Skip to main content Skip to search
08 Feb 2016
4 min 23 sec
Video Overview
Creators: 
Duptho, Chimi Wangmo

༉ བོད་སྒྲའི་གླུ་གཞས་ མེ་ཏོག་བཏབ་པའི་ལོ་ལ་ཟེར་མི་དེ་ཡང་ དར་ཁྱབ་མ་འགྱོ་བའི་གླུ་གཞས་ཅིག་ཨིན་པས། གླུ་གཞས་འདི་ནང་ མེ་ཏོག་གི་སོན་བཏབ་པའི་ཚེ་ལས་འགོ་བཟུང་སྟེ་ མཆོད་བཤམས་ལུ་ཕུལ་ མཆོད་བཤམས་ལུ་ཕུལ་བའི་ཕན་ཡོན་གྱིས་ བླ་མའི་སྐུ་གསུང་ཐུགས་ལུ་འགྱུར་བ་མེད་པར་བཞུགས་པའི་ཆེད་དུ་ བླ་མའི་བརྟན་བཞུགས་ཀྱི་ཚིག་བཟུམ་ཅིག་ཡང་འཐོནམ་ཨིན་པས།

“Meto Tapai Lola” (Dzo. me tog btab pa’i lo la)  is a popular bodra song that is intended as a metaphorical offering of flowers for the longevity of the precious masters. It mainly describes the “life” of flowers, starting with seeds being planted, and finishing with the offering of flowers at an altar.

Transcript search
No results found for this search
0 of 0
  • སེམས་དཔའ་
    མེ་ཏོག་བཏབ་པའི་ལོ་ལ། །ས་འདི་ལ་འོད་ཀྱིས་གང་སོང་། །ས་འདི་ལ་འོད་ཀྱིས་གང་། །
  • སེམས་དཔའ་
    མེ་ཏོག་འཁྲུངས་མའི་ལོ་ལ། །ལྡུམ་ར་ལ་འོད་ཀྱིས་གང་སོང་། །ལྡུམ་ར་ལ་འོད་ཀྱིས་གང་། །
  • སེམས་དཔའ་
    མེ་ཏོག་ཤར་པའི་ལོ་ལ། །མཆོད་བཤམ་ལ་འོད་ཀྱིས་གང་སོང་། །མཆོད་བཤམ་ལ་འོད་ཀྱིས་གང་། །
  • སེམས་དཔའ་
    བླ་མ་བཞུགས་པའི་ལོ་ལ། །གསེར་གྱི་ལ་ལྷ་ཁང་ནང་ལུ། །གསེར་གྱི་ལ་ལྷ་ཁང་ནང་། །
  • སེམས་དཔའ་
    བླ་མ་འཁྲུངས་མའི་ལོ་ལ། །གསེར་གྱི་ལ་ཉི་ཟླ་ཤར་སོང་། །གསེར་གྱི་ལ་ཉི་ཟླ་ཤར། །
  • སེམས་དཔའ་
    བླ་མ་བཞུགས་པའི་ལོ་ལ། །གསེར་གྱི་ལ་རྒྱ་གླིང་འཕུ་ན། །གསེར་གྱི་ལ་རྒྱ་གླིང་འཕུ། །
  • སེམས་དཔའ་
    བླ་མ་བྱོན་མའི་ལོ་ལ། །གསེར་གྱི་ལ་རྐང་གླིང་འཕུ་ན། །གསེར་གྱི་ལ་རྐང་གླིང་འཕུ། །
  • བླ་མ་སྐུ་ལ་མ་འགྱུར། །འདི་ཕྱི་གཉིས་ལ་ལྟ་བུར་བཞུགས་ཡོད། །འདི་ཕྱི་གཉིས་ལ་ལྟ་བུར་བཞུགས། །
  • སེམས་དཔའ་
    བླ་མ་གཟིམ་མའི་ལོ་ལ། །སྐུ་ཧང་ལ་འོད་ཀྱིས་གང་སོང་། །སྐུ་ཧང་ལ་འོད་ཀྱིས་གང་། །