Skip to main content Skip to search
31 Aug 2018
9 min 16 sec
Rating
0
No votes yet
Video Overview
Creators: 
Nelson Walker, Penchela
  • བྲེ་གང་:Dreygang.
    གསུང་ཉན་ཅིག་མཉམ་རོགས་གཞོན་མ།།ས་གངས་ལུ་སྐྱེས་པའི་སྟོང་ཅུང་འདི། །
  • བྲེ་གང་:Dreygang.
    རྩེམོ་ཀོང་ཀོ་ལེགས་པའི་དུས་སུ།
  • བྲེ་གང་:Dreygang.
    བྱ་ཐམས་ཅད་རག་སྐད་སེམས་གསོ་ཨིན་་ཟེར།
  • བྲེ་གང་:Dreygang.
    སྐེདཔ་ཨ་རྟག་མངར་བའི་དུས་སུ། །
  • བྲེ་གང་:Dreygang.
    བ་རྫིཔ་དམངས་ཀྱི་སེམས་གསོ་ཨིན། །
  • བྲེ་གང་:Dreygang.
    རྩ་བོ་མེ་ཕྱི་འཚོ་པའི་དུས་སུ། །
  • བྲེ་གང་:Dreygang.
    ནང་གི་ཨ་མའི་སེམས་གསོ་ཨིན། །
  • བྲེ་གང་:Dreygang.
    ད་སྟོང་ཕུག་ར་ལས་འབུདཔ་ལས། །
  • བྲེ་གང་:Dreygang.
    སེམས་གསོ་འབད་མི་གཅིག་མིན་འདུག ། ཟེར་འ་ནཱི་བཟུམ་ཅིག་སླབ་ནི་ཡོད།
  • བྲེ་གང་:Dreygang.
    ད་འ་ནཱི་ རང་གི་བཤད་པ་ཅིག་ཨིན་མས་པ་ད་ང་གིས་ཕར་ལོག་མ་ལུ་ ཕན་བཏགས་སྡོད་མི་ཅིག་ཨིན་དེ་འབདཝ་ད་ ང་ལུ་ཆ་རོགས་འབད་མི་མིན་འདུག་གསེས་བའི་གི་ དཔེ་ཅིག་ སླབ་ནི་ཨིན་ འ་ནཱི་བཟུམ་འདི།ད་ ནཱི་དཔེ་འདི་ཡང་ ག་དེ་སྦེ་སླབ་སྨོ་ཟེར་བ་ཅིན་ཏེ་འ་ནཱི་ ང་བཅས་ར་རི་ཁ་གི་སྟོང་ཕུ་མགུ་གསུམ་འདི་སྟོང་ཕུ་འདི་གུ་ལུ་མགོ་ཏོག་འདི་ཏེ་ཀོང་ཀོ་ཡོད་པོ་སྨོ་ཤིང་འདི་གི་མགུ་ཏོག་ཁར་ལུ།
  • བྲེ་གང་:Dreygang.
    ད་འ་ནཱི་ཀོང་ཀོ་འདི་ཀོང་ཀོ་འཚོ་པའི་དུས་ཚོད་ལུ་ཏེ་ཀོང་ཀོ་འདི་གུ་ལས་ འ་ནཱི་ཀོང་ཙེ་དང་དེ་ཚུ་བྱ་ཐང་སྐྱེས་རག་སྐད་ཀྱིས་བཟའ་འོང་བ།ཏེ་ང་གིས་དལཝ་སྦེ་མ་སྡོད་ འ་ནཱི་མགོ་ཏོག་གུ་ལུ་ ཀོང་ཀོ་ཡོད་པའི་ཁར་ཐུག་ལུ་ བྱ་ཐང་སྐྱེས་རག་སྐད་ར་ སེམས་གསོ་བའི་ཟེར་ཕར་ལོག་མ་ལུ་ཕན་བཏགས་ཅིག་ཟེར་བའི་ལོ་རྒྱུས་མས།
  • བྲེ་གང་:Dreygang.
    སྐེདཔ་ཨ་རྟག་མངར་བའི་དུས་སུ་ བ་རྫིཔ་དམངས་ཀྱི་སེམས་གསོ་ཨིན་ཟེར་མི་འདི་ད་འ་ནཱི་སྐེད་པ་གི་འདི་ ཨ་་་ཤིང་སྟོང་ཕུ་ཤིང་གི་ཕྱེ་ཁ་ལས་ཕར་ ཨ་ལྟ་བཤུབ་བཟའ་ནི་ཡོད་བ་འ་ནཱི་ཨ་ལྟ་འདི་ བཤུབ་བཏུབ་པའི་དུས་ཚོད་ལུ་གནམ་གསོ་ཁ་ལུ་འབད་བ་ཅིན་ཏེ་བ་རྫིཔ་ལུ་སེམས་གསོ་འབད་བའི་ཟེར་རྩ་བ་ལས་མེ་ཕྱི་དཔོག་བཏུབ་པའི་དུས་སུ་ལུསནི་ནང་གི་ཨམ་གྱི་སེམས་གསོ་འབད་བའི་ཟེར་ད་འ་ནཱི་དཔེ་འདི་ཤིང་སྟོང་ཕུ་གཅིག་གུ་སླབ་མས་ཁོང་གི་ད་གསུམ་ལུ་ ཕན་ཐོགས་ནུག་པ་བྱ་ཐང་སྐྱེས་རག་སྐད་ཀྱི་གཅིག་ནོར་སྲུང་མི་གི་བ་རྫིཔ་པ་ལུ་གཉིས་དེ་ལས་ནང་གི་ཨམ་ལུ་གསུམ།
  • བྲེ་གང་:Dreygang.
    ད་དཔེ་འདི་ ཁོང་ལུ་སྦྱར་བའི་བསྒང་ལས་དོན་དག་འདི་རང་ལས་བཏོན་ནི་གི་མས་ད་རང་གུ་ལས་ནི་གི་དོན་དག་འདི་གན་སྨོ་ཟེར་ག་དེ་སྦེ་སླབ་སྨོ་ཟེར་བ་ཅིན་ ད་ང་གིས་ཏེ་ ལུས་ཀྱི་ལྕོགས་གྲུབ་ཡོད་པ་ཅིན་ ལཱ་དང་གཡོག་རང་འབད་འབདཝ་ཨིན་གསེས་སེམས་ཀྱི་ལྕོགས་གྲུབ་ཡོདན་ཕར་ལོག་མ་ལུ་ཕན་རང་བཏགས་བཏགཔ་ཨིན་ཟེར་ཏེ་ད་ད་རེས་ང་ལུ་སྐྱིད་སྡུག་བཀའ་ངལ་ཕོག་སྡོདཔ་ད་ལུ་ང་ལུ་ཆ་རོགས་འབད་མི་ག་ཡང་མིན་འདུག་གསེས་འ་ནཱི་ཕར་རོགས་ལུ་འབད་འབདཝ་གིས་ཏེ་དྲིན་ཅན་འདི་ང་བཅས་ར་མ་སླབན་མི་ཤེས་མ་རྐྱབན་མི་བོག་ཟེར་སླབ་དོ་བཟུམ་སྦེ་ཏེ་འ་ནཱི་གི་དྲན་གསོ་འབད་བའི་གི་ བློ་ཟེ་ཅིག་ཨིན་པས་ཟེར་ཞུ་ནི་ཨིན།
  • བྲེ་གང་:Dreygang.
    ད་བློ་ཟེ་གི་འབད་བ་ཅིན་འགོ་འདི་འ་ནཱེ་སྦེ་གཉེན་གླུ་ཅིག་གི་བཙུགས་ཞིནམ་ད་ཏེ་བར་ན་སྐོར་དགྲ་གླུ་སྒྱུས་འོང་ཏེ་བར་ན་སྐོར་དགྲ་གླུ་སྒྱུས་ཞིནམ་ད་ད་དགྲ་གླུ་སྦེ་རང་སྡོདཔ་ཨིན་ན་ཟེར་བ་ཅིན་ཡོངས་རྫོགས་དགྲ་གླུ་སྦེ་མི་སྡོད་ཏེ་མཇུག་ལས་མཇུག་འགྱོ་ཡི་འགྱོ་ཡི་ཏེ་ ཏེ་དེ་ལས་དོ་རུང་གཉེན་འཚོལ་དགོ་བ་ལགས་དགྲ་རྐྱངམ་ཅིག་སྦེ་འཐབ་རྒྱག་རྒྱགཔ་ས་བློ་ཟེ་གི་མཁས་མཆོག་ནང་ལུ་ མཇུག་བསྡུ་བཞག་ནི་མིན་འདུག་བ།
  • བྲེ་གང་:Dreygang.
    འ་ནཱི་འབད་ནི་དེ་གི་ ཏེ་མཇུག་ལས་ ད་ལྟོ་ང་གིས་འ་ནི་དཔེ་ཅིག་ ད་ད་ལྟོ་ང་གིས་ བློ་ཟེ་ལྷམ་སོར་ཡི་སོར་ཡི་སླབ་དགོ་མི་འདི་ང་བཅས་ར་བློ་ཟེ་དགྲ་ཨིན་ཟེརཝ་ད་དགྲ་གླུ་རྐྱངམ་ཅིག་ར་སླབ་སྡོདཔ་ད་མཁས་མཆོག་མི་བཏུབ་པས་བ།ཏེ་དགའ་གླུ་སྐྱོ་གླུ་དགྲ་གླུ་གཉེན་གླུ་ཟེར་ལྷམ་པ་བཞི་དེ་ཅིག་འདུག་ད་བཞིཔ་ནང་ལས་གཉེན་གླུ་ལུ་ཡང་ད་རུང་ལྷམ་པ་གཉིས་ཡོདཔ་ཨིན་ལགས།
  • བྲེ་གང་:Dreygang.
    ལྷམ་པ་གཉིསཔ་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ཚིག་ཧན་ཏོག་ཏོ་སྦེ་ཕར་བཤད་པ་རྐྱབ་སླབ་མི་གི་གཉེན་གླུ་གཅིག་དང་དེ་ལས་ང་བཅས་ར་འཇིག་རྟེན་ནང་འབད་བ་ཅིན་ཏེ་ཕོ་མོ་གི་གཉེན་མས་སྨོ?
  • བྲེ་གང་:Dreygang.
    འ་ནཱི་བཟུམ་སྦེ་ བློ་ཟེ་འདི་མི་སྡེ་གི་བར་ན་སྐོར་སླབ་བཏུབ་མི་འདི་ར་གཅིག་འདི་ཨ་ནཱི་གཉེན་འཚོལ་རུང་ཡང་ང་བཅས་ར་ད་རེས་ནངས་པ་བཟུམ་སྦེ་ བློ་ཕར་་རྡོ་ཀྲུམ་སྦེ་ མི་སླབ་པར་ཞིནམ་ན་ དང་ཕུ་དཔེ་སྦྱར་རང་གིས་ སླབ་མི་འདི་ཕར་ལོག་མ་ ཉན་བཏུབ་པས་ག་མི་བཏུབ་པས་ག་ བློ་ཟེ་གི་ཐོག་ལས་བལྟཝ་མས་བ་ འ་ནཱི་ལུ་ཡང་ མ་པ་གཉེན་གླུ་ཟེར་འདི་ཕོ་མོ་གི་བར་ན་གི་གཉེན་གྱི་སྐོར་ལས་ཅིག་ འ་ནཱི་བསླབ་མས་ཟེར་ལགས།
  • བྲེ་གང་:Dreygang.
    དུས་རྟག་པ་རྒྱུན་དུ་ར་་་་་་་མགོ་ཆུ་མཇུག་དང་མཇུག་སྨན་ཚིག་ཅིག་འདི་མ་པ་ལས་ར་ང་བཅས་འབྲུག་པའི་གི་ ལམ་སྲོལ་མཁས་མཆོག་ཅིག་བ་འགོ་ལས་ད་ང་བཅས་ད་ལྟོ་ནཱ་སྦེ་ཚེ་ང་བློ་ཟེ་རྐྱངམ་ཅིག་སྦེ་ སླབ་བཞགཔ་ཨིན་ ཏེ་གཞན་མགོ་ལས་ ཡར་ཡུལ་གོངམ་སྐྱབས་རྗེ་ཨིན་རུང་མངའ་བདག་རིན་པོ་ཆེ་ཨིན་རུང་སྨོ་ཏེ་འབད་?ཚུགས་པ་ཅིན་ ཡར་གོངམ་སྦོམ་ལུ་ དེ་མེན་པ་ཅིན་ རང་གི་ཕམ་བཟུམ་ཅིག་ཨིན་རུང་ཏེ་དེ་ལུ་མཆོད་པ་ཅིག་བརྗོད་བསྟོད་པ་ཅིག་ཕུལ་ནི་འདི་འ་ནཱི་མགོ་ལས་ མགོ་མཆོད་བརྗོད་ཟེར་ ཏེ་མཇུག་ལས་ཀྱི་འདི་ ཏེ་སྨོན་ལམ་བཏབ་ནི་གི་སྨན་ཚིག
  • བྲེ་གང་:Dreygang.
    གསུང་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ། །
  • བྲེ་གང་:Dreygang.
    ཐུགས་དགྱེས་པར་མཛོད་ཅིག་ཡི་དམ་ལྷ། །
  • བྲེ་གང་:Dreygang.
    རྐྱེན་བར་ཆད་བསལ་ཞིག་མཁའ་འགྲོའི་ཚོགས། །
  • བྲེ་གང་:Dreygang.
    གཡང་སྙན་པར་ཞུ་ཅིག་ཚེ་རིང་ལྷ། །?
  • བྲེ་གང་:Dreygang.
    ཚིག་སྙན་པའི་སྡེབ་སྦྱོར་མ་ཤེས་རུང་། །
  • བྲེ་གང་:Dreygang.
    གསུང་རྩོམ་ག་ཤེས་ཙམ་རང་ཞུ་དགོ་པས། །
  • བྲེ་གང་:Dreygang.
    འཛམ་གླིང་སའི་ལྟེ་བ་རྡོ་རྗེ་གདན། །
  • བྲེ་གང་:Dreygang.
    དམ་ཆོས་དར་བ་ཨོ་རྒྱན་བོད་ཀྱི་བཞེངས། །
  • བྲེ་གང་:Dreygang.
    ཟས་ནོར་འཛོམས་པ་ལྷོ་མོན་ཁ་བཞི་ལུ། །
  • བྲེ་གང་:Dreygang.
    ལྷོ་འབྲུག་པའི་ངག་དབང་རྣམ་རྒྱལ་འདི། །
  • བྲེ་གང་:Dreygang.
    འབྲུག་དང་ར་ལུང་གཉིས་ལས་སྐུ་འཁྲུངས་ཚེ། །
  • བྲེ་གང་:Dreygang.
    བོད་སྐལཝ་ཆུང་འདི་ཤོརཝ་མེན། །
  • བྲེ་གང་:Dreygang.
    ལྷོ་དུས་སྐལཝ་དུས་ལུ་བབས་ཆེ་ཡི། །
  • བྲེ་གང་:Dreygang.
    [གདན་འབྲུག་བར་འདྲེན་གདས་ས་སྒཔ་ཆ་ལྡན། །?]
  • བྲེ་གང་:Dreygang.
    འཆར་གཞི་སྤུང་པ་ལེན་པའི་བོད་རྟ་བཙུགས། །
  • བྲེ་གང་:Dreygang.
    དམར་དམར་གསེར་ལྡན་པའི་རྒྱ་ལུ་བལྟ་གནས་བསྐོར། །
  • བྲེ་གང་:Dreygang.
    རྒྱང་སྒྲ་ཆེ་བའི་བང་རྔ་ཀྲིང་ཀྲི་བརྡུངས། །
  • བྲེ་གང་:Dreygang.
    གསུང་སྐད་སྙན་པའི་རྒྱ་གླིང་ས་ལས་བཤེད། །
  • བྲེ་གང་:Dreygang.
    ཕར་བླ་མ་དགྱེས་པའི་བསངས་ཅིག་འབུལ། །
  • བྲེ་གང་:Dreygang.
    ཡར་ཆིབས་གྲལ་འབྲུག་དེས་གནང་ཡོད་རུང་། །
  • བྲེ་གང་:Dreygang.
    ཞལ་་ཉི་མའི་ལྷོ་ལུ་སྒོར་ཆེ་ཡི། །
  • བྲེ་གང་:Dreygang.
    ཕ་བླ་མ་མ་སྡོད་ས་མིན་འདུག །
  • བྲེ་གང་:Dreygang.
    ཕར་བླ་མའི་ཞབས་ལ་ཕྱག་འཚལ་ལོ་གསེས། །
  • བྲེ་གང་:Dreygang.
    ད་ང་བཅས་ར་ སྤྱིར་བཏང་གི་འབད་བ་ཅིན་ཏེ་ག་ཏེ་ར་འགྱོ་རུ་ཨ་ནཱི་ཏེ་ང་བཅས་ར་ ནང་པ་ཆོས་ལྡན་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ ཆོས་སྲིད་ལུགས་གཉིས་ཀྱི་འཁོར་ལོ་ བཙུགས་གནང་གནངམ་འབད་ནི་དེ་གི་ཏེ་ཞབས་དྲུང་ བོད་ལས་ཞུ་བའི་བོད་ཀྱི་མཆོད་པ་འདི་འབད་བ་ཅིན་འ་ནཱེ་བཟུམ་ཅིག་སྦེ་བརྗོདཔ་ཨིན་ཟེར།
  • བྲེ་གང་:Dreygang.
    ཏེ་འ་ནཱི་ཆོས་བརྗོད་འདི་ད་ད་ལྟོ་ང་བཅས་ཀྱིས་ད་རེས་ནངས་པ་གི་ གནས་སྟངས་ནང་ལུ་འབདཝ་ད་ཏེ་རང་སར་གྱི་རིག་ཤེས་ཀྱི་སྦེ་ཏེ་ཆོས་བརྗོད་འདི་ ང་བཅས་ཀྱིས་ ཡར་དཔོན་དང་དེ་ཚུ་ལུ་ཡང་ཏེ་འ་ནི་བཟུམ་སྦེ་ ཕུལ་སྲོལ་ཡོདཔ་ཨིན་ལགས།
  • བྲེ་གང་:Dreygang.
    གསུང་ཉན་ཅིག་མཉམ་རོགས་གཞོན་མ། །
  • བྲེ་གང་:Dreygang.
    ས་བོད་ཀྱི་བྱ་ཆེན་ངངམ་འདི། །
  • བྲེ་གང་:Dreygang.
    ང་མ་འཕུར་ཟེར་ཚེ་གནམ་ལས་འཕུར། །
  • བྲེ་གང་:Dreygang.
    མ་ཆགས་ཟེར་ཚེ་མཚོ་ཁར་ཆགས། །
  • བྲེ་གང་:Dreygang.
    མར་རྒྱ་ནག་པདྨའི་མཚོ་ཁར་ལུ། །
  • བྲེ་གང་:Dreygang.
    སྒོང་རྡོག་ལྔ་གསུམ་བཅོ་ལྔ་འབུད། །
  • བྲེ་གང་:Dreygang.
    བྱི་ཅུང་བཞི་གསུམ་བཅུ་གཉིས་ཐོན། །
  • བྲེ་གང་:Dreygang.
    རྒྱ་ནག་པདྨའི་མཚོ་ཁར་དགའ་དགའ་བ། །
  • བྲེ་གང་:Dreygang.
    དགའ་བའི་དགུན་ཟླ་རིམ་གྱིས་རྫོགས་སོ་ནུག །
  • བྲེ་གང་:Dreygang.
    སྲུང་དང་ཚད་པའི་ཉི་མ་ལོ་ལས་རིང་། །
  • བྲེ་གང་:Dreygang.
    རྒྱའི་ཚདཔ་པའི་རྣམ་པ་མེ་ལས་ཚ། །
  • བྲེ་གང་:Dreygang.
    རྒྱ་ཆུ་སྔོན་པའི་རྦ་རླབས་ནམ་ཁ་མཐོ། །
  • བྲེ་གང་:Dreygang.
    ངང་ཕྲུག་གཤོག་སྒྲོ་རྒྱགས་པའི་དུས་མིན་འདུག །
  • བྲེ་གང་:Dreygang.
    ཨ་མ་གང་ཆེན་བོད་ལུ་ལོགས་རན་ཡི། །
  • བྲེ་གང་:Dreygang.
    གཏན་བཞག་མཚོ་མོའི་རྒྱལ་མོ་རྐྱབ་བཞག་གེ །
  • བྲེ་གང་:Dreygang.
    སང་ཕོད་དགའ་བའི་སེར་ཁ་མ་འབོ་ན། །
  • བྲེ་གང་:Dreygang.
    བྱིའུ་ཅུང་གཤོག་སྒྲོ་རྒྱགས་པའི་དུས་ཚོད་ལུ། །
  • བྲེ་གང་:Dreygang.
    སྐུ་ཁམས་བཟང་པོ་མཇལ་བའི་སྨོན་ལམ་ཞུ། །
  • བྲེ་གང་:Dreygang.
    ས་ཕྱོགས་སྤུ་ན་ཁ་ལུ་ལྷོད་པའི་ཚེ། །
  • བྲེ་གང་:Dreygang.
    སྤུ་ན་དབང་རྫོང་སྡེ་པའི་ལྡུམ་ར་ནང་། །
  • བྲེ་གང་:Dreygang.
    ལེགས་པའི་ངང་ལ་གཞོན་བཅགཔ་ད་གཅིག །
  • བྲེ་གང་:Dreygang.
    ཧུམ་པ་སེར་པའི་སྦུབ་ཅུང་དཀྲོལ་ད་གཉིས། །
  • བྲེ་གང་:Dreygang.
    ཨན་འབྲས་དམར་པོའི་མནྜལ་ཕུལ་ད་གསུམ། །
  • བྲེ་གང་:Dreygang.
    འབྱུང་བཞི་ས་ལས་འཚོ་པའི་དཔེ་ཨིན་པས། །
  • བྲེ་གང་:Dreygang.
    དཔེ་གཞི་དེ་གསུམ་མཐོང་ཚེ་སེམས་དགའ་བས། །
  • བྲེ་གང་:Dreygang.
    ཕ་ཡུལ་གངས་དཀར་ལྷ་ཤིང་ཤུགཔོ་འདི། །
  • བྲེ་གང་:Dreygang.
    བདེ་ཆེན་བདེ་མེད་གཉིས་ཀྱི་སྡོང་པོ་འདྲ། །
  • བྲེ་གང་:Dreygang.
    སྡོང་པོ་དེ་གུ་འཛོམས་པའི་སྨོན་ལམ་ཅིག །
  • བྲེ་གང་:Dreygang.
    སྤུ་ན་རྫོང་གི་ཕྱོགས་ལུ་བཏབ་བཞག་གེ །
  • བྲེ་གང་:Dreygang.
    ས་ཕྱོགས་ཐིམ་ཕུའི་གཡུལ་ལུ་ལྷོད་པའི་ཚེ། །
  • བྲེ་གང་:Dreygang.
    ཁྲོམ་མི་དམངས་འཛོམས་པའི་སྦུག་ལུ། །
  • བྲེ་གང་:Dreygang.
    ཉམས་དགའ་བའི་དགའ་སྤྲོ་གྱུར་སོང་པ། །
  • བྲེ་གང་:Dreygang.
    ང་བློ་དང་རིག་པ་མ་རྫོགས་རུང་། །
  • བྲེ་གང་:Dreygang.
    འཚམས་ཚོད་དུས་ཀྱི་རྫོགས་སོ་ནུག །
  • བྲེ་གང་:Dreygang.
    ངེའི་བཀའ་དྲིན་ཅན་གྱི་གོངམ། །
  • བྲེ་གང་:Dreygang.
    སྐུ་མི་འགྱུར་མི་དབང་ཡབ་སྲས་གཉིས། །
  • བྲེ་གང་:Dreygang.
    ཡར་གསེར་ཁྲིད་གུ་ལུ་བཞུགས་བཅུག་ཅིག །
  • བྲེ་གང་:Dreygang.
    གཟིགས་གནང་མ་འབྱོན་མི་སྐུ་མགྲོན་ཚུ། །
  • བྲེ་གང་:Dreygang.
    སྙན་གྱི་དབང་པོ་མ་གཡོ་བ། །
  • བྲེ་གང་:Dreygang.
    ཐུགས་དགྱེས་པའི་སྒོ་ལས་གསན་གནང་ཞུ། །
  • བྲེ་གང་:Dreygang.
    གསུང་མཉམ་ཅིག་བྱོན་པའི་མཉམ་རོགས་ཚུ། །
  • བྲེ་གང་:Dreygang.
    ང་སླབ་པའི་ང་རྒྱལ་མཐོ་སོང་རུང་། །
  • བྲེ་གང་:Dreygang.
    ཁྱོད་་་ང་སླབ་པའི་ང་རྒྱལ་མཐོ་སོང་རུང་། །
  • བྲེ་གང་:Dreygang.
    ཁྱོད་ཉན་པའི་ཉན་ཚོད་མ་ཡལ་བ། །
  • བྲེ་གང་:Dreygang.
    སང་ཕོད་བཀྲ་ཤིས་ཟླ་བ་ལུ། །
  • བྲེ་གང་:Dreygang.
    ལུས་ལུ་ན་ཚ་མེད། །
  • བྲེ་གང་:Dreygang.
    སེམས་ལུ་སྡུག་བསྔལ་མེད་པ། །
  • བྲེ་གང་:Dreygang.
    ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཅིག །
  • བྲེ་གང་:Dreygang.
    ང་མཚོ་མ་སྒར་པ་ཞུ་གེ་ལགས་ཟེར་། ད་འ་ནཱི་གི་དཔེ་འབད་བ་ཅིན་ད་བྱ་ནཱེམ་ཁྲུང་ཁྲུང་དེ་ལུ་སྦེ་མགོ་འདི་ཡར་ལས་མར་མགོ་དཔེ་ཁྲུང་ཁྲུང་འདི་ལུ་ད་བྱ་ཁྲུང་ཁྲུང་འདི་ཡང་ཏེ་ཁོ་གནམ་དགུན་གྱི་དུས་སུ་ རྒྱ་ཚད་པའི་ནང་འགྱོ་སྟེ་སྦེ་རུང་གསོ་ཟླ་ཚེས་པའི་བསྒང་ལས་ ཡར་ལོག་དོ་ཟེར་ལོགཔ་ད་ལུ་ཏེ་ བྱིའུ་ཅུང་འདི་ཚུ་དང་ ཤུལ་མ་ཕྱད་ཚུགས་པའི་སྨོན་ལམ་བཏབ་གེ་ཟེར།
  • བྲེ་གང་:Dreygang.
    འདི་བཟུམ་སྦེ་ ཁོ་མར་ལས་ཡར་འོངམ་ད་ལུ་ཡང་ཏེ་ཕར་སྤུ་ན་ཁ་ལུ་ ལྷོདཔ་ད་ལུ་ཡང་ཏེ་གནམ་གསོ་ཁ་ཐོན་སོའི་ཟེར་བའི་གི་བརྡ་མཚོན་ཏེ་ཚལ་ལུ་མནྜལ་ཕུལ་ངང་ལ་གཞསམ་རྐྱབ་ཧུམ་པ་གསེར་ཏོག་བཀལ་ཟེར་ འ་ནཱི་ཚུ་བཟུམ་མའི་ དུས་ཚོད་ལུ་ལྷོད་སོ་ནུག
  • བྲེ་གང་:Dreygang.
    ཏེ་ནཱི་ནང་ལུ་ལྷོད་དེ་དགའ་ཡི་ཟེར་ད་ལྟོ་དཔེ་འདི་ འ་ནཱི་མར་ལས་ཡར་སྦེ་སྦྱར་ཏེ་ བྱ་ཁྲུང་ཁྲུང་འདི་གུ་ སླབ་པའི་བསྒང་ལས་ ཏེ་ད་ང་བཅས་ཀྱི་ ད་རེས་ནངས་པ་འབདཝ་ད་ད་ང་བཅས་ཀྱི་ ཐིམ་ཕུག་ལུ་བཟུམ་ཅིག་ཁ་ལུ་རྒྱལ་ས་ལྟེ་བ་འབད་ནི་དེ་གི་ཆ་བཞག་བསླབ་མམ།
  • བྲེ་གང་:Dreygang.
    ཏེ་ནཱི་ནང་ལུ་ མི་འཛོམས་པའི་སྦུག་་ལུ་ཏེ་ང་གིས་བློ་ཟེ་སྒྱུས་ཏེ་འབད་རུང་ཏེ་ངེ་གི་ནང་རྫས་འདི་ བློ་ཟེ་གི་མ་རྫོགས་ཨིན་རུང་དུས་ཚོད་ཀྱི་མི་ལང་པས་ཏེ་འ་ནཱེམ་ཅིག་སྦེ་ཡར་ང་བཅས་རའི་གོངམ་འདི་ཚུ་ཡང་ ལེགས་ཤོམ་སྦེ་བཞུགས་བཅུག
  • བྲེ་གང་:Dreygang.
    ཏེ་དེ་ལས་སྙན་གསན་མི་མགྱོནམ་འདི་ཚུ་ཡང་ཏེ་སྙན་གྱི་དབང་པོ་མ་གཡོ་བ་ཐུགས་དགྱེས་པའི་སྒོ་ལས་གསན་གནང་ཟེར་ཏེ་འ་ནཱི་བཟུམ་སྦེ་ཏེ་རང་གི་ཆ་རོགས་ལུ་འབད་རུང་ཡང་ཏེ་ཆ་མཉམ་ཕར་དར་ཟེརཝ་མས་པ་ང་བཅས་མཇུག་སྨོན་ཚིག་ཟེར་མི་དེ་ར།
  • བྲེ་གང་:Dreygang.
    ཏེ་ང་གིས་ ང་རྒྱལ་མཐོ་སྟེ་སླབ་ཡར་སོང་སྟེ་འབད་རུང་ཏེ་ཁྱོད་རྩིགསཔ་མ་ཟ་ཏེ་ལོག་ཤུལ་མ་ལེགས་ཤོམ་སྦེ་ཏེ་སང་ཕོད་བཀྲ་ཤིས་ཟླ་བ་ལུ་ཏེ་ན་ཚ་ལུས་ལུ་ན་ཚ་མེད་ སེམས་ལུ་སྡུག་བསྔལ་མེད་པ་ཏེ་ལོག་སྟེ་མཇལ་ཚུགས་པའི་ སྨོན་ལམ་ཡོད་ཟེར་མི་དེ་འ་ནཱི་མཇུག་ལས་ སྨོན་ཚིག་ཟེར་མི་འདི་འ་ནཱི་བཟུམ་ཅིག་ལུ་སླབ་ཨིན།
  • བྲེ་གང་:Dreygang.
    ད་ཆོས་སྨོན་ཚིག་ཆོས་བདག་གི་འབད་བ་ཅིན་ རོགས་བཀྲ་ཤིས་ཟེར་ ཕབ་མས་པ་སྨོ་ལགས།ཏེ་ང་བཅས་ར་ ཁ་བཤད་ནང་འབད་བ་ཅིན་ཏེ་དེ་གི་སྨོན་ཚིག་འདི་ འ་ནཱེ་སྦེ་ཕབ་ཨིན་ཟེར་ཞུ་ནི་ཨིན།