Skip to main content Skip to search
06 Jan 2016
5 min
Video Overview
Creators: 
Tibetan & Himalayan Library

This is a video of Shabo Tso from Khengya Village in Chentsa singing a song called "The Mind of Fathers and Uncles Is like the Pure White Conch Shell." This song is part of a collection of folk songs from the Rebgong cultural area.

འདི་ནི་གནས་ལུགས་བརྗོད་པའི་གླུ་ཞིག་ཡིན།  

གླུ་འདིའི་ནང་དོན་གཙོ་བོ་ནི་མ་བུ་མོ་གནས་ལ་འགྲོ་དགོས་པ་འདི་འཇིག་རྟེན་གྱི་ཆོས་ཉིད་ཞིག་དང་དགོས་མཁོ་ཞིག་ཡང་ན་སྐྱེ་བ་སྔོན་མོའི་ལས་དབང་ཞིག་ཡིན་པ་བརྗོད་ཡོད།

Transcript search
No results found for this search
0 of 0
  • ཨོ་ཡེེ་་་་་་་ལ་ལ་མོའི་ཡང་འགྲོ་་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།
  • ནང་ཕ་ཁུའི་ཁོག་དང་དུང་དཀར་ཁོག །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽
  • འདིའི་དུང་དཀར་ཁོག་ལ་ཡང་མདོག་མེད། །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽
  • ངས་ཡང་མདོག་མེད་ནས་གླུ་ཞིག་ལེན། །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽
  • ཨོ་ཡེེ་་་་་་་ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།
  • ནང་ན་ཟླའི་ཁོག་དང་གོར་མོ་རྡོ། །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽
  • འདིའི་གོར་མོ་རྡོ་ལ་སྲབ་མཐུག་མེད། །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽
  • ངས་སྲབ་མཐུག་མེད་པའི་གླུ་ཞིག་ལེན། །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽
  • ཨོ་ཡེེ་་་་་་་ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།
  • ནང་མ་སྲིའི་ཁོག་དང་གཙང་མོ་ཆུ། །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽
  • འདིའི་གཙང་མོ་ཆུ་ལ་གྲང་ཆད་མེད། །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽
  • ངས་གྲང་ཆད་མེད་པའི་གླུ་ཞིག་ལེན། །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽
  • གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། །༼ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ་་་་་་གླུ་ཞིག་ལེན།༽