Video Overview
A doctor at the factory discusses pills that are made from a variety of medicinal materials.
- ཀད་འདི་རིན་ཆེན་གྲང་སྦྱོར་གིས༼གྱི༽སྦྱོར་བ་རེད། རིན་ཆེན་གྲང་སྦྱོར་ནང་ལ་ཡཱ། སྨན་ཁ་ཅིག་ཁཎྜ་བརྒྱབ་ཀྱི་རེད།
- ཀསྨན་ཁ་ཅིག་ཕྱེ་མ་འཐག་གི་རེད། སྨན་ཁ་ཅིག་ཡང་ལོགས་སུ་ལས་སྣོན་བྱས་ནས་དུག་འདོན་གཡའ་འདོན་བྱེད་ཡས་ཡིན་ནའི་རེད།
- ཀགཞན་དག་གི་ལས་སྣོན་ད་འདྲ་མི་འདྲ་མང་པོ་ཡོག་རེད།
- ཀའདི་གས་བྱས་བྱས་བྱས། ད་འདིའི་ནང་ལ་ཡོད་པ་དེ་གས་ཕྱེ་མ་འཐག་ཡས་ཁོངས་གཏོགས་རེད།
- ཀདེའི་ནང་ལོགས་ལ་གྲང་སྦྱོར་ནང་སྨན་བརྒྱ་དང་བཞི་བཅུ་ལྷག་ཙམ་ཡོག་རེད་པཱ། དེའི་ནང་ལ་ཡཱ་དཱ། རུ་རྟ་བྱས། ཡུངས་དཀར་དཱ་ཡུངས་ནག ཀོ་བྱི་ལ། བོང་ང་དམར་པོ། ད་བོང་ང་དམར་པོ་དུག་གི་ནང་ལོགས་ལ་ཡཱ། ཕན་ཡས་ཀྱི་ཤུགས་ཆེ་གཅིག་གི་གྲས་རེད་པཱ།
- ཀཨ་ནི་མྱང་རྩི་སྤྲས། སུ་མི་སེར་པོ། སུ་མི་དམར་པོ། སྨྱུག་ཅུ་གང་དང་གུར་གུམ་དཱ། པི་པི་ལིང་དཱ། སྲ་འབྲས་དཱ། ཤྭ་བའི་ཁྲག་རྭ་དཱ། འབྲོང་ཁྲག་དཱ། ཨ་རུ་དང་སྐྱུ་རུ་དཱ། གསེར་མེ། ཉ་ཕྱིས། བསེ་ཡབ། སྤོས་དཀར། དཱ་དེ་ནས་འདིའི་ཁོངས་གཏོགས་འདི་གས་གང་ག་༼ཚང་མ་༽སོ་སོའི་བོད་རང་ནས་ཐོན་པའི་སྔོ་སྨན་རྐྱང་རྐྱང་རེད།
- ཀརེ་སྐོན་རྩི་དམར་དཱ། སྐྱེར་པའི་་བར་ཤུན་དཱ། འོམ་བུའི་བར་ཤུན་དང་སེ་རྒོད་བར་ཤུན་དཱ།
- ཀཨ་ནི་ཀྱི་ལྕེ་དཀར་པོའི་མེ་ཏོག་དཱ། ཨུཏྤལ་སྔོན་པོ་དཱ། བ་ལུའི་མེ་ཏོག པྲིང་ཀུ། འོང་། སེར་པོ་རྒུ་དྲུས། འོང་། དབང་ལག་དཱ། དེ་ཚོ་ཚང་མ། རེ་རེ་ཙམ་དེའི་ནང་ལ་བོང་དཀར་འདུག་གཱ བོང་དཀར་དེ་གས་བྱས།
- ཀད་ཤིང་གི་རིགས་དེ་ཚོ་ལོགས་སུ་གཤགས་བྱས་བྱས་དེ་གས་བྱས། རྡོ་སྨན་གྱི་ཁོངས་ལ་ཡཱ། དེའི་ནང་དངུལ་ཆུ། གཟའ་བདུད། འདི་ཅོང་ཞི། ཅོང་ཞི་གཙོ་བོ་བླུག་ཡས། ཤྭ་བའི་ཁྲག་རྭ་དཱ། ཤྭ་བའི་རྭ་དཀར་པོ་ཧར་བསྲེག་བྱས་པ་དེ་གས་ཚོ་བླུག་གི་ཡོག་རེད།
- ཀདེའི་དམར་པོ་དེ་ཕག་ཁྲག། དེའི་ནག་པོ་དེ་བྱས་ལུག་རུ་སྨུག་པོ། སྐྱེར་པའི་བར་ཤུན། འོང་། རེ་སྐོན་རྩི་དམར། འདིའི་སོབ་སོབ་འདི་འདི་རེད་གང་ཆུང་།༼གཱང་ག་ཆུང་།༽
- ཀདཀར་པོ་དེ། སིལ་ཚུབ་ཚུབ་དེ་བྱས་བ་ལུའི་མེ་ཏོག བོང་དཀར། དེ་དཔའ་བོ་དཀར་པོ་དང་དཔའ་བོ་སེར་པོ་བྱས། གསེར་མེ་བྱས། འུ་སུའི་འབྲུ། འོང་། སེར་པོ་རྒུ་དྲུས། སྤང་རྒྱན་ཁྲ་བོ་བྱས། སླེ་ཏྲེས།