Video Overview
A family acquaintance catches up with an elderly woman on news of her family members.
- Lhasa
- ཀད་ཨ་ཅག་ལགས་སྐུ་སྐྱེས་གསལ་ཐང་།
- ཁཐུགས་ཆེ་གནང་།
- ཁགསལ་པོ་ཡིན། ལགས།
- ཁང་རང་ཚོའི་མཚོ་མོ་ལགས་གང་འདྲས་འདུག་སྐུ་གཟུག་ད།
- ཀད་སྣང་དག་མི་འདུག་སྤྱིར་བཏང་གི་སྒང་ག་་ལོགས་བདེ་པོ་འདྲ་ཅིག་ཡིན། ལགས།
- ཁཨ་ནི་ཕྱག་ལས་འདྲ་དེ་ཚོའི་ཐོག་ལ་གང་འདྲས་ཟེར་ཕ་ནས་ཕར་ད་གང་འདྲས་འདྲ་ཅིག་འདུག་དེ་ཚོའི་ཐོག་ལ།
- ཀད། གང་འདྲས་ཟེར་ཞུ་དགོས་རས༼རེད༽།
- ཀའདི་པར་དང་བྱས་པ་ཡིན་ན་ཕ་ནས་ཕར་ཏིག་ཙ༼ཏོག་ཙམ༽་ད་བྲེལ་བ་འདྲ་དེ་ཚ་བ་ཡོའོ་རེད་པ་ལགས།
- ཀད་ག་རེ་ཟེར་དགོས་རེད་རྦད ཞོགས་གས༼ཞོགས་པ༽་ཡར་ལངས་པ་ནས་བྱས་མར་མ་ཉལ་བར་དུ་རྦད་དེ་བྲེལ་བ་ཤ་སྟག་རེད་ད།
- ཁལགས་རེད་པ། ལགས་རེད་ལགས། ལགས་རེད་ལགས།
- ཀད་རྒྱུན་རིང་པོ་ཞེ་པོ་ཕྱིན་སོང་། ད་པཱ་ལགས་བཞུགས་ཨ་ཡོད།
- ཁཔཱ་ལགས་དང་ཨ་མ་ལགས་གཉིས་ཆར་ལོགས་སྔ་ས་ནས་དགོངས་པ་རྫོགས་སོང་ང་ལགས།
- ཀཨ་ཁ།
- ཁལགས། འོང་ལགས།
- ཁད་ལྟ་འདའི༼འདིར༽་བསྡད་པ་སྤུན་ཀྱག༼མཆེད༽་ཁ་ཤས་ཡོའོ་རེད་ལགས།
- ཀལགས་སོ།
- ཁལགས། འོང་།
- ཀཀུན་བཟང་ལགས། བཞུགས་ཡོད་པས།
- ཁལགས། ཡོད་ལགས།
- ཁདེ་སྨན་རྩིས་ཁང་ཟླ་བོ་དེ་སྨན་རྩིས་ཁང་གི་རེད་པ་ལགས། བུ་མོ་གསུམ་བྱས། བུ་མོ་རྒན་པ་དེ་སྨན་རྩིས་ཁང་གིཨི་ད་ལྟ་་དེ་རེད་ལགས།
- ཁཙང་དབྱི་ཞོའོ་ཡོན་༼བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ༽ལ་ཡ་ཡང་ཕ་གའི་ལས་ཀ་བྱེད་ཉན༼མཁན༽་རེད།
- ཀཨོའོ་ད་ལྟ འོང་། དེ་བོད་ཀྱི་སྨན་རྩིས་ཁང་སློབ་གྲྭ་ཆེན་མོ་ཟེར་བཙུགས་པ་དེ་དེའེ་ནང་གི་རེད་པས།
- ཁལགས། རེད།
- ཀསྨན་ཤོག འབྲི་གནང་མཁན་དེ།
- ཁཨོའོ་དེ། འབྲི་གནང་མཁན་དེ་རེད། ཨོའོ་དེ་བུ་མོ་རྒན་པ་དེ་ཨོའོ་དེ་རེད།
- ཁའདྲ་པོ་ཅིག་ཡོའོ་རེད།
- ཀརེད་པས།
- ཁལགས། རེད།
- ཀང་ཕ་གའི་ཇོ(?)་ཐེངས་འགའ་ཤས་སླེབས་བྱུང་། ཁ་སང་ནས་ཅིག་སླེབས་བྱུང་དའི་མཇལ་མ་བྱུང་།
- ཁ་
- ཀརེད་པས་ལགས། འོང་འོང་
- ཁའདྲ་པོ་ཞེ་པོ་ཡོའོ་རེད་ལགས་།
- ཀད་ཡག་པོ་བྱུང།
- ཁལགས་སོ།
- ཀལགས་སོ།
- ཀཨ་ནི།
- ཁཨ་ནི་དེའི་འོག་ལ་ཡ་ད་ཨོའོ། བུ་མོ་དེའི་འོག་ལ་བུ་ཅིག་ཡོའོ་རེད།ལགས་འོང།
- ཁའདུག་ཟེར་བྱས་ཨ་ནི་དེ་གཏེར་ཀྲིས་ཏུད༼རྒྱ་སྐད།ས་གཤིས་རུ་ཁག༽ལ་་ལས་ཀར་འགྲོ་གི་ཡོའོ་རེད་པ་ལགས།
- ཁབྱས་དེའི་ཟླ་བོ་དེ་ཡང་ཚེམ་བུ་བ་རེད་ལགས། ཨ་ནི་རྨོ་བོ་ལགས་ཀྱིས་ཚེམ་བུ་བསྐྱོན།དེ་བྱས་ཁོང་རང་ཚོ་ཡ་གའི་སེ་རའི་ཡ་གའི་ཡ་ཁང་པ་ཐུད་ཤོར༼རྒྱ་སྐད།རྒན་གཡོལ༽་ཁང་པ་སྤོས་བྱས་ཡ་གའི་ཡར་ཡོའོ་རེད་ལགས།
- ཀལགས་སོ།
- ཁད་དེ་ལའི་༼ལ་ཡང་༽པུ་གུ་༼ཕྲུག་གུ་༽གསུམ་ཙམ་ཡོའོ་རེད་ལགས།
- ཀསྐུ་ཟླ་ག་ནས་ཡིན་ནམ།
- ཁཟླ་བོ་དེ་དེ་ནས་རེད། ང་རང་ཚོ་ལྷ་ས་རང་ནས་རེད།
- ཀཨ། ལགས་སོ།
- ཁད་ག་རེད། བུ་མོ་ཡག་པོ་ཅིག་ཡོད།
- ཀལགས་སོ།
- ཁཨ་ནི་ཆུང་ཤོས་ད་མཚམས་ལགས་རེད་པ་ལགས།
- ཀཨོའོ།
- ཁད་མཚམས་ལགས་ནི་དེ་རེད། ག་རེ་ཞུ་དགོས་རས༼རེད་པས༽། མོ་རང་མོ་རང་བག་ལེབ་འདྲ་ཅིག་བཙོང་། པུ་གུ་༼ཕྲུག་གུ་༽མང་ང་ཅིག་ཡོའོ་རེད།
- ཁཅོག་ལགས། ཨམ་མདོ་ཅིག་ཡོའོ་རེད་ལགས།
- ཀཨ་ལས།
- ཁཨོའོ་དེ་རེད།
- ཀཨོའོ། ཀུན་བཟང་ལགས་གཤིས་ཀ་དེ་སྔན་༼སྔོན༽མ་ཆུང་ཆུང་སྒང་གི་ད་ག་རེད་པས།
- ཁད་ཆུང་ཆུང་སྒང་གི་དེར་བསྡད་ཡོའོ་མ་རེད་ལགས།
- ཀའོང་།
- ཁགཤིས་ཀ་རྦད་དེ་རང་ཆང་བཏུང་ན། ཨ་ནི་ཅིག་ཞེ་དྲག་དེ་བྱེད་དགོས་ཉན་༼མཁན༽དེ་འདྲས་རེད།
- ཁགཞན་སྔན༼སྔོན༽་མ་གཤིས་ཀ་ཡོག་པོ་ཡོའོ་རེད་པ།
- ཀཨོའོ་རེད།
- ཁད་ཆང་བཏུང་ན་རུ་ཡའི༼ཡང༽ངར་པོ་འདྲ་ཅིག ད་ཅིག་ཆགས་བསྡད་ཡོའོ་རེད།
- ཀརེད་པས། གཞན་ཨོའོ། ཐོ་སུམ་པོ་སུམ་འདྲ་ཅིག་གི
- ཁཡག་པོ་ཅིག་ཡོའོ་རེད་ལགས།
- ཀརེད་པས་ལགས།
- ཁབྲོད་པོ་ཞེ་པོ་ཡོའོ་རེད། ད་དེ་ཤག་རྦད་དེ་ཅིག་འདུག་ག་ལགས།
- ཁཧ་ལོང་བ་ལོང་འདྲ་ཅིག འོང་རེད།
- ཀཨ་ནི་དེ་ག་རེ་ཟག༼ཟེར༽། འོང་། བློ་བཟང་ལགས་ཁོང་བཞུགས་ཡོའོ་རེད་པས།
- ཁལགས། ཡོའོ་རེད། ལགས་ཡོའོ་རེད། ད་བུ་ང་ཚོའི་སྤུན་ཀྱག༼མཆེད༽་ནང་ནས་ད་དྲག་ཤོས་འདྲ་དེ་རེད།
- ཀལགས་སོ།
- ཁལས་ཀ་ཁྲུའུ་པན་ཅུས༼དཔེ་སྐྲུན་ཁང་གི་༽ཀྱི་རེད་པ། ད་ང་རང་ཚོ་ག་རེ་ཞུ་དགོས་རེད་པས།
- ཀཨོའོ་ད། བློ་བཟང་ལགས། ཡང་རུ་ངར་པོ་འདྲ་ཅིག་ཡོའོ་མ་རེད་པས།
- ཁརླུང་ལང་ང་ལ་དཔེ་བསགས་ཚར་པ་རེད། སེམས་པ་ཅིག་ཡའི་ཡོའོ་མ་རེད་ལགས།
- ཀཨོའོ། ལགས་སོ།
- ཁསེམས་པ་གཅིག་ཡའི་ཡོའོ་མ་རེད་ད། ལམ་སེང་ག་རེ་བསམ་ནའི་ག་རེ་བཤད་ཡོང་གི་རེད་ད།
- ཀད་མང་ཆེ་བ་དེ་འདྲས་ཅིག་འདུག འོང་ཐུགས་རུ་ངར་པོ་བྱེད་ཉན༼མཁན༽་དེ་ཡང་་ཐུགས་སེམས་དེ་ཡང་བཟང་པོ་བྱས།
- ཁད་ང་ཚོ་ཡང་ཨིན་འདྲས༼འདི་འདྲ་༽རེད་ཤག། རྒྱུད་དེ་ཚོ་རུ་ངར་པོ།
- ཁའོང་། གཞན་ང་ཚོ་པུ་གུ་༼ཕྲུག་གུ་༽བཅུ་དྲུག་ཡོའོ་རེད་པ།
- ཀཨ། མང་ང་།
- ཁབཅུ་དྲུག་ནས། ད་ལྟ་བསྡད་ཡས་དེ། པུ་གུ་༼ཕྲུག་གུ༽དེ་བསྡད་ཡོའོ་རེད། བདུན།
- ཁབདུན་བསྡད་ཡོའོ་རེད།
- ཀད་ངས། ང་ཨོའོ་མཇལ་པ་འདྲ་དེ་ད་ལྟ་ང་རྣམ་ཚོའི་ངས་དེ་ཞེ་པོ་དྲན་གྱིས། བློ་བཟང་ལགས་མང་ཆེ་བ་དྲན་གྱིས། དེ་ནས་ཀུན་བཟང་ལགས་མང་པོ་བཤད་ཡས་འདུག
- ཀད་གཞན་དག་དེ་གས༼རྣམ༽་ངས། དེ་དུས་ཆུང་ཆུང་སོང་ཙང་བྱེད་ཀྱི་མིན་འགྲོ་ཁོང་ཚོ།
- ཁཨོ་རེད་ལགས་།ད་ཞེ་དྲག་མཁྱེན་གྱི་མ་རེད་ལགས་།
- ཀད་མང་ཆེ་བ་ཞེ་དྲག་བཤད་ཡས་མི་འདུག་ད།
- ཀད་ད་ལྟ་ང་རྣམ་ཚོའི་ཡོད་པ་འདྲ་དེ་གས་དེ། བཞུགས་ཡོད་པ་འདྲ་དེ་གས་ད་གང་འདྲས་འདྲ་ཅིག་ཡིན་འདྲ་བསམས་ཀྱིས།
- ཁད་སྒང་ག་ཨོའོ་ཙི་ཨོའོ་ཙི༼ཙམ༽་ཡོའོ་རེད། ལགས་རེད། ད་སྤུན་ཀྱག་མང་པོ་བྱས་ཁོ་རང་ཚོ་སྒང་ག་སོ་སོ་གཅིག་གི་ལས་ཀ་འདྲ་ཅིག་ཕར་ཚུར། ལས་ཀ་མེད་པ་འདྲ་དེ་ཚོ་ཡང་ལས་ཀ་ཡོད་པས། ཕར་ཚུར་གསོས་ཨེ་འདྲས་བྱེད་ཀྱི་ཡོའོ་རེད།
- ཁཨོའོ་རེད། ད་དཀའ་ངལ་ཆེ་ཤོས་དེ་བར་སྐོར་ཅོ་ཅོག་དེ་སྔོན་མ་ཚ་ཨེསྨོན་གླིང་གི་སྐུ་ཞབས་དེ་རེད་པ།
- ཁད་འདའི༼འདིར༽་སྒང་གས་ཅིག་ཧ་རུབ་སྦར་རུབ་བྱས། ཨ་ནི་མཚམས་ལགས་ལའི༼ལ་ཡང༽་ཧ་རུབ་སྦར་རུབ་འདྲ་ཅིག་རེད། རེད་ལགས།
- ཀསྟབས་ཡག་སྟབས་ཡག
- ཁལགས་འོང་། ཨོའ་ཨོིན་འདྲས༼་དེ་འདྲས་༽རེད་ལགས། སྤུན་ཀྱག་ད་མང་ང་ལ་བྱེད་ཉན་༼མཁན༽ཡོའོ་མ་རེད།ད་ཅིག་ང་ཚོའི་ག་རེརས་ཨ་ཁུ་ལགས་དེ་ཚོ་ནི་སྔ་ས་ནས་ཨེ་འདྲས་བཤགས༼བཤེགས༽་པ་དེ་འདྲས་རེད།
- ཁཨེ་འདྲས་རེད། ད་སྲུ་མོ་རེད། ཅིག་ཞང་ལགས་རེད། ད་ཨེ་འདྲས་ཁ་ཤས་ཡོའོ་རེད།
- ཀཨོའོ། སྲུ་མོ་ལགས། ཡོའོ་རེད་པས་ལགས།
- ཁཡོའོ་རེད། ཡོའོ་རེད།
- ཀལགས་སོ།
- ཁཡོའོ་རེད་ད། སྲུ་མོ་ཡོའོ་རེད་ལགས།
- ཀསྲུ་མོ་ལགས་ག་གའི༼གང་དུ༽བཞུགས་ཀྱི་ཡོད་ནམ།
- ཁསྲུ་མོ་མ་གའི་མར་ཡོའོ་རེད། ད་ལྟ་ཨོའོ་ཞོལ་གྲོང་གསར་ཟག་༼ཟེར༽རེད་པས། ཨོའོ་དེར་ཡོའོ་རེད།
- ཀདེའི་ཕོ་བྲང་རྒྱབ་ལོགས་ལ་གསར་པ་ཅིག་བརྒྱབ་ཡོའོ་རེད་གསུངས་ཡས་དེ།
- ཁའོ་དེ། འོ་མ་གའི་ཡོའོ་རེད། ལགས་རེད།
- ཀགཞན་སྔན༼སྔོན༽་མ་ནང་ལོགས་ལ་ཡོའོ་མ་རེད་པས། ང་རྣམ་ཚོ།
- ཁསྔོན་མ་ནང་ལོགས་ལ་རེད། ད་མར་ཡོའོ་རེད་ལགས།
- ཁལགས་རེད། མར་ཡོའོ་རེད།
- ཁད་ཨོའོ་དེ་འདྲས་རེད།
- ཁད་སྤུན་ཀྱག་ད་མང་ང་ལ་བྱེད་ཉན་ཡོའོ་མ་རེད། ད་སོ་སོ་ཕར་ཚུར་ཐོན་འགྲོ་ཡས་ཐོན་ཕྱིན། ཡང་ད་ག༼འདིར༽་ལྷ་སར་མང་ཆེ་བ་འདྲ་དེ་ལྷ་སའི་ཉེ་འཁོར་དེ་པར་བསྡད་ཡོའོ་རེད།
- ཀཚང་མ་གསལ་ཐང་ཡིན་ཤག
- ཁསྒང་ག་བདེ་པོ་རེད།
- ཁལགས་རེད། བདེ་པོ་རེད།
- ཀཨོའོ། ཞང་ལགས་ཡོའོ་རེད་པས།
- ཁཞང་ལགས་ཡའི་ཡོའོ་རེད་། ཞང་ལགས་ཡོའོ་རེད་ད་ཅོ་ཅོག་ལགས་ཏིག་ཙ༼ཏོག་ཙམ༽ཡོའོ་རེད་པ།
- ཁད་དུང་འོང་། ཅོག་མ་རྩིས་ན་ངའི་སྒང་དེར་་ཡ་གསུམ་ཙམ་འདུག
- ཁལགས། འོང་།
- ཁཅོ་ཅོག་གསུམ་བྱས། ཨ་ཅག་གཅིག་ཡོའོ་རེད། དེ་གཞིས་ཀ་རྩེ་ལ་ཡོའོ་རེད།
- ཀཁ་ཤས་ངས་མཇལ་མྱོང་རྩ་བ་ནས་མི་འདུག
- ཁའོ་ཡིན་གྱི་རེད་ལགས། ལགས་རེད། ད་སྔ་ས་ནས་ཕར་ཕེབས་པ་རེད་པ། ཨ་ནི་ཡོའོ་མ་རེད།ལགས་རེད།
- ཀད་མཇལ་མྱོང་མི་འདུག ད་ངས་བྱས་ཙང་། ཨ་ཅག་ལགས་ཁྱེད་རང་ད་དེ་མང་ཤོས་འདྲ་དེ།
- ཁལགས་རེད་ལགས།
- ཀའོང་། གཤིབ་མང་ཤོས་འདྲ་དེ་བྱས་ད་དེ་ནས་ཨ་ནི་ཨོའོ་། ཨོའོ་ཀུན་བཟང་ལགས་བྱས། ཨ་ནི་དེ་ནས་ཨོའོ་བློ་བཟང་ལགས་བྱས། ད་ང་ཚོ་ཕར་འགྲོ་དུས་སྒང་ནས་དེ་ནི་ཆུང་ཆུང་ཆུང་ཆུང་ཡིན། དེ་བུ་མོ་མཚམས་ལགས། མཚམས་ལགས་ནི་ཆུང་ཆུང་ཡིན་རེད་པ། ལགས།
- ཀད་འོང་དེ་ནི་ཞང་ལགས་དང་། ཁོང་རྣམ་ཚོ་ནི་དེ་དུས་འོང་མཇལ་ཙམ་འདྲ་ཅིག་ཡུད་ཙམ་ཡུད་ཙམ། མཇལ་ཙམ་མཇལ་ཙམ་འདྲ་ཅིག་མ་གཏོགས། ཞང་ལགས་ནི་ཐུགས་བྲེལ་ཚ་པོ་ཞེ་དྲག་ཡིན།
- ཁལགས་རེད་ལགས།
- ཀརེད་པ།
- ཁད་མང་ང་དགོན་པར་བཞུགས་པ་རེད་པ།
- ཀཨོའོ། རེད། འོང་འོང་། ཨ་ནི། དེ་འདྲས་སོང་ཙང་ཞེ་པོ་ཞེ་པོ་མཇལ་ཡས་ཟེར་གའི་ཡོའོ་མ་རེད།
- ཀད་བྱས་ན་ལའི་མི་འི་ཡག་པོ་ཞེ་དྲག་བྱུང། ད་ཨ་ལའི་ད་རེས་སྒང་ག་ལོགས་ཡོད་པ་དེ་གས་ལྷན་འཛོམས་དང་ཕར་ཚུར། སྐུ་སྐྱེ་གསལ་ཐང་ཡིན་པ་དེ་གས་དེ་ནི། རྦད་ད་དེ་ཡག་ཤོས་དེ་རེད།
- ཁད་སྤུན་ཀྱག་མང་པོ་ཡོད་པ་དེ་ཚོ་ཕར་ཚུར་ཅིག་གསལ་བཤད་མ་ཞུས་པ་ཡིན་ན། ཡང་མཇུག་མ་སོ་སོའི་པུ་གུའི་༼ཕྲུག་གུ༽་པུ་གུ་མང་པོ་ཡོད་དུས་དེ་རྙོག་དྲ་ཚ་པོ་འདུག་ག་ལགས།
- ཀཏག་ཏག་རེད།
- ཁགཅིག་མ་ཞུས་ག་བསམ་ནའི་། ཡང་ཅིག་ཞུས་མ་བཞག་ན་ནི་འགྲིག་གི་མི་འདུག་ག་ལགས།
- ཀརེད་རེད། ཨ་ནི་ཁོང་རྣམ་ཚོའི་ཨ་ཝ་འདྲ་པོ་ད་ང་རྣམ་ཚོའི་སྐུ་མཆེད་ཡིན་པ། དེ་འདྲས་ཡོའོ་རེད་པས་ད་ལྟ།
- ཁད་པུ་གུའི་༼ཕྲུག་གུ༽པུ་གུ་༼ཕྲུག་གུ་༽ཁོ་ར་ལྔ་བཅུ་ག་ཚོད་རེད་ཅིག་འདུག་ག
- ཀཨ་དཔེ་ལ།
- ཁལགས་འོང་།
- ཀད་རྒྱ་ཆེན་པོ་ཞེ་པོ་ཅིག་ཆགས་བསྡད་ཡོའོ་རེད།
- ཁཔུ་གུའི་༼ཕྲུག་གུ་༽པུ་གུ་༼ཕྲུག་གུ༽ཁོ་ལྔ་བཅུ་ལྷག་ཙ༼ཙམ་༽ཡོའོ་རེད།
- ཀརེད། རེད།
- ཁད་ད་དུང་དེ་པར་ཕར་ཚུར་འབྲེལ་བ་མ་བྱུང་པ་མ་གཏོགས་། དེས་ཚད་ཀྱི་མ་རེད།
- ཀལགས་སོ།
- ཁཁག་ཅིག་འབྲེལ་བ་ཟེར་ཞེ་དྲག་གནང་གི་མི་འདུག་ག་ལགས
- ཀའོ་རེད་རེད། འོ་ད་དེ་འདྲས་ཡོང་གི་རེད།
- ཀརེད་།
- ཀརེད།
- ཁད་དོན་དག་འདྲ་ཅིག་ཡོད་ན་ཕེབས། དོན་དག་མེད་ན་ཨ་ནི་ཡོའོ་མ་རེད་ཡང་ཁ་ཤས།
- ཁལགས་རེད།
- ཀདེ་འདྲས་གནང་གི་རེད་འོ།
- ཀད་དེ་ཨོའོ་པུ་གུའི༼ཕྲུག་གུ༽པུ་གུའི་ནང་ལོགས་ནསད་ད་ལྟ་ཨོའོ་སློབ་གྲྭར་ཕེབས་ཉན་༼མཁན༽འདྲ་པོ་དེ་འདྲས་ཡོའོ་རེད་པས།
- ཁད་སློབ་གྲྭར་འགྲོ་ཉན་༼མཁན་༽ཡོའོ་རེད། ལས་ཀ་ཡོད་པ་ཡོའོ་རེད་ལགས། ལགས་རེད།
- ཁམཚམས་ལགས། ཆ་བཞག་ནའི་པུ་གུ་༼ཕྲུག་གུ༽རྒན་པ་དེ་ལ་ལས་ཀ་ཡོའོ་རེད་པ།
- ཀལགས་སོ། ག་གའི་༼གང་དུ༽ཡིན་ནམ།
- ཁའཕན་པོ་ཡོའོ་རེད།
- ཀཨོའོ།
- ཀསློབ་གྲྭ་ཆེན་མོ་ཐོན་ཀྱོག༼པ༽་དེ་འདྲས་ཡོའོ་རེད་པས།
- ཁད་སློབ་གྲྭ་ཆེན་མོ་ཐོན་པ་ཡོའོ་མ་རེད་ད་ང་ཚོའི་འདིའི་ནང་ལ་ཡ།
- ཁསློབ་གྲྭ་ཆེན་མོ་ཐོན་པ་ཡོའོ་མ་རེད་ལགས།
- ཁསློབ་གྲྭ་ཡར་ཙ༼ཙམ༽ཕྱིན། ་ཡང་ལས་ཀ་བཙལ་ནང་ལ་དཀའ་ངལ་འདྲ་ཅིག་བྱུང་ཙང་། ལས་ཀ་བྱེད་ཀར་ཕྱིན་ཨེ་འདྲས་བྱས་པ་མང་གི་རེད་ལགས། ལགས་རེད།
- ཀའོ་ཡ་ད།
- ཁཨེ་འདྲས་རེད་ལགས། ད་ཁག་ཅིག་ལས་ཁུངས་མེད་པ་བྱས། ཨེ་འདྲས་བྱས། ཨ་ནི་དེ་པར་ད་ལས་ཀ་ད་གཅིག་གླ་པའི་བཟོ་འདྲ་ཅིག་བྱས། ཨེ་འདྲས་མང་པོ་ཡོའོ་རེད་ལགས།
- ཀལགས་སོ། ད་བྱས་ཙང་ག་རྒྱུན་རིང་པོ་ཞེ་དྲག་ཕྱིན་ཁ་ཤས་ནི་ཞུ་ཚོད་འདེབས་ཚོད་ཟེར་མ་ཐིགས་པའི་བཟོ་འདྲ་ཅིག
- ཀཁ་ཤས་བཀའ་འདྲི་ཞུས་པ་ལ་ནི་བཞུགས་ཡོད་དམ་མེད་དམ་བསམས། ང་ཁ་སང་ཐེ་ཚོམ་ཟ་ཉན་༼མཁན༽་འདྲ་ཅིག་ད།
- ཁལགས། ལགས་སོ། འོ་ཨེ་འདྲས་གནང་གིས་ལགས།
- ཀལགས་འོང་།
- ཁགཅིག་བཀའ་དྲི་ཞུ་ཀར༼བར༽་འགྲོ་དུས། བཤགས་༼བཤེགས་༽ཚར་པ་རེད་ཟེར་དུས་ཁ་ཡའི་༼ཡང་༽སྐྱངས་༼སྐྱེངས་ཉན་བཟོ་འདྲ་ཅིག་བྱས།བཀའ་འདྲི་ཡང་ཞུ་ནུས་ཀྱི་མི་འདུག།
- ཀབྱས་ཙང་། ད་གིན་པཱ་ལགས་ལ་ཞུ་གི་ཡོད། ད་་ཨ་མ་ལགས་ཅིག་ད་དེ་འདྲས་སྔ་པོ་དགོངས་པ་རྫོགས་ཚར།
- ཀད་ང་ཚོའི་ཕ་ཕརཕར་ཅིག་ང་དེ་དུས་སྒང་ནས། ཨོའོ་ག་རེ་རས་༼རེད༽ཅིག་ལ་ཡ་གཅིག་ལས་ཀའི་སྐོར་འདྲ་ཅིག་ཕྱིན་བྱས།
- ཀཨོའོ། ཡིག་གེ་གཅིག་ཕྱག་བྲིས་གཅིག་དེ་ནས་ཚུར་བཏང་གནང་ཡོད་པ་འདྲ།
- ཁལགས། ལགས་སོ།
- ཀདེ་ཨེ་འདྲས་གཅིག་གསུངས་ཀྱིས་ཟག༼ཟེར༽དའི། གསལ་པོ་ཞེ་པོ་རང་གསུངས་ཀྱི་མི་འདུག
- ཁལགས། ལགས་སོ། འོང་།
- ཀད་གང་འདྲས་འདྲ་ཅིག་ཡིན་ནམ་བསམས་བྱུང་།
- ཁད་ཐག་རིང་པོར་བཞུགས་གདན་འཇག་ཙང་གསལ་པོ་ཞེ་དྲག་ཞུས་ན་སྒང་ག་ཐུགས་ཁྲལ་བཟོ་གི་རེད་ཟེར་བྱས་ཡང་།
- ཁཚུརཡའི༼ཡང༽་ཕེབས་མ་ཐུབ། ཕར་ཡའི༼ཡང༽དེ་གནང་མ་ཐུབ་ཨ་ནི་དེ་ཐུགས་ཁྲལ་བཟོས་ཡོང་བསམས་བྱས་ཨ་ནི་གསལ་པོ་ཞེ་དྲག་ཞུ་ནུས་ཀྱི་ཡོའོ་མ་རེད་ལགས།
- ཀཞུས་ཙང་། འོ་དེ་འདྲས་ཡིན་གྱི་རེད།
- ཀད་ངས་ད་གིན་ཨ་ཅག་ལགས་ལ་ཁྱེད་རང་ལ་ད་དེ།
- ཁསྒང་ག་གསང་བ་རེད་ཟེར་བྱེད་ཀྱིན་བསྡད།
- ཀའོང་། དེ་ཞུ་ཚོད་འདི་ཚོད་ཟེར་ཐིགས་མ་སོང་ཟེར།
- ཁརེད།
- ཀད་ཨོའོ། སྲུ་མོ་ལགས་ཁོང་རྣམ་ཚོ་ཨ་ལས་མིའི་ད་ཅིག་བཞུགས་ཡོད་པ་དེ། ད་དེ་རེད།
- ཁསྲུ་མོ་ལགས་ཡོའོ་རེད། ད་ལྟ་ཞང་ལགས་བཞུགས་ཡོའོ་རེད།
- ཀཨ་ཞང་ལགས་ཡོའོ་མ་རེད་པ།
- ཁཡོའོ་རེད། དགུང་ལོ་བརྒྱ་བཅུ་ཐམ་པར་ཕེབས་ཀྱི་ཡོའོ་རེད།
- ཀཨ་དཔེ་ལ།
- ཁད་ལོ་བརྒྱ་བཅུ་ཐམ་པའི་དེ་བཏང་གནང་པ་རེད།
- ཀདཔེ་རེད། དཔེ་རེད། དཔེ་རེད།
- ཁརེད།
- ཀལགས་སོ།
- ཁདེ་ཞག་ང་ཚོ་བཏང་ནས་ཉིན་མ་ཞེ་དྲག་རང་ཐད་མ་སོང་།
- ཀད་ལྟ་སྐུ་གཟུགས་སྣང་དག་ཡོད་ཀྱི་མ་རེད།
- ཁསྣང་དག་ཡོའོ་མ་རེད། སྐོར་རར་རྦད་དེ་ཐད་ཀྱི་ཡོའོ་རེད།
- ཀའོ་ལགས་སོ།
- ཁད་ཨོའོ་ཞང་ལགས་གཅིག་པུ་འདུག་ཟེར་གྲོངས་པ་རེད།
- ཁད་པཱ་ལགས་ངོགས་ཀྱི་སྐུ་མཆེད་དེ་ཚོ་སྒང་ག་ལོགས་ལྷོ་བྲག་རེད་པ་ལགས།
- ཀཨོའོ། ལགས་སོ།
- ཁལྷོ་བྲག་ཡོད་ས་དེར་ད་བགྲེས་ཤོས་དེ་ཡའི༼ཡང༽དགུ་བཅུ་ག་ཚོད་འདྲ་ཅིག་གཅིག་ལ་ཕེབས་ཀྱི་ཡོའོ་རེད།ཨ་ནི།
- ཀཨ་དཔེ་ལ།
- ཁལགས་རེད།
- ཀད་དགུང་ལོ་མཐོ་པོ། སྐུ་གཟུགས་ད་ལྟ་ད་སྣང་དག་ཡོད་ཀྱི་མ་རེད།
- ཁསྣང་དག་ཡོའོ་མ་རེད། ཐང་ང་ལ།
- ཁཁོང་རང་ཆབ་གསང་ཅིག་ད་ཁོ་རང་གིས་གནང་ག་ཐད་མ་གཏོགས་ཅིག་གི ཕྱག་རོགས་དགོས་མ་རེད།
- ཁཕྱག་རོགས་གཅིག་ཡའི༼ཀྱང༽དགོས་མ་རེད་པས། ད་ང་ཚོའི་ཨ་ནི་རེད་པ། ལགས།
- ཀའོང་། ད་དེ་བཞུགས་ཡོའོ་རེད་པས། ང་རྣམ་ཚོའི་ཨ་ནེ་ལགས་གཅིག་ཡོད་པཱ།
- ཁཨ་ནེ་ལགས་ཡའི༼ཀྱང༽བཤགས་༼བཤེགས་༽སོང་།
- ཁད་ལྟ་སྐྱིད་རས་ཨར་ཁང་གི་རེད་ལགས།
- ཁསྐྱིད་རས་ཨར་ཁང་གི་ཨ་ནེ་ལགས་རྒན་གཞོན་གཉིས་ཆར་བཤགས་༼བཤེགས༽པ་རེད།
- ཀལགས་སོ།
- ཁལགས་རེད།
- ཀག་རེ་ཨོའོ། སྙུང་གཞི་འདྲ་ཅིག
- ཁལགས་རེད། ཞག་སྐོར་ལ་ཕེབས། ཨ་ནི་ཞོགས་སྐོར་ལ་ཕེབས་བྱས་གློག་རིན་བསྐྱལ་ཀ་ཐད་བྱས།
- ཁཨ་ནི་ཡ་ཕར་ཅིག་ངལ་གསོ་བསྐྱོན་བཞུགས་བྱས། ཨ་ནི་སྙུང་གཞི་འཕོག་པ་རེད་གསུངས་ང་རེད།
- ཁཨ་ནི་ཚུར་གདན་འདྲེན་ཞུ་དུས་ད་མིའི་ཟུངས་ཟེར་མི་འདུག་ག
- ཁལགས་འོང་།
- ཁཕལ་ཆེར་སྙུང་གཞི་ཞོགས་གས་༼ཞོགས་པ་༽བཅུ་པ་ཙམ་ལ་འཕོག་ཡོད་ན། ད་ཚོད་ཕལ་ཆེར་དགོངས་པ་རྫོགས་ཚར་ཡོའོ་རེད།
- ཀཨ་ཁ།
- ཁད་ལྟ་སྐྱིད་རས་ཨར་ཁང་དེ་ང་ཚོའི་ཨ་ནེ་རེད་པ།
- ཁད་ལྟ་ཤི་ཙང་ཏ་ཞོའོ་༼བོད་ལྗོངས་སློབ་གྲྭ་ཆེན་མོ༽གི་གཅིག་བཀའ་དྲི་གནང་གི་འདུག
- ཀཨོའོ། ལགས་སོ།
- ཁཚེ་་གཡང་དང་ང་ཚོ་སྤུན་མཆེད་རེད། པཱ་ལགས་བཤགསཉན༼་མཁན༽་དེའི་ངོས་ནས་བྱས། ང་ཚོའི་ད་ཅོག་ལགས་ཞུ་དགོས་ཀྱི་ཡོའོ་རེད་ལགས།
- ཁལགས་རེད།
- ཁད་ལྟ་ཤི་ཙང་ཏ་ཞོའོ་༼བོད་ལྗོངས་སློབ་གྲྭ་ཆེན་མོའི་༽གི་གཅིག་གཅིག་གསུངས་སོ།
- ཀཨ། གསང་བདག་རྡོ་རྗེ་ལགས།
- ཁའོ། འོདེ།
- ཀརེད་པས།
- ཁལགས་རེད།རེད།
- ཀསྐུ་མཆེད་ལ་འགྲོ་གི་ཡོའོ་རེད་པས།
- ཁལགས་རེད། རེད།
- ཁམ་ནས་་མར་རྒྱ་ནག་ངོགས་ལ་མང་པོ་བཞུགས་པ་རེད་པ།
- ཀད་དགེ་རྒན་ཆེན་མོ་བ།
- ཁརྩེ་དྲུང་རེད་པ། ལགས།
- ཀརེད་རེད། རྩེ་དྲུང་རེད་གསུངས་ཀྱིས།
- ཁསྔོན་མ་རྩེ་དྲུང་རེད།
- ཀརེད་པས།
- ཁལགས་རེད། རྩེ་དྲུང་རེད།
- ཁཟླ་ཉིན་ང་ཚུར་སླེབས་ནས་འདིར་ལྷན་རྒྱས་ཚོ་ཞལ་ལག་གཅིག་གནང་སོང་ང་ལགས།
- ཀལགས་སོ།
- ཁལགས། རེད།
- ཀཨོའོ་རེད་རེད།
- ཁགཅིག་ད་ལྟ་དེ་འདུག་དེའི་འོག་མ། འོག་མ་ཡིན་པ་ཡོད། དེ་སྔན༼སྔོན་༽མ་དེ་རེད།
- ཁལྷ་ས་ཧྲེའི་ཧྲེ་ཀྲང༼རྒྱ་སྐད།ལྷ་ས་གྲོང་ཁྱེར་གྱི་དབུ་འཛིན༽་དེའི་དྲུང་ཡིག་རེད་གསུངས་པ་རེད་པ།
- ཁཨོའོ་དེ་ཡའི༼ཡང་༽བཤགས་༼བཤེགས་༽པ་རེད།
- ཀཨ་ལས། རེད་པས་ལགས།
- ཁརེད། དེ་ཡའི་༼ཡང༽བཤགས་༼བཤེགས༽པ་རེད།
- ཀལགས་སོ།
- ཁད་སྐུ་མཆེད་ད་མང་ཐག་ཆོད་ཡོའོ་རེད་དའི་ཨ་ནི་ཕར་ཚུར་གཅིག་འབྲེལ་བ་ཟེར་ཞེ་དྲག་ཟེར་མེད་པ་བྱས།
- ཀཡོང་ལོང་མ་བྱུང་བྱས་རེད་པ་ལགས།
- ཁལགས་རེད།
- ཀཕར་ཚུར་ཞལ་མཇལ་རེས་ཟེར་ཞེ་དྲག་མེད་ཙང་།
- ཁད་མེད་པ་བྱས། ད་ང་རང་ཚོས་ཕར་ཚུར་མི་ཚང་མིང་འདྲ་དེ་བྱས་བྱས། ཨོའོ་ཁོ་ཚོ་ཨེ་འདྲས་ཟེར་རེད་ཟེར། ཕར་ཚུར།
- ཀའོ་ད་དེ། ཨོའོ། ལགས་རེད་རེད།
- ཁད་ད་ལྟ་དེ་བར་སྐོར་ཁོང་རྣམ་ཚོ་ཡང། སྐུ་མཆེད་རེད་ན་རོང་ཤར་་ཁོང་ཚོ།
- ཀཨོའོ་འོང་།
- ཁཁོང་ཚོའི་ཨ་མ་ངོས་ནས་རེད།
- ཀརེད་པས།
- ཁལགས་རེད།
- ཁཁོང་རྣམ་ཚོའི་པཱ་ལགས་དང་པཱ་ལགས་བཤགས༼བཤེགས༽ཉན་༼མཁན༽ཁོང་རྣམ་ཚོ་སྐུ་མཆེད་རེད།
- ཀད་ལྟ་བཞུགས་ཡོའོ་རེད་པས། ཁོང་རྣམ་ཚོ།
- ཁཨ་ཅག་ཚེ་དཔལ་ལགས་བཞུགས་ཡོའོ་རེད།
- ཀལགས་སོ།
- ཁཨ་ཅག་ཚེ་དཔལ་ལགས། བྱང་ངོས་ལགས། གནམ་གང་ལགས།
- ཀཨོའོ། བྱང་ངོས་ལགས་བཞུགས་ཡོའོ་རེད། རེད་པཱ།
- ཁཡོའོ་རེད།
- ཀབྱང་ངོས་ལགས། ཨོའོ། ཇོ་ལགས་བགྲེས་པ་དེ་ད་ལྟ་རྒྱ་གར་ལ་ཕར་བཞུགས་ཀྱི་ཡོད་པ་འདྲ།
- ཁརེད།
- ཁད་སྙུང་གཞི་དེ་གང་འདྲས་ཅིག་གནང་ཞུགས་ཡོད་ནམ།
- ཁསྙུང་གཞི་བཞེས་བཞུགས་ཡོའོ་རེད་པ་ལགས།
- ཁརེད།
- ཁཨོའོ་དེ་རེད་ལགས།
- ཁད་སྤུན་ཀྱག་ཕར་ནས་ཕར་ལའི་མང་པོ་ཡོའོ་རེད་ད་ལགས།
- ཀད་དེ་རིང་ཡིན་ནའི་ཡག་པོ་ཞེ་པོ་བྱུང་ང་རའི་༼རང་ཡང་༽འདིར་ཚུར་སླེབས་ཨ་ལས་གཅིག་ཞལ་མཇལ་ཐུབ་པ་རེད། གང་མིན་ཚད་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན།