Video Overview
འོ་མ་བཞོ་བ་ནི་བོད་མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་ལས་ཀ་ཞིག་ཡིན་ལ་འདི་ལྟ་བུའི་རྒྱུན་ལྡན་གྱི་འཚོ་བ་དེ་གླུ་དང་རྩེད་རིག་གི་ནང་དུ་ལེན།
- ཨ་ཤེད།
- གསེར་གྱི་ལུང་པ་ཆ་གཅིག་ན།
- གསེར་གྱི་མཛོ་མོ་སེར་བྲིས་མ།
- འདི་བཞོ་བའི་ཨ་ཅེ་གསེར་མོ་མཚོ།
- ཁྱོད་ཀྱིས་བཞོ་ཟོའི་བློངས་ར་བཞོ་རུ་འགྲོ།
- ཨ་ཤེད།
- དངུལ་གྱི་ལུང་པ་ཆ་གཅིག་ན།
- དངུལ་གྱི་མཛོ་མོ་དངུལ་རིས་མ།
- འདི་བཞོ་བའི་ཨ་ཅེ་དངུལ་མོ་མཚོ།
- ཁྱོད་ཀྱིས་བཞོ་ཟོའི་བློངས་ར་བཞོ་རུ་འགྲོ།
- ཨ་ཤེད།
- དུང་གི་ལུང་པ་ཆ་གཅིག་ན།
- དུང་གི་མཛོ་མོ་དཀར་བྲིས་མ།
- ཁྱོད་ཀྱིས་བཞོ་ཟོའི་བློངས་ར་བཞོ་རུ་འགྲོ།