་ཚང་མའི་རྙེགས་པ་རྫོགས་པ་རེད། དེ་ནི་དེའི་ནང་ལའི་རབ་གནས་པ་དཀྱིལ་འཁོར་འགྲིག་འགྲིག་པ་དེའི་ནང་ལའི་ཚང་མ་ཁོག་ལ་ཆུབ་པ་བྱེད་དགོས་ཀྱི་རེད་སློབ་དཔོན་དེ་ཡོན་ཏན་ཆེན་པོ་དགོས་ཀྱི་རེད། སྔགས་ཀྱི་དིང་གཅིག་ཤེས་དགོས་རེད་པ། དིང་ཚང་མ་ཁོག་ཆུབ་དགོས་ཀྱི་རེད། ་་་་་་་་་་ཟེར་ཡས་འདྲ་བུ། མཆོག་སྒའི་གཞུང་འདྲ་བུ་དེ་འདྲས་ལག་ལེན་རབ་གནས་སྒང་ག་ཡིན་ན་ལའི་དེ་ཚོའི་ཚང་མ་ལས་ཀ་དེ་ཚོ་ཚང་མ་ཁོག་ལ་ཆུབ་དགོས་ཀྱི་རེད་སློབ་དཔོན་གྱི། དེ་མིན་ན་སློབ་དཔོན་ཡོང་གི་མ་རེད།
- ཡང་དེ་སྤྱི་ཚོགས་རྙིག་པའི་སྐབས་སུ་དེ་སྨིན་སྒྲོལ་གླིང་གི་དགོན་པ་ད་ག་ཚོད་་་་་་་་་་ད་དེ་ཚོ་མར་ཆད་ཀྱི་འཚོ་བ་གང་འདྲས་ཟེར་བསྐྱལ་གྱི་ཡོའོ་རེད་དཔེར་ན་ད། དགོན་པོ་ཡི་བཞུགས་གནས་དགོན་པོ་མཐོ་པོ་ཡིན་ན་ཡང་རང་གི་མིང་ཚང་ལ་རོགས་པ་བྱེད་ཡས། ཡང་་་་་་་་་ཤེས་ལྡན་མི་སྣ་གང་འདྲས་ཟེར་གསོ་དགོས་ཀྱི་ཡོའོ་རེད།
- ཀསྨིན་སྒྲོལ་གླིང་གི་སྔ་མ་གྲྭ་པ་གསུམ་བརྒྱ་དེ་གས་དེ་ནི་ཨོང་དེ་ནི་ཁ་ཤས་དབྱར་ཆོས་ཁོ་ར་གཙོ་བོ་ཚང་མ་རབ་བྱུང་མ་འགྲོ་གཅིག་ཡའི་ཡོའོ་མ་རེད། རབ་བྱུང་འདུག་དེ་ནི་དབྱར་ཆོས་དགུན་ཆོས་དེ་འདྲས་ཆོས་གྲྭ་དེ་ཚོ་ཕྱིན་དེ་ནི་རྒྱུན་དུ་དགོན་པའི་གཅིག་གི་ཡོའོ་རེད་པ་མཆོག་སྒ་དགའ་སྡིག་དབྱར་སོང་འཆམ་ཚང་མ་དེ་འདྲས་ཚང་མ་དེ་འདྲས་སློབ་གསོ་རྒྱག་ཡས་རེད། དེ་ནི་དུས་ཚོད་མང་གོ་དའི་ཚང་མ་ཚོགས་ལ་འགྲོ་དགོས་རེད་དུས་ཚོད་དེ་ཚོ་རྒྱུན་དུ་དེ་ནི་ཡང་གྲུབ་མཐའ་ལ་དམིགས་གསལ་ཁྲིད་ཡན་དེ་ལོ་གཅིག་ལ་བརྗེས་ལན་དེ་གྲྭ་པ་བདུན་ལའི་ཡོའོ་མ་རེད། རྒྱུན་དུ་ཁོ་རང་གི་ལས་ད་ནི་དེ་ནི་ཁོ་ར་རང་དགོན་པའི་ལས་ག་མང་པོ་ཅིག་ཡོའོ་རེད། དེ་བག་ཡང་ཕན་ཚུན་ལ་ཕྱོགས་མཛོད་ཡང་སློབ་གྲྭ་དེ་འདྲས་ལ་འགྲོ་དགོས་ཡས་འབུལ་དུས་ལ་འགྲོ་དགོས་ཡས་དེ་འདྲས་མང་པོ་ཡོའོ་རེད།
- གྲོང་ཕྱོགས་ལ་རྒྱུགས་དགོས་རེད་པས།
- ཀགྲོང་ཕྱོགས་ལ་རྒྱུགས་དགོས་རེད།
- ག་དུས་རྒྱུགས་དགོས་རེད་པས་གྲོང་ཕྱོགས་དབྱར་ཁ་རེད་པས། དབྱར་གནས་སྒང་ལ།
- ཀགྲོང་ཕྱོགས་རྒྱུན་དུ་འགྲོ་དགོས་རེད། ད་མི་ཚང་ལ་ད་ག་འགྲོ་དགོས་རེད་པ།
- རེད་རེད་རེད།
- ཀདབྱར་གནས་དེ་ལ་ཞེ་དྲག་རང་ཕྱིན་ཆོག་གི་མ་རེད།
- གྲོང་ཕྱོགས་ལ་ཕྱིན་ན་ཡོང་འབབ་ཏས་ཙ་ཡོང་གི་རེད་རེད་པ།
- ཀགྲོང་ཕྱོགས་ད་ཁོ་ར་ད་ཡུལ་སྲོལ་གྱི་ཁོ་ར་ཡོང་འབབ་ཡོང་མ་གཏོགས་ཡོང་འབབ་ཁོ་ར་དེང་སང་དེང་སང་ཡོའོ་མ་རེད་ད། ཡུལ་ཁོ་རའི་ཡུལ་སྲོལ་ཡོང་དགོས་རེད་པ། ད་ཁེ་བཟང་ཏན་ཏན་ཡོའོ་མ་རེད། ལུང་པ་ཁོ་རའི་ཆ་རྐྱེན་ཡང་ཡོའོ་མ་རེད་པ། དེ་ནི་ལུང་པ་ཁོ་ར་ཆ་རྐྱེན་ཞེ་དྲག་མེད་ན་ཡོང་ཐབས་ཡོའོ་མ་རེད་པ།
- རེད་རེད། སྔ་མ་ཡང་དེ་རེད་པས་གྲོང་ཕྱོགས་རྒྱུགས་ཡས་དེ་ཤུགས་ཆེན་པོ་ཡོའོ་རེད་པས།
- ཀསྔ་མ་གྲོང་ཕྱོགས་རྒྱུགས་ཡས་ཤུགས་ཆེན་པོ་ཡོའོ་རེད། ད་གྲོང་ཕྱོགས་ཟེར་ན་འདུ་ས་ད་གས་ཁུངས་ལ་གཞན་དག་ཞེ་དྲག་ཡོའོ་མ་རེད། ད་མི་གཙོ་བོ་དམིགས་གསལ་འདྲ་བུ་བྱུང་ན་ལྷ་ས་འདྲ་བུ་ཐད་དགོས་རེད་མ་གཏོགས་རྒྱུན་དུ་ཨ་ད་ད་ག་རེད། ད་གའི་འདུ་ས་འདི་གའི་ཁུངས་ལ་དེ་ནི་ད་གའི་དགོན་པ་ཕུ་ཕུ་ལ་གྲོང་ཕྱོགས་རྒྱུགས་མཁན་ཡོའོ་རེད་པ། མདའ་མདའ་ལ་ཡང་དགོན་པ་ཡོའོ་རེད་པ་དེ་ནི་ཁོ་རའི་བར་ཚ་ལ་དའི་ཁོ་རའི་ས་ཁུགས་དའི་སོ་སོའི་ས་ཁུངས་དའི་དེ་འདྲས་རེད་གཞན་དག་གི།
- ཁྲལ་གྱི་ཁྲལ་ཁོངས་དེ་འདྲས་ཡོའོ་རེད་པས། ཁྲལ་རྒྱག་མཁན་དེ་འདྲས་བསྐོར་པ་དེ་འདྲས་ཡོའོ་རེད་པས་དགོན་པ་། དགོན་པ་ལ་ཁྲལ་ཁོངས་ཁྲལ་རྒྱག་མཁན་བསྐོར་པ།
- ཀམི་སེར་ཨས། མི་སེར་ཡོའོ་རེད།
- རྒྱ་ཆེན་པོ་ཡོའོ་རེད་པས། རྒྱ་ཆེན་པོ་ཡོའོ་རེད་པས།
- ཀརྒྱ་ཆེན་པོ་ཡོའོ་རེད་ཁྲལ་པ། གཞིས་ཀ་ཟེར་ཡོའོ་རེད་པ་སྒོ་བསྡོད་གཞིས་ཀ་རྙིང་པ་རེད་པ། དགོན་པའི་ཆོས་གཞིས་ཟེར།
- ཆོས་གཞིས་མང་པོ་ཡོའོ་རེད་པས།
- ཀཆོས་གཞིས་ལྔ་དྲུག་ཅིག་ཡོའོ་རེད། དེ་ནི་ཆོས་གཞིས་གྲ་ནང་ལའི་ཡོའོ་རེད་འདི་བག་ཡའི་ཡོའོ་རེད་གོ་པ་ལའི་ཡོའོ་རེད།
- རེད་རེད། ཨ་ནི་སྲིད་གཞུང་ནས་ཏས་ཙ་སྤྲད་ཡོད་ཀྱི་རེད།
- ཀསྲིད་གཞུང་ཡོའོ་མ་རེད།
- སྤྲད་ཀྱི་མ་རེད་པས།
- ཀསྤྲད་ཀྱི་ཡོའོ་མ་རེད།
- ་་་་་་ལོ་ཆེན་དྷརྨ་ཤི་རི་ཡི་དུས་ཚོད་ལ་དེ་ནི་ཁོང་ཚོ་མི་མང་པོས་ཀྱིས་་་་་་་་་་་་་་དེ་ཚོ་འདུག་གས།
- ཀད་དེ་འདྲས་ཀྱི་ཨོང་འོང་རྙིང་མ་ཡི་དཔེ་ཆ་རྙིང་མ་མང་པོ་ཡོའོ་རེད་ད་དི་དབང་ལུང་ཁྲིམས་གསུམ་དགོས་ཀྱི་རེད་དའི་ད་དེ་འདྲས་ཀྱི་ད་ལོ་ང་ཚོ་སྨིན་གླིང་ལ་ད་ལྟ་མཇུག་ད་ག་རེད་རེན་ཆེན་རྟེན་མཛོད་དབང་ལུང་གཅིག་བཙུགས་པ་རེད་ན་ཉིན། ད་ལྟ་དབང་གི་ལུང་ཆག་བསྡད་ཡོའོ་རེད་ལུང་དེ་ནི་ད་ག་ནང་བཞིན་གྱི་་་་་་་་་་ཁྲིམས་ལུགས་འདྲ་ཅིག་ནང་ནས་མང་པོ་གཅིག་ཡོའོ་རེད་བོད་ལ། ང་ཚོ་ད་དང་ལྟ་སྨིན་གླིང་ལ་མི་ཞེ་དྲག་མེད་དེ་ནི་ད་ལོ་རྟེན་མཛོད་གཅིག་བཙུགས་པ་རེད། རིན་ཆེན་རྟེན་མཛོད་ཟེར་གཅིག།
- འདི་ལ་དཔེ་ཆ་མང་པོ་མ་དཔེ་ཡག་པོ་དེ་འདྲས་ཡོའོ་རེད་པས།
- ཀཨ། ད་ང་ཚོ་སྔ་མའི་རྙིང་པ་ཡོའོ་མ་རེད། ད་ཕྱིས་སུ་ད་ཁམས་ད་དེ་ནས་ཡར་བླུས་བཞག་པ་དེ་འདྲས་མ་གཏོགས་ཡོའོ་མ་རེད་ད། སྔ་མའི་དཔེ་ཆ་རྙིང་མ་ལྷག་ཡོའོ་མ་རེད།
- བརླག་པ་རེད་པས།
- ཀཨ་ནི་ད་རིག་གནས་གསར་བརྗེའི་ག་ཚམ་མེ་བཀྲག་བཏང་པ་རེད་