Skip to main content Skip to search
05 Jun 2018
4 min 46 sec
Video Overview
Creators: 
Dawa Tshering

Dawa Gyeltshen sings an old Boedra song that is a glorification to the sun and the great spiritual masters for their immense contributions to living beings all over the world. When the sun and the sky meet, it is the most promising sign of prosperous days; similarly, the association of the monstery and the spiritual master also symbolises auspiciousness. Here the golden sun and the spiritual master are potrayed as one and the same.

༉  བོད་སྒྲའི་གླུ་གཞས་ ཉི་མ་དྲོད་མ་མི་ཤར་ཉི་མ་དྲོད་མ་ཤར་ ཟེར་མི་གླུ་གཞས་འདི་ ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་སྤང་མེ་ཁ་ལས་ ཟླ་བ་རྒྱལ་མཚན་གྱིས་འཐེནམ་ཨིནམ་ད་ སྤྱིར་བཏང་གླུ་གཞས་འདི་ སྤུ་ན་ཁ་རྫོང་ཁག་ རྟ་ལོག་ལུ་ཡོངས་གྲགས་སྦེ་འཐེན་སྲོལ་ཡོད་མི་ཅིག་ཨིན། ཁ་རྒྱུན་ལོ་རྒྱུས་དང་འཁྲིལ་བ་ཅིན་ གླུ་གཞས་འདི་ ཞབས་དྲུང་འཇིགས་མེད་ནོར་བུའི་སྐུ་མཆེད་ཆུང་ཤོས་ ཨ་རྒས་བསོད་ནམས་དོན་གྲུབ་ཀྱིས་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་ཀྱི་སྐབས་སུ་ རྟ་ལོག་ཚེས་བཅུ་གྲོལ་བའི་སྐབས་ དཔེ་ཉིམ་དང་ཟླཝ་ལུ་བཞག་སྟེ་ བླམ་རིན་པོ་ཆེ་མཆོག་དང་གཅིག་ཁར་ ལོག་ཡང་ཡང་མཇལ་བའི་རྟེན་འབྲེལ་ལུ་དགོངས་ཏེ་བརྩམས་བརྩམས་ཨིནམ་སྦེ་བཤད་ནི་ཡོདཔ་ཨིན། ཨིན་རུང་ ད་རུང་ ཀྲོང་གསར་ཁ་ཐུག་ལས་ཡང་ གླུ་གཞས་འདི་ ཅོག་ར་འཐདཔ་ཅིག་འཐེན་ནི་འདུག

Transcript search
No results found for this search
0 of 0
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཉི་མ་སྒྲོལ་མ་མི་ཤར་ཉི་མ་སྒྲོལ་མ་ཤར་ཡ། །ཉི་མ་སྒྲོལ་མ་ཤར། །ཡ་ཕོ་བྲང་རྩེ་ལས་ཤར། །
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དགུང་དང་ཁྲི་གདུགས་ཉི་མ་ཡ། །བཀྲ་འདི་བཀྲ་ལ་ཤིས། །ཡ་གཡང་འདི་གཡང་ལ་ཆགས། །
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དགུང་སངས་གཡས་ལས་བཞུགས་ས་ཡ། །ཁྲི་གདུགས་གཡོན་ལས་བཞུགས། །ཡ་ཁྲི་གདུགས་གཡོན་ལས་བཞུགས། །
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དགུང་དང་ཁྲི་གདུགས་ཉི་མ་ཡ། །བཀྲ་འདི་བཀྲ་ལས་ཤིས། །ཡ་གཡང་འདི་གཡང་ལ་ཆགས། །
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དགོན་བཟང་གཡས་ལས་བཞུགས་ས་ཡ། །མཚན་ལྡན་གཡོན་ལས་བཞུགས། །ཡ་མཚན་ལྡན་གཡོན་ལས་བཞུགས། །
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: དགོན་དང་མཚན་ལྡན་གཉིས་ཀུ་ཡ། །བཀྲ་འདི་བཀྲ་ལ་ཤིས། །ཡ་གཡང་འདི་གཡང་ལས་ཆགས། །
  • ཟླ་བ་རྒྱལ་མཚན་
    Dawa Gyeltshen: ཕྱི་ལ་གོས་ཆེན་གསེར་བགོ་ཡ། །ནང་ཡིད་བྱང་ཆུབ་སེམས་ཡ། །ནང་ཡིད་བྱང་ཆུབ་སེམས།། །།