05 Jan 2016
2 min 9 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo singing a song called "The Milk Pail in the Girl's Hand." This song is part of a collection of folk songs from the Rebgong cultural area.
འདི་ནི་བོའུ་ཁྲ་རིང་སྟག་ཤ་རའི་ཚེ་གྲོགས་ཡིན་པ་དང་ཤིང་བཞོ་ཟེའུ་མ་བུ་མོའི་ཚེ་གྲོགས་ཡིན་པར་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་གནའ་དུས་སུ་བོའུ་ཁྲ་རིང་ནི་སྟག་ཤ་རས་ཕྱུགས་འཚོ་བ་དང་ཇག་བྱེད་པ་སོགས་ཀྱི་ལག་ཆ་གཙོ་བོ་ཡིན་པ་དང་ཉིན་རྒྱན་རྒྱབ་ལ་ཁུར་ནས་ཡོད། དེ་བཞིན་དུ་མ་བུ་མོས་ཉིན་རྒྱུན་གྱི་ལས་ཀ་ནི་ཕྱུགས་ཟོག་ལས་འོ་མ་བཞོ་རྒྱུ་དེ་ཡིན་པས་བཞོ་ཟེའུ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།
- ༼ ཡེ་་་་་ཡ་རེ་ཨ་ན་ཟླ་ཡ་རེ་ལེན། ༽
- གླུ་ཡར་འཁྱིལ་ལེན་ན་༼ཨ་ན་ཟླ་ཡ་རེ་ལེན། ༽ཡར་འཁྱིལ་ལེན།
- བོའུ་ཁྲ་རིང་ར་ཁ་ཡར་འཁྱིལ་རེད།
- སྟག་ཤ་རའི་རྒྱབ་ནས་ཚེ་འཁྱིལ་རེད།
- གླུ་ཡར་འཁྱིལ་ལེན་ན་ཡར་འཁྱིལ་ལེན།
- ཤིང་ཤུག་དམར་བཞོ་ཟེའུ་ཡར་འཁྱིལ་རེད།
- མ་བུ་མོའི་ལག་ནས་ཚེ་འཁྱིལ་རེད།
- གླུ་ཤེས་ནི་མིན་ར་རྩེ་དགའ་ཡིན།