Skip to main content Skip to search
15 Dec 2011
2 min 26 sec
Rating
0
No votes yet
Video Overview
Creators: 
Unknown

A doctor at the medicinal pill factory discusses pills that are made from a variety of medicinal materials.

Show More

  • ང་ཚོ་སྨན་སྦྱར་པའི་སྐབས་ལ་ཡཱ། ཐོག་མར་སྨན་གཉེར་དགེ་རྒན་ཆེན་མོས་སྨན། སྨན་དེ་འདྲས་གཅིག་སྦྱར་པ་ཡིན་ན། རྒྱ་མ་ག་ཚོད་སྦྱར་ན་སྨན་སོ་སོ་སོ་སོ་ནས་རྒྱ་མ་ག་ཚོད་ག་ཚོད་ག་ཚོད་ག་ཚོད་རྒྱབ་དགོས་རས། ཐོ་དབབ་ཡོང་གི་རེད། 
  • སྨན་སྦྱར་གྱི་འོང་། སྨན་ཐོ། སྨན་ཐོ་དབབ་ཚར་སོང་ན། སྨན་ཐོ་གཞིར་བཟུང་མཛོད་ཁང་ནས་མར་སྨན་ལེན། གད་ཕྱིས་བྱས། གད་ཕྱིས་བྱས་གཙང་མ་ཡག་པོ་ཆགས་སོང་ན། ཨ་ནི་དེའི་ནང་ལོག་ལ་ཡཱ། འདུག་ཟེ། སོ་སོ་སོ་སོ་བྱས་བཞག་བྱས་བྱས།
  •  དཔེ་ཆ་བཞག་ན། ད་ལྟ་རིན་ཆེན་གྲང་སྦྱོར་སྦྱར་གྱི་ཡོག་རེད་པཱ། དེ་སྦྱར་དུས་ཙམ་པ་འདུག་ཟེ་བྱས་བྱས། སོ་སོ་འདུག་ཟེ་བྱས་བཞག། བཞག་ཚར་སོང་ན། ད་དེ་དགེ་རྒན་ཆེན་མོས་བརྟག་དཔྱད་བྱེད་ཡས་རེད། 
  • ག་རེ་ཟེར་ན། རྗེས་མ་ཨ་ནི་སྨན་ཚང་མ་སྦྱར་ཚར་སོང་ན། ད་དགེ་རྒན་ཆེན་མོ་ཕེབས་རོགས་གནང་། ང་ཚོ་སྨན་སྦྱར་ཚར་སོང་གཟིགས་རོགས་གནང་། ཡག་པོ་ཆགས་འདུག་གས། འགྲིག་འདུག འགྲིག་མི་འདུག
  •  ཨ་ནི་དགེ་རྒན་ཆེན་མོས་། ཨ་ནི་ཁོ་རང་གིས་དབབ་བཞག་པའི་ཐོ་གཞིར་བཟུང་བྱས་བྱས་། ཨ་ནི་དེ་སྨན་དེ་གས་༼དེ་ཚོ་༽ནོར་འདུག ནོར་མི་འདུག བརྒྱབ་ཡས་དེ་ཚོ་ཚད་གཞི་གཞིར་བཟུང་བརྒྱབ་འདུག་ན། ཨ་ནི་འགྲིག་བཞག་ འགྲིག་བཞག་ཟེར་ལབ་ཀྱི་རེད་པཱ།
  • ཨ་ནི། རྒྱ་མ་མང་ཉུང་། འདིའི་བརྒྱབ་པ་དེ་དང་བྲིས་པ་དེ་ཆ་རེད་མ་རེད། རྒྱ་མ་བརྒྱབ་དགོས་ཡས་དེ་གས་བརྒྱབ་འདུག བརྒྱབ་མི་འདུག་བལྟས། བརྒྱབ་འདུག་ན། ད་གང་ག་ལོགས་ལ་འགྲིག་རྟགས་བརྒྱབ་ཀྱི་རེད།
  •  འགྲིག་སོང་ན། ད་ཁྱེད་རང་ཚོས་ཨ་ནི་ལས་ཀ་བྱས་པ་དེ་འགྲིག་བཞག་ཟེར། ཨ་ནི་ལབ་ན་ཨ་ནི་ཁོང་ཚོ་དེ་གས་ཚོ། གང་ག་ཚང་མ་འདྲེས་འདྲེས་བཏང་བྱས་བྱས། ཨ་ནི་དེ་ཕྱེ་མ་འཐག་ཡས་ཁོངས་གཏོགས་དེ་གས་ཚང་མ་རུབ་རུབ་བཟོ་འདྲེས་འདྲེས་བཏང་བྱས་བྱས་ཨ་ནི་ཕྱེ་མ་འཐག་སར་འཁྱེར་འགྲོ་གྱི་རེད། 
  • ཁཎྜ་བརྒྱབ་ཡས་ཀྱི་རིགས་དེ་གས་ཡང་སྦྱོར་ཚད་ནང་ལ་གཞན་ལོགས་བཀར་བྲིས་བྱས་སྨན་དེ་མཉམ་པོ་ཡོག་མ་རེད་གཞན་དག་ནས་འགྲོ་གྱི་ཡོད་རེད།
  • རིན་པོ་ཆེ་རིགས་མཐའ་དག་གཟི་དང་གཡུ་དང་བྱུ་རུ་དང་མུ་ཏིག་དེ་འདྲས་ག་རེ་ཡོད་ནའི་ལའི་ཡང་ཁོ་ལོགས་སུ་ལས་སྣོན་བྱེད་དགོས་རེད་པཱ།
  • ལོགས་སུ་ལས་སྣོན་བྱེད་དུས་གཞན་དག་ནས་ཕྱིན་བྱས་གཞུག་གུ༼མཇུག་དུ༽་ཕྱེ་མ་འཐག་པའི་སྐབས་ལ་ཡཱ། ཨ་ནི་རིན་པོ་ཆེ་ཨ་ནི་ཤིང་མཆོག་འདྲ། ཤིང་གི་རིགས་མཁྲེགས་པོ་འདྲ་མི་འདྲ་དེ་གས་ཚང་མ་དྲེས་དྲེས་༼བསྲེས་བསྲེས་༽བཏང་། ཨ་ནི་ཕྱེ་མ་བཏགས།
  • ཕྱེ་མ་བཏགས་སོང་ན་དེ་གས་ཚང་མ་ཚུར་འདྲེས་འདྲེས་བཏང་། ཡག་པོ་བྱས་འདྲེས་སོང་ན་ཡང་བསྲེས་པའི་སྐབས་ལ་ཡཱ། དགེ་རྒན་སྐད་བཏང་གི་རེད།
  • ད་སྨན་བཏགས་ཚར་སོང་ཟེར། ད་འགྲིག་འདུག་འགྲིག་མི་འདུག ཨེ་ནི་དགེ་རྒན་གྱིས་བརྟག་དཔྱད་བྱས། ད་འགྲིག་འདུག་ཟེར་ན་དེ་འགྱིག་ཤོག་དང་ལྕགས་ཀྲིང་ནང་བླུག་ཨ་ནི་རིལ་བུ་འདྲིལ་ག་འགྲོ་གྱི་རེད།