Skip to main content Skip to search
15 Dec 2011
3 min 48 sec
Rating
0
No votes yet
Video Overview
Creators: 
Unknown

The director of the factory discusses medicinal materials stored in the factory's warehouse.

Show More

  • བྱས་ཙང་ང་ཚོའི་བོད་ཀྱི་གསོ་རིག་ཟེར་དགོས་རེད་པས། དེའི་ནང་ཁུལ་ལ་ཆ་བཞག་ན།
  • གཅིག་གིས་སྨན་གྱི་ཐོན་ཁུངས་ཟེར་དགོས་རེད་པས། དེའི་ནང་ཁུལ་ལ་ཆ་བཞག་ན།
  • སྨན་གྱིའི་རྣམ་གྲངས་ཟེར་དགོས་རེད་པས། དེ་ཞེ་དྲག་གི་༼ཧ་ཅང་༽མང་པོ་དེ་འདྲས་རེད། 
  • བྱས་ཙང་གོང་ལ་ཞུས་པ་ནང་བཞིན་དཔེར་ན་ཁག་གཅིག་ལ་ཆ་བཞག་ན་ང་རང་ཚོའི།
  • མེས་རྒྱལ་ནང་ཁུལ་ནས་ཡར་ནང་འདྲེན་བྱས་ཟེར་ཡས་དེ་འདྲས། 
  • ཁག་གཅིག་ལ་ཆ་བཞག་ན་ཡང་ཕྱི་རྒྱལ་ནས་ཚུར་ནང་འདྲེན་བྱས་ཟེར་ཡས་དེ་འདྲས་མང་པོ་རེད།
  • བྱས་ཙང་འདིའི་བཟོ་འདྲ་དེ་འདྲས་དཔེར་ན་ད་ལྟ་འཇམ་འབྲས་ཀྱི་བཟོ་འདྲ་དེ་ཚོ་ལ་ཆ་བཞག་ན། 
  • ཕྱི་རྒྱལ་ནས་ཚུར་ནང་འདྲེན་བྱས་པ་དེ་འདྲས་རེད། 
  • བྱས་ཙང་འདིའི་ཕན་ཡོན་ཡིན་ན་ད་གིན་གོང་ལ་ཞུས་པ་ནང་བཞིན་གཙོ་བོ་དེ་འཇམ་འབྲས་ཀྱིས་ཟེར་ན་མཁལ་མའི་ན་ཚ་ལ་ཕན་གྱི་ཡོད་པ་ཟེར་ཡས་དེ་འདྲས།
  • ད་ཡིན་ནའི་ལས་ལས་སྣོན་བྱེད་དུས་ཙ་ནས་ཆ་བཞག་ན།
  • ང་རང་ཚོའི་བོད་པའི་སྨན་ཆེ་བ་ཞིག་ལ་ཆ་བཞག་ན། 
  • སྨན་རྒྱུ་ཆ་རགས་ཚར་དུས་ཙ་ན་ལམ་སེང་བེད་སྤྱོད་བཏང་ཡས་ཟེར་ཡས་དེ་འདྲས་ཡིན་ན་ཡོའོ་༼ཡོད༽མ་རེད།
  • ཡང་ཁོ་རང་ལ་ཆ་བཞག་ན། གཅིག་དུག་བསྟོན་་དགོས་ཡས་ཟེར་ཡས་དེ་འདྲས།
  • གཡའ་འདོན་དགོས་ཡས་གིའི་༼ཀྱིའི་༽བཟོ་འདྲ་དེ་འདྲས། 
  • ཁོ་རང་ལས་སྣོན་གཅིག་བྱོད་དགོས་རེད། 
  • ལས་སྣོན་བྱས་ཚར་བའི་མཇུག་གུ་ལ། ཨ་ནི་གཞི་ནས་སྨན་ལ་བཏང་ཆོག་པ་དེ་འདྲས་རེད་ཟེ། 
  • དེ་གཅིག་རེད། ད་འདི་ལ་ཆ་བཞག་ན་གཙོ་བོ་དེ་ང་ཚོས་གོ་ཡུ་ཟེར་གྱི་རེད།
  • བྱས་ཙང་གོ་ཡུ་དེ་ལ་ཆ་བཞག་ན་གཙོ་བ་དེ་ག་རེ་རས་ཟེར་ན་ཕྱི་རྒྱལ་ནས་དོན་གནང་བ་རེད། 
  • བྱས་ཙང་ང་ཚོས་གོ་ཡུ་དེ། ཡང་ན་ཚ་ག་བར་བཏང་གི་ཡོའོ་༼ཡོད་༽་རས་༼རེད་དམ་༽ཟེར་ན།
  • འོ་གཅིག་མཁལ་མའི་ན་ཚ་དང་། ཡང་སོ་རྩེའི་ཟེར་དུས་ཙ་ན་སོ། 
  • སོའི། གཅིག ག་རེ་ཟེར་དགོས་རས་ལྟོས་ཨང་མདངས་ཟེར་དགོ་རེད་པས་ཡག་རུ་འགྲོ་ཡས་ཟེར་ཡས་དེ་འདྲས། ང་རང་ཚོའི་སོ་ལ། 
  • དེའི་ནང་ཁུལ་ལ་ཆ་བཞག་ན་ཡང་གོ་ཡུ་མཁལ་མའི་ནུས་པ་སོ་རྩི་ཆེ་བ་ཟེར།
  • སོ་ལ་བརྩི་བྱས་ནས། བྱས་ཙང་དེ་ཚོར་ཆ་བཞག་ན་དངོས་གནས་དྲང་གནས་ཀྱི་རྒྱུ་མཚན་མེད་པ་དེ་འདྲ་མ་རེད།
  • རྒྱུ་མཚན་ཡོད་པ་དེ་འདྲ་རེད། 
  • བྱས་ཙང་དེ་ཚོ་ཚང་མ་ལོགས་ལ་ཆ་བཞག་ན་ང་རང་ཚོའི་སྨན་གྱི་ནང་ཁུལ་ལ།
  • ད་དེ་ནས་འདི་ནས་ཡར་ཆ་བཞག་ན་ཁག་གཅིག་ལ་ཆ་བཞག་ན་ང་རང་ཚོའི་ཕྱི་རྒྱལ་ནས་ནང་འདྲེན་བྱས་པ།
  • གཉིས་ནས་ཆ་བཞག་ན། ཁག་གཅིག་ལ་ཆ་བཞག་ན་ཡང་ང་རང་ཚོའི་བོད་རང་གི་ས་ཆ་ལས་ས་ཆ་གཞན་དག་ལ་མེད་པ། 
  • ང་རང་ཚོའི་བོད་རང་གི་ས་ཆ་ནས་ཐོན་པའི་གཅིག་གིའི་སྔོ་སྨན་དེ་འདྲས་ཡིན་ན་མང་པོ་ཡོད་པ་དེ་འདྲས་རེད།
  • བྱས་ཙང་ང་རང་ཚོའི་བོད་སྨན་རང་གི་ནང་ཁུལ་ལ་ཆ་བཞག་པ་ཡིན་ན།
  • གཙོ་བོ་དེ་ག་རེ་རས་ཟེར་ན་སྨན་ལ་ནུས་པ་ཐོན་ཡས་ཟེར་ཡས་དེ་འདྲ་གཙོ་བོ་དེ་ག་རེ་རས་ཟེར་ན། 
  • ང་རང་ཚོའི་བོད་དེ་ཡིན་ན་ཞེ་དྲག་ཀྱི་ས་ཆ་མཐོ་པོ་བྱས།
  • གཙང་མ་བྱས། རང་བྱུང་གི་ཐོན་ཁུངས་དེ་ཞེ་དྲག་གིའི་ཕུན་སུམ་ཚོགས་པོ་དེ་འདྲས།
  • བྱས་ཙང་སྨན་ལ་ཆ་བཞག་ནའི་རེད་པཱ། ནུས་པ་དེ་ཡིན་ན་གློ་བུར་དུ་ན་ཚ་དེ་འདྲ་དང་དེ་འདྲས་ལ་ཆ་བཞག་པ་ཡིན་ན།
  • དངོས་གནས་དྲང་གནས་ཀྱི་ང་རང་ཚོའི་བོད་སྨན་གྱི་སྨན་རྩའི་ནང་ཁུལ་ནས་ཆ་བཞག་ན།
  • རྩ་སྨན་གྱི་ནུས་པ་དེ་མང་བ་ཐོན་གྱི་ཡོའོ་༼ཡོད་༽རེད་ཟེ།
  • བྱས་ཙང་དེ་ཡིན་དུས་ཙ་ནས་ཆ་བཞག་ན། 
  • ང་ཚོའི་སྨན་གྱི་ནང་ཁུལ་ལ། སྦྱོར་བའི་ནང་ཁུལ་ལ་ཆ་བཞག་ནའི་རེད་པཱ།
  • སྦྱོར་བ་ཁ་ཤས་ལ་ཉི་ཤུ་ཡོད་པ་ཁ་ཤས་ས་ལ་སུམ་ཅུ་ཡོད་པ།
  • བྱས་ཙང་དེ་ཚོ་ལ་ཆ་བཞག་ནའི་སྐབས་དེ་དུས་ཀྱི་སྔོན་མའི་ལོ་རྒྱུས་ཐོག་གི།
  • མཁས་པ་དེ་ཚོས་ཡིན་ན་དགོངས་པ་མང་པོ་བཞེས་འདུག་གཱ།
  • བྱས་ཙང་ཕྱི་ལུགས་ཀྱི་སྨན་ཞིག་གི་ངོས་ནས་ཆ་བཞག་ན།
  • ན་ཚ་གཅིག་རྐྱང་གཅིག་གི་ངོས་ནས་ཆ་བཞག་ན། 
  • ལམ་སེང་ཕན་གྱི་ཡོའོ་༼ཡོད་༽་རེད། 
  • ཕན་གྱི་ཡོག་རེད་སྟེ་ཡིན་ནའི་རེད་པཱ། མཇུག་གུ་དེར་ག་རེ་ཡོའོ་་རས་ཟེར་ན། 
  • ཡང་ན་ཚ་གཞན་མའི་ཁག་གཅིག་ལ་གནོད་ཡས་བཟོ་འདྲ་དེ་འདྲས།
  • དཔེར་ན་ཆོའི་ཐུང་གི་བཟོ་འདྲ་དེ་འདྲས་ན་ཚ་བཏང་མཁན་དང་སོ་ལ་ན་ཚ་བཏང་མཁན་དེ་འདྲས་ལ་ལམ་སེང་ཕན་གྱི་ཡོའོ་རེད་སྟེ། 
  • ཡིན་ནའི་ཁོས་ག་རེ་བྱེད་་ཀྱི་ཡོའོ་རས་ཟེར་ན་ཕོ་བ་ལ་གནོད་ཡས་བཟོ་འདྲ་དེ་འདྲས།
  • ཕྱི་ལུགས་ཀྱི་སྨན་དེ་ཡིན་ན་རྫས་གྱུར་གྱི་སྨན་གྱི་སྒྲུབ་ཆ་དེ་འདྲས་རེད་འདུག་ག།་
  • མང་བ། བྱས་ཙང་ང་རང་ཚོ་བོད་པའི་སྨན་དེ་ལ་ཆ་བཞག་ན།
  • སྤྱིར་བཏང་མི་གནོད་པའི་རྒྱུ་མཚན་དེ་ག་རེ་རས་ཟེར་ན། 
  • ང་ཚོའི་སྦྱོར་བའི་ནང་ཁུལ་ཆ་བཞག་ན།
  • སྨན་སྣ་ཁ་མང་པོ་ཞིག་རྒྱབ་བཞག་ཡོའོ་རེད།
  • སྣ་ཁ་མང་པོ་ཞིག་རྒྱབ་བཞག་དུས་ལ་ཆ་བཞག་ན། 
  • དཔེར་ན། ཨ་གར་སོ་ལྔའི་བཟོ་འདྲ་དེ་འདྲས་ཡིན་ན་རླུང་སྨན་རེད་སྟེ་ཡིན་ནའི་ལའི།
  • ཁོས་ཕྱོགས་གཅིག་ནས་ཆ་བཞག་ན་རླུང་གིའི་ན་ཚར་ཕན་གྱི་ཡོའོ་རེད།
  • གཉིས་ནས་ཆ་བཞག་ན་ཁོས་ཡང་ན་ཚ་གཞན་པར་གནོད་ཀྱི་ཡོའོ་མ་རེད། 
  • ཁོའི་ནང་ཁུལ་ལ་དེ་འདྲས་ཀྱི་སྔ་མོའི་ཨ་ནི་མཁས་པ་དེ་ཚོས༎
  • ལོ་རྒྱུས་ཐོག་གི་མཁས་པ་དེ་ཚོས་དགོངས་པ་མང་པོ་དེ་འདྲས་བཞེས་འདུག་ག།
  • བྱས་ཙང་དངོས་གནས་དྲང་གནས་ཀྱི་ང་རང་ཚོའི་བོད་པའི་སྨན་ལ་དམིགས་བསལ་ཁྱད་ཆོས་ཡོའོ་རེད་ཟེར་ཡས་དེ་གཙོ་བོ་དེ།
  • ད་ལྟ་ང་ཚོའི་སྨན་གྱི་དེའི་ནང་་ཁུལ་ལ་ཆ་བཞག་ན།
  • གཅིག་བོད་རང་གི་ས་གནས་ནས་ཐོན་པའི་སྨན་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པ། 
  • དེ་ཚོ་ཚང་མ་ལོགས་ལ་ཆ་བཞག་ན་བོད་དེ་ཡིན་ན་ས་ཆ་མཐོ་པོ་བྱས།
  • ་ཨ་ནི་སྨན་དེ་ཚོར་ཆ་བཞག་ནའི་གཙང་མ་བྱས། 
  • དེ་འདྲས་ཡིན་དུས་གཅིག་དེ་རེད་གཉིས་ནས་ཆ་བཞག་ན། 
  • ད་ཕྱི་རྒྱལ་དང་དེ་འདྲ་དང་མི་འདྲ་བར་ང་ཚོའི་སྨན་གྱི་ནང་ཁུལ་ལ་སྦྱོར་བའི་ནང་ཁུལ་ལ་ཆ་བཞག་ན། 
  • སྨན་སྣེ་ཁ་མང་པོ་མཉམ་དུ་སྲེས་བྱས་རྒྱག་ཡས་ཟེར་ཡས་དེ་ལ་རྒྱུ་མཚན་མེད་པ་དེ་འདྲས་ཁྱོན་ནས་རེད་མི་འདུག།
  • རྒྱུ་མཚན་ངེས་ཅན་ཡོད་པ་དེ་འདྲས་རེད་བཞག།
  • བྱས་ཙང་དེ་ཡིན་དུས་ཙ་ནས་ཆ་བཞག་་ན་ད་ལྟ།
  • འདི་ཚོའི་ནང་གི་སྤྱིར་བཏང་གི་ཚང་ཁུང་ནང་ལ་ཡོད་པ་དེ་དག་ལ་ཆ་བཞག་ན། 
  • ང་རང་ཚོས་མང་བ་དེ། 
  • བོད་རང་གི་ས་ཆ་ནས་མཁོ་སྒྲུབ་བྱས་པ་ཟེར་དགོ་རས། དེ་འདྲས་ཡིན་ན་རྐྱང་རྐྱང་རེད་ཟེ།