Video Overview
A doctor discusses the factory room in which medicinal materials are initially brought together.
- ཀཁང་པ་འདིའི་ནང་ལ་ང་ཚོའི་སྨན་སྦྱོར་ཁང་། སྨན་སྦྱར་ས་རེད།
- ཀསྨན་སྦྱར་ས་དཱ། གོ་རོམ། གོ་རིམ་བྱས་ན་ཐོག་མར་སྨན་མར་འཁྱེར་ཡོང་བྱས། རྩ་རས་སྤུད༼ཕུད༽། རྩ་རས་ནང་ནས་སྤུད་བྱས་ཐལ་ལ་དང་། དེའི་ནང་ལ་ཡོད་པའི་དངོས་པོ་གཞན་འདྲེས་བསྡད་པ་དེ་ཚོ་ཕར་གསེད།
- ཀགསེད་ཚར་སོང་ན། སྨན་ཚང་མ་གཙང་མ་ཡག་པོ་ཆགས་སོང་ན། ཁ་ཅིག་ལྷག་འཕྱར་བཏང་དགོས། ཁ་ཅིག་སྒྲུག་ཡས། ཁ་ཅིག་མར་རྫོབ་ཡས། ཁ་ཅིག་ཆུ་ལ་འཁྲུ་ཡས། དེ་འདྲས་འདྲ་མི་འདྲ་བྱས་བྱས། དཱ།
- ཀད་གཞུག་གུ་༼རྗེས་མ༽སྨན་སྨན་གཙང་མ་གཙང་མ་ཡག་པོ་ཆགས་སོང་ན། ཨ་ནི་སྨན་སོ་སོའི་སྦྱོར་རྫས་གཞི་བཟུང་བྱས་བྱས་ཨ་ནི།
- ཀརྒྱ་མ་བཀྱག་སྦྱར་ཚད་གཞིར་བཟུང་ རྒྱ་མ་བཀྱག་ཚར་སོང་ན་ན་སོ་སོ་འདུག་ཟེ་འདུག་ཟེ་བྱས་བཞག། གཞུག་གུ༼རྗེས་མ༽་ཡཱ་ང་རང་ཚོའི་སྨན་གཉེར་དགེ་རྒན་ཡོང་བྱས་བྱས།
- ཀཨ་ནི་སྦྱར་བཞག་པ་དེ་ཚོ་འགྲིག་འདུག་འགྲིག་མི་འདུག བརྟག་དཔྱད་བྱས། བརྟག་དཔྱད་བྱས་ནས་འགྲིག་འདུག་ན་ཨ་ནི་གཞི་ནས་འདི་གས་དེ་ཚོ་ཚུར་འདྲེས་འདྲེས་བཏང་རུབ་རུབ་བཟོ་གོ་ཡས་རུབ་རུབ་བཟོས།
- ཀཨ་ནི་ཁཎྜ་ཁཎྜའི་ཁོངས་སུ་བཏང། དུག་འདོན་བྱེད་ཡས། ལས་སྣོན་གཞན་དག་བྱེད་ཡས་ལས་སྣོན་གཞན་དག་ཁོངས་ལ་བཏང་།
- ཀཨ་ནི་གཞན་དག་ཕྱེ་མ་འཐག་དགོས་ཡས་དེ་གས་༼དེ་ཚོ་༽ཕྱེ་མ་འཐག་སར་སྐྱེལ། ཨ་ནི་འདུག་ཟེ་བྱས་བྱས། ཁང་པ་འདིའི་ནང་གི་ལས་ཀ་སྤྱིར་བཏང་བྱས་ན་འདུག་ཟེ་རེད།སྨན་སྦྱར་སྟངས།