Skip to main content Skip to search
23 Aug 2018
2 min 1 sec
Video Overview
Creators: 
Nelson Walker, Yeshi Wangchuk, Penchela, Dr. Karma Phuntsho

Melancholic Lozey is a category of ballad, usually expressing sad incidents that happened in the singer’s life. In this particular ballad, a girl had a problem in her life that she could never forget. The lover of the woman tried to console her through the ballad, stating that the problem she had could be washed or cleansed away with water, so that they can be happy together. 

 

འཁྲུལ་སྣང་ཅན་གྱི་བློ་ཟེ་འདི་ བློ་གི་དབྱེ་ཁག་ཅིག་ཨིནམ་དང་ འདི་གིས་ མི་ཚེ་ནང་ལུ་ སྐྱོ་བའི་གནས་སྟངས་འབྱུང་བའི་སྐོར་ལས་བཤདཔ་ཨིན། ལྷག་པར་དུ་ ཨ་ནཱི་བློ་ཟེ་འདི་ནང་ བུམོ་འདི་ སྟབས་མ་བདེཝ་སྦོམ་འབྱུང་མི་འདི་ མོ་རའི་མི་ཚེ་ནང་ལུ་ སེམས་ལས་ནམ་ཡང་བརྗེད་མ་ཚུགས་པའི་སྐོར་ལས་སྟོན་དོ་ཡོདཔ་ཨིན། དེ་འབདཝ་ལས་ མོ་ར་ལུ་དགའ་བ་འབྱུང་ནིའི་དོན་ལུ་ མོ་རའི་སྡུག་བསྔལ་ཚུ་ ཆུ་གི་འཕྱག་སྟེ་ ཧིང་སང་ས་འབད་དག་རུང་བཏུབ་པས་ཟེར་ བློ་ཟེ་གིས་ཐོག་ལས་ མོ་རང་ལུ་ སེམས་གསོ་འབདཝ་ཨིན་མས། 

 

Transcript search
No results found for this search
0 of 0
  • ཚེ་དབང་ Tshewang
    ད་ ཕོ་སྐྱེས་འདི་གིས་ ཨམ་སྲུ་འདི་ལུ་ བཏང་བཏང་མས་ ཨམ་སྲུང་འདི་ལུ་ ཨ་ཙི་ནེམ་ཡོདཔ་མས་བ་ཏེ།
  • ཚེ་དབང་ Tshewang
    ཤིང་ལ་གི་དུང་ཤིང་མགུ་བདེཝ་མས། །མགུ་བདེཝ་མས་ཕྱོགས་སུ་ཁཝ་བཏང་མས། ཟེར་མས་ལོ།
  • ཚེ་དབང་ Tshewang
    མགུ་བདེ་མི་ཕྱོགས་སུ་ཁཝ་འདི། །དགུང་ཁྲི་གདུགས་ཤར་ཚེ་བཞུ་ཡི་བ། །
  • ཚེ་དབང་ Tshewang
    ཏེ་ གཙོ་བོ་ར་པ་གཉིས་ཀྱིས་ཁྱིད་དེ། དགུང་ཁྲི་གདུགས་ཤར་རུང་བཞུ་མ་བཏུབ། ཟེར།
  • ཚེ་དབང་ Tshewang
    ཏེ་ ཨམ་སྲུ་འདི་ལུ་ སྡུག་བསྔལ་ཅིག་སྦོམ་སྦེ་ཡོདཔ་མས་བ་ལགས་ ཡང་ན་ ཕོ་སྐྱེས་ཀྱིས་ མོ་ འ་་་ གཟུགས་ཁར་ལུ་ མ་བདེཝ་ཅིག་ཆགས་ བུ་ཚུ་སྐྱེ་ནི་ཅིག་ཡོད།
  • ཚེ་དབང་ Tshewang
    འ་ནཱི་སྦེ་འབད་ ཏེ་ འ་ནཱི་འབདཝ་ད་ ཕོ་སྐྱེས་འདི་གིས་མོ་ལུ་ སྟབས་མ་བདེ་བར་ཏེ་ འ་ནེམ་ཅིག་བཞག་ནི་གི་ དེ་སྦེ་ཁོ་གིས་ ཧ་གོ་འབད་སྦེ་ འབདཝ་ད་ ཏེ་ འོ་ནཱི་སླབ་སླབ་མས།
  • ཚེ་དབང་ Tshewang
    ཤིང་ལ་གི་དུང་ཤིང་མགུ་བདེཝ་མས། །གཙོ་ར་པ་གཉིས་ལུ་ཁྱིད་ད་མས། །འོ་ ཁོག་པའི་ཧིང་སྐྱོ་མ་དགོ །རིག་པའི་རྟིང་དྲེག་པ་དགོ ཟེར་ནུག །
  • ཚེ་དབང་ Tshewang
    ཏེ་ མགུ་བདེ་བའི་ཕྱོགས་སུ་ཁཝ་འདི། །དགུང་ཁྲི་གདུགས་ཤར་ཚེ་བཞུ་ཡོད། །འོ་དཔྱེ་མ་ཤེས་འདི་དང་ཆ་འདྲཝ། །ཁྱོད་གཡུས་ཀྱི་སྨིན་ཆུང་བུམོ། །
  • ཚེ་དབང་ Tshewang
    ཁོག་པའི་ཧིང་སྐྱོ་མི་དགོ །རིག་པའི་རྟིང་དྲེག་པ་དགོ ཟེར། །རིག་པའི་རྟིང་གི་དྲེག་པ་འདི། །ཆུ་གསེར་རྐ་གཟར་གྱི་བྱག་མ་ལས། །
  • ཚེ་དབང་ Tshewang
    ཆུ་ཀུ་ཅུ་གང་ཀྱིས་དག་ཅི་བ། ཟེར། ཏེ་ ཁོག་པའི་ཧིང་གི་སྐྱོམ་འདི། །དགའཝ་གདོང་སྐོར་རྐྱབ་རུང་སངས་མ་བཏུབ། ཟེར།
  • ཚེ་དབང་ Tshewang
    ཏེ་ འ་ནཱི་སྐྱོམ་འདི་ ཏེ་ དེ་བསྒང་ལས་ ཏེ་ ནང་ན་ཆགས་ཆི་ཏེ་ འ་ནཱི་འགྱོ་མ་བཏུབ་པའི་བློ་ ཏེ་ ཕོ་སྐྱེས་འདི་གིས་ ཨམ་སྲུ་ལུ་བསྒྱུར་བསྒྱུར་བའི་ བློ་ཨིན་མས་ལགས་ འ་ནཱི།