Skip to main content Skip to search
16 Feb 2017
8 min 35 sec
Video Overview
Creators: 
Sonam Tobgye, Sangay Tshomo

Tashi Dorji sings “May a Hundred Skies Meet” (Gungtö Gyayang Dzomshok), a boedra song popularly performed at times of departure. The version of the song presented in this video is slightly different from the one found in folk song books. The first stanza of this song usually describes a stag that resides in a meadow. In Tashi Dorji’s version, the first stanza describes a forest and the tiger that resides in it. The theme of the song, however, is generally the same as the theme of the more common versions. It talks about meetings and departures using examples like the sky and the sun, mountains and lions, and meadows and reindeer. 

 

གླུ་གཞས་དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ཟེར་མི་འདི་ སོ་སོར་སྦེ་ ཁ་འབྱལ་འགྱོ་བའི་སྐབས་ འཐེན་སྲོལ་ཡོད་པའི་ བོད་སྒྲའི་གླུ་གཞས ཡོངས་གྲགས་ཅན་ཅིག་ཨིན་པས། གླུ་གཞས་འདི་ མོང་སྒར་རྫོང་ཁག་ ཡེ་སྟོང་བྱར་ཤིང་སྦོག་ཏོར་གཡུས་ཚན་ལས་ བཀྲིས་རྡོ་རྗེ་གིས་འཐེནམ་ཨིནམ་ད་  ཁོ་གིས་འཐེན་མི་འདི་ གླུ་དེབ་ནང་བྲིས་ཡོད་མི་དང་ ཨ་ཙི་རེ་མ་འདྲཝ་སྦེ་འདུག། གླུ་དེབ་ནང་བྲིས་ཡོད་མི་གི་ ཚིག་བཅད་དང་པའི་ནང་ སྤང་གི་ཤ་བ་གི་ བཤད་པ་རྐྱབ་ཡོདཔ་ད་ ཁོ་གི་ནང་འབད་བ་ཅིན་ ནགས་ཚལ་དང་སྟག་གི་ བཤད་པ་རྐྱབ་ཨིན་པས།ཨིན་རུང་ གླུ་གཞས་འདི་ དམིགས་དོན་འདི་གཅིག་ཨིནམ་ད་ གླུ་གཞས་འདི་ གཅིག་ཁར་ཕྱད་ནི་དང་ ཁ་འབྱལ་བའི་སྐོར་ལས་ གནམ་དང་ཉིམ་ གངས་དང་སེངྒེ་ ཤཝ་དང་སྤང་ཚུ་ལུ་ དཔེ་སྦྱར་ཏེ་ བཤད་པ་རྐྱབ་ཨིན་པས།

 

Transcript search
No results found for this search
0 of 0
  • བཀྲ་ཤིས་རྡོ་རྗེ།
    དགུང་སྟོད་བརྒྱ་ཡང་འཛོམསཤོག་སྟོང་ཡང་འཛོམས། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །
  • བཀྲ་ཤིས་རྡོ་རྗེ།
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    གངས་སྟོད་བརྒྱ་འཛོམས་ཤོག་སྟོང་ཡང་འཛོམས། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །
  • བཀྲ་ཤིས་རྡོ་རྗེ།
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    སྤང་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས། །ཤཝ་རྒྱས་རྭ་བཅུ་འཛོམས་པ་གསེར་ལས་དཀོན། །
  • བཀྲ་ཤིས་རྡོ་རྗེ།
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    མཚོ་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས་ལ། །ཉ་མོ་གསེར་མི་འཛོམས་པ་གསེར་ལས་དཀོན། །
  • བཀྲ་ཤིས་རྡོ་རྗེ།
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    གནག་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས་ལ། །སྟག་མོ་རིན་འཛིན་འཛོམས་པ་གསེར་ལས་དཀོན། །
  • བཀྲ་ཤིས་རྡོ་རྗེ།
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    གཡུས་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས་ལ། །དྲིན་ཅན་ཕ་མ་འཛོམས་པ་གསེར་ལས་དཀོན། །
  • བཀྲ་ཤིས་རྡོ་རྗེ།
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    རྫོང་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས་ལ། །དབང་ཆེན་དཔོན་པོ་འཛོམས་པ་གསེར་ལས་དཀོན། །
  • བཀྲ་ཤིས་རྡོ་རྗེ།
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
  • བཀྲ་ཤིས་རྡོ་རྗེ།
    དགོན་སྟོད་བརྒྱ་ཡང་འཛོམས་ཤོག་སྟོང་ཡང་འཛོམས་ལ། །མཚན་ལྡན་བླ་མ་འཛོམས་པ་གསེར་ལས་དཀོན། །
  • བཀྲ་ཤིས་རྡོ་རྗེ།
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
    ལགས་སོ་ལ། །