Video Overview
འདི་ནི་མ་བུ་གཉིས་ཡོད་པར་ཨ་མས་དྲུབས་པའི་མེ་ཏོག་སྟོར་སོང་བས་བུ་མེ་ཏོག་དང་ལྷ་མོ་ཞིག་རྙེད་པའི་གཏམ་རྒྱུད་ཅིག་ཡིན།
- སྒྲོལ་མ་མཚོ།གནའ་ཞིག་ལ།
- ས་ཆ་ཞིག་ན་ཨ་ཡེ་རྒན་ཚང་ཞིག་ཡོད།
- དེར་བུ་གསུམ་ཡོད་པ་རེད།
- བུ་གསུམ་པོའི་ཁ་ཨ་ཡེ་ཡིས་མེ་ཏོག་འཕངས་ནས།
- མེ་ཏོག་འཕངས་ནས།
- གོས་ཀྱི་སྟེང་དུ་མེ་ཏོག་འཕངས་ནས།
- བྱིས་པ་ཚོའི་ཁ་གསོས་ནས།
- མ་བུ་ཚོའི་ཁ་གསོས་ནས་བསྡད།
- ཉིན་ཞིག་བྱིས་པ་ཚོ་འཚར་ལོངས་བྱུང་བ་རེད།
- ཨ་ཡེ་ཡིས་ཚེ་གང་བོར་མེ་ཏོག་འཕངས་ནས།
- མེ་ཏོག་འཕངས་ནས་ས་ཆ་ཡག་པོ་ཞིག
- ཁོ་ཡིས་སེམས་ན་དྲན་ནས།
- དེ་འདྲའི་ས་ཆ་ཡག་པོ་ཞིག
- ཁོ་ཡི་ཀླད་པ་ནང་ལ་དྲན་པས།
- ས་ཆ་དེ་འདྲ་ཞིག་མེ་ཏོག་དེ་འཕངས་ནས།
- མེ་ཏོག་དེ་འཕངས་ནས་ས་ཆ་དེ་འདྲ་ཞིག་འགྲུབ་དུས།
- འཚུབ་མ་ཞིག་ཡོང་ནས་མེ་ཏོག་ཏེ་འཁུར་སོང་།
- ཁོ་ཡིས་འཕངས་བའི་རི་མོ་དེ་འཁུར་སོང་།
- དེ་ནས་ཨ་ཡེ་དེས་དེར་སེམས་འཁུར་བྱས་ནས།
- ཁོས་ཚེ་གང་བོར་མེ་ཏོག་འཕངས་བ་ཡིན།
- འདི་ཚང་མ་འཁུར་སོང་།
- སེམས་འཁུར་བྱས་ནས་ཨ་ཡེ་ལ་ན་བ་རེད།
- ན་ནས་མ་དྲག་པར།
- དེ་ནས་བུ་ཆེ་བར་ཁྱོད་རང་ས་ཆ་དེར་བཙལ་དུ་སོང་ཟེར།
- ཁོའི་མེ་ཏོག་དེ་ལྟར་འཁུར་སོང་།
- འཚུབ་མ་ཞིག་གིས་ས་ཆ་གང་ལ་འཁུར་ཡོད་པ་བཙལ་ཏུ་སོང་ཟེར།
- དེ་ནས་བུ་ཆེ་བ་སོང་བ་རེད།
- སོང་སོང་ནས་བུ་ཆེ་བ་ས་ཆ་ཞིག་ལ་སོང་ནས།
- ས་ཆ་ཞིག་ནས་མག་པར་བསྡད་པ་རེད།
- བུ་མ་ཡོང་བ་རེད།
- དེ་ནས་བུ་འབྲིང་བ་བཙལ་དུ་འགྲོ་རུ་བཅུག
- བུ་འབྲིང་བ་བཙལ་དུ་འགྲོ་རུ་བཅུག་ནས།
- བུ་འབྲིང་བ་སོང་སོང་ནས་ས་ཆ་དེར།
- ཡང་ས་ཆ་དེ་ནས་མ་ཡོང་བ་རེད།
- ཡང་མག་པ་བསྡད་པ་རེད།
- དེ་ནས་བུ་ཆུང་བ་ཡིས།
- ཨ་མ་ཁྱོད་ཀྱིས་སེམས་ཁུར་མ་བྱེད།
- ཁོ་བཙལ་དུ་འགྲོ་ཟེར།
- ཁོ་སོང་ནས་ངེས་པར་དུ་བཙལ་ནས་ཁྱེར་ཡོང་ཟེར།
- དེ་ནས་ཨ་མ་ཡིས།
- བུ་ཆུང་བ་ལ་གོ་རེ་བཅོས་ནས་འགྲོ་རུ་བཅུག
- འགྲོ་རུ་བཅུག་ནས་བུ་ཆུང་བ་ས་ཆ་ཞིག་ལ་སོང་ནས།
- ས་ཆ་དེ་ནས་འཚུབ་མ་ཡིས་འགྲོ་མ་ཐུབ།
- འགྲོ་མ་ཐུབ་ན་ཡང་བུ་ཆུང་བ་དེ་བཙན་གྱིས་བུད་སོང་།
- ཆར་བ་བབས་ནས།
- ཡང་ས་ཆ་ཞིག་ནས་ཆར་བ་བབས་ནས།
- ཕར་ལ་སོང་ན་ཡང་བར་ཆད་ཡོང་བ་རེད།
- དེ་ནས་ཡང་བུ་ཆུང་བ་བཙན་གྱིས་བུད་སོང་།
- དེ་ནས་ཕ་རོལ་ལ་སོང་དུས་ས་ཆ་ཡག་པོ་ཞིག
- ས་ཆ་དེ་འདྲ་ཞིག་ནས་ལྷ་མོ་མང་པོ་ཞིག་གིས།
- ཁོའི་ཨ་མ་ཡི་རི་མོ་དེ་ཅིག་གི་སྟེང་དུ་བཀབ་ནས།
- ཚང་མས་རི་མོ་དེ་འཕེན་བཞིན་པ་རེད།
- རི་མོ་དེ་ས་ཆ་དེ་རུ་ལྷ་མོ་འགའ་ཡིས་ཁྱེར་ནས་སོང་སྟེ་འཕངས་བ་ཡིན།
- ལྷ་མོ་ཚང་མས་འཕངས་ནས་ཚར་སོང་།
- ལྷ་མོ་ཚང་མའི་ནང་ནས་ཆུང་བ་ཡིས།
- རི་མོ་འཕངས་ནས་མ་ཚར་བ་རེད།
- མ་ཚར་བས་བུ་དེ་ལ་ཞུ་བ་བྱས་ནས།
- ཁྱོད་ཅུང་ཙམ་སྡོད་དང་ངས་རི་མོ་འདི་འཕངས་ནས་ཚར་ན།
- ཁྱོད་ལ་སྟེར་ཟེར།
- དེ་ནས་ལྷ་མོ་དེས་འཕེན་བཞིན་ཡོད་པས་བུ་དེས་ཡ་ཟེར།
- འཕངས་ནས་ཚར་ལ་ཉེ་དུས།
- ལྷ་མོ་དེར་ངའི་ཨ་མར་ན་ནས་དྲག་བཞིན་མེད།
- ཁྱོད་ཀྱིས་འཕངས་ནས་མི་ཚར་ན།
- ང་ཚོའི་ས་ཆར་སོང་ནས་ཁྱོད་ཀྱིས་འཕངས་ཟེར།
- ངའི་ཨ་མ་ན་ནས་དྲག་བཞིན་མེད།
- ཁོ་ངེས་པར་དུ་མྱུར་དུ་ལམ་ལ་ཆས་དགོས་ཟེར།
- དེ་ནས་བུ་དེས་ལྷ་མོ་དེ་ཁྲིད་ནས་ཕྱིར་ཡོང་།
- ཕྱིར་ཡོང་ནས་ཁོ་ཡི་ཨ་མས་རི་མོ་དེ་མཐོང་ནས་དྲག་སོང་།
- ལྷ་མོ་དེ་འགྲོ་རུ་མ་བཅུག
- འགྲོ་རུ་མ་བཅུག་པར་ངེས་པར་དུ་ས་ཆ་འདི་ནས་འདུག་དགོས་ཟེར།
- ཁོའི་རི་མོ་འདུག་ཏུ་བཅུག
- ཁྱོད་ངེད་ཚང་གི་བུའི་མནའ་མ་བྱོས་ཟེར།
- དེ་ནས་ལྷ་མོ་དེས་ཡ་ཟེར།
- ལྷ་མོ་དེས་རྫུ་འཕྲུལ་ཞིག་བསྟན་ནས།
- ཨ་ཡེ་དེས་འཕངས་བའི་རི་མོ་དེ།
- མཁར་བཟང་བོ་ཞིག་ཏུ་གྱུར་ནས།
- ས་ཆ་སྐྱིད་པོ་ཞིག་ཏུ་གྱུར་ནས།
- མ་བུ་གསུམ་པོ་ས་ཆ་དེ་ནས།
- སྐྱིད་པོ་བདེ་མོ་བྱས་ཏེ་འཚོ་བ་རོལ་ནས་བསྡད།