Video Overview
Masang Yaru Khatra, a yak-human hybrid being, goes on a journey through three realms.
- འབྲུག་སྐྱིད།གནའ་ཞིག་ལ་ཁྱིམ་ཚང་ཞིག་ཡོད།
- དེ་ཚང་གི་ཨ་ཡེ་ལ་བྱིས་པ་ཞིག་ཡོད།
- དེ་ནས་བྱིས་པ་གྲོད་པུ་དང་འདྲ་བ་དེ་འདྲ་ཞིག་ཡིན།
- དེ་ནས་རྒད་པོ་ཡིས་ཁོར་བྱིས་པ་འདི་འདྲ་ཞིག་མི་དགོས།
- ཁོས་གསོད་རྒྱུ་ཟེར་ནས་སྟ་རེ་བཟུང་ནས་རྒྱུགས་པ་རེད།
- དེ་ནས་བྱིས་པ་ཡིས་ཨ་ཕ་ཁྱོད་ཀྱིས་ང་མ་གསོད་དང་།
- ངས་ཁྱོད་ལ་ཉིན་ཞིག་ལ་ཕན་ཐོགས་ཐུབ་ཟེར།
- གྲོད་པུ་དེའི་ནང་དེ་ལྟར་བཤད་པ་ཡིན།
- དེ་ནས་ཁོ་ཚང་གིས་མ་བསད་པར་གཉོར་ནས།
- གྲོད་པུ་ཉིན་ཞིག་ལ་ཁ་གས་པ་རེད།
- དེ་ནས་ཁ་གས་ནས་ནང་ན།
- བྱིས་པ་མགོ་ཡ་རུ་ཅན་དང་།
- མགོ་ནོར་གྱི་མགོ་ཅན་དང་།
- ཁོག་སྨད་མི་འདྲ་བ་དེ་འདྲ་ཞིག་ཡོད།
- དེ་ནས་བྱིས་པ་དེ་འཚར་ལོངས་བྱུང་ནས།
- ཨ་ཕ་རྒན་རྟ་རྒན་ལ་ཞོན་ནས།
- མེ་མདའ་འཁུར་ནས་ཇག་ལ་སོང་།
- དེ་ནས་ཇག་ལ་ཡར་སོང་ནས།
- ནགས་གསེང་ཞིག་ན་དུ་བ་ཞིག་ཡོད།
- མེ་མདའ་ཡིས་བརྒྱབ་དུས།
- ནང་ནས་མི་ནག་པོ་ཞིག་ལངས་ནས་ཐོན་བྱུང་།
- ཁྱོད་སུ་ཡིན་ཟེར་དུས།
- ཁོ་ནགས་སྐྱེས་ནགས་པོ་ཡིན།
- ངེད་གཉིས་ཀྱིས་གྲོགས་སྒྲིག་ཟེར།
- གཉིས་ཀ་མཉམ་དུ་ཡར་ལ་སོང་དུས།
- བྲག་གསེང་ཞིག་ན་དུ་བ་ཞིག་ཡོད།
- དེ་ནས་དེར་མེ་མདའ་ཡིས་བརྒྱབ་ནས།
- ཡང་མི་དཀར་པོ་ཞིག་ལངས་བ་རེད།
- ཁྱོད་སུ་ཡིན་ཟེར་དུས།
- ཁོ་བྲག་སྐྱེས་དཀར་པོ་ཡིན་ཟེར།
- ངེད་གཉིས་ཀྱིས་གྲོགས་སྒྲིག་ཟེར།
- དེ་ནས་ཡར་སོང་ནས།
- སྤང་ཐོག་ཞིག་ན་ཡང་དུ་བ་ཞིག་ཡོང་བཞིན་ཡོད།
- དེ་ནས་ཁོ་ཡིས་མེ་མདའ་ཡིས་བརྒྱབ་ནས།
- མི་ཞིག་ཡོད་དེ་ཁྱོད་སུ་ཡིན་ཟེར་དུས།
- ཁོ་སྤང་སྐྱེས་སེར་པོ་ཟེར་བ་དེ་ཡིན་ཟེར།
- དེ་ནས་ཁོ་ཚོས་གྲོགས་སྒྲིག་ནས།
- ངེད་ཚོ་གཅིག་ལ་ཡང་མགོ་རི་མེད་གི
- དེ་ནས་ཚང་མ་མཉམ་དུ་སོང་ནས་བབས་ཁ་ཞིག་བཏབ།
- ཕྱིའི་ཉིན་བྲག་སྐྱེས་དཀར་པོ་ཁྱོད་ཡུལ་ནས་སྡོད་དང་།
- ནགས་སྐྱེས་ནག་པོ་ཁྱོད་ཡུལ་ནས་སྡོད་དང་།
- ཁོང་ཚོ་ཇག་ལ་འགྲོ་ཟེར་ནས་སོང་བ་ཡིན།
- ཁོ་ཡུལ་ནས་བསྡད་དུས།
- ཨ་ཡེ་ཞིག་གི་རི་བོང་ཞིག་ལ་ཞོན་ནས།
- སྒྱོ་ཆག་ཞིག་འཁུར་ནས།
- མོ་ལྟོགས་ནས་ཤི་ཐལ།
- སྐོམ་ནས་ཤི་ཐལ་མོར་ཅིག་བླུད་ཟེར།
- དེ་ནས་ཁོ་ཡིས་བྲོ་ཁ་བླུད་ནས།
- ཨ་ཡེ་ཕ་རོལ་ལ་སོང་དུས།
- ཚང་མ་ཚར་སོང་ཤུལ་ན་ཐལ་ཡང་མེད།
- དེ་ནས་ཁོ་ཡིས་རྟ་སོང་ཤུལ་ནས་རྟ་རྨིག་ཅིག་རྙེད།
- རྟ་རྨིག་དེའི་འདབས་གོར་གོར་བཅོས་ཏེ་དབུགས་གཏོང་བ་དང་།
- ཁོར་དེ་རིང་རྟ་བཞོན་མང་པོ་ཞིག་ཡོང་ནས།
- ཁོའི་བྲོ་ཚང་མ་ཁྱེར་ཏེ་ཁོར་གཅེར་ནས་བུད་སོང་།
- དེ་ལྟར་རྫུན་བཤད་པ་རེད།
- ཕྱི་ཉིན་ཡང་ནགས་སྐྱེས་ནག་པོ་ཡུལ་ནས་འདུག་རེས་ཡིན་ཟེར།
- ནགས་སྐྱེས་ནག་པོ་བསྡད་ཡོད་དུས།
- ཡང་ཨ་ཡེ་ཞིག་གིས།
- ཁ་སང་གི་ཨ་ཡེ་དེ་ཡོང་ནས་ཡང་མོར་བླུད་ཟེར།
- ཡང་བླུད་ནས་ཕ་རོལ་ལ་སོང་དུས་ཐལ་ཡང་མེད་པ་རེད།
- དེ་ནས་ཁོ་སོང་ནས་མཛོ་རྨིག་རྙེད་ནས།
- མཛོ་རྨིག་དེས་དབུགས་བཏང་ནས།
- ཁོར་དེ་རིང་མཛོ་རྫི་མང་པོ་ཞིག་གིས་དེ་ལྟར་གཅེར་ནས།
- ལག་གི་བྲོ་ཚང་མ་བླངས་ནས་བུད་ཐལ་ཟེར།
- ཕྱིའི་ཉིན་སྤང་སྐྱེས་སེར་པོ་བསྡད་པ་རེད།
- ཡང་ཇི་མ་ཇི་བཞིན་སྔོན་མ་ཚོ་བསྡད་པ་དེ་འདྲ་ཞིག་རེད།
- དེ་ནས་ཉི་མ་བཞི་བ་ལ།
- པ་སངས་ཡ་རུ་ཁ་ཁྲ་ཟེར་བ་ཡུལ་ནས་འདུག་རེས་ཡིན་ཟེར།
- ཡུལ་ནས་བསྡད་དུས།
- ཡང་ཨ་ཡེ་ཞིག་རི་བོང་ཞིག་ལ་ཞོན་ནས།
- སྒྱོ་ཆུང་ཞིག་འཁུར་ནས་ཡོང་བ་ཡིན།
- དེ་ནས་མོར་ཅིག་བླུད་དང་མོ་ལྟོགས་ནས་ཤི་ཐལ།
- སྐོམ་ནས་ཤི་ཐལ་ཟེར།
- དེ་ནས་ཁོ་ཡིས་ཅི་ཞིག་ཡིན་འདོད་ནས་མ་བླུད་པ་རེད།
- མ་བླུད་པར་ཁྱོད་སོང་ནས་ཆུ་ཁྱེར་ཤོག
- ཁོར་ཆུ་མེད་ཟེར།
- ཆུ་ཁྱེར་ནས་ཤོག་དང་ངས་ཁྱོད་ལྡུད་ཟེར།
- གྲོད་པུ་ཞིག་ལ་གྲི་གཙག་བརྒྱ་དང་འབིགས་གཙག་བྱས་ནས།
- ཁོའི་ལག་ཏུ་བཞག་ནས་འགྲོ་རུ་བཅུག
- ཕ་རོལ་ལ་སོང་ནས།
- ཁོའི་རི་བོང་གི་རྒྱབ་ཀྱི་སྒྱོ་ཆག་བླངས་ནས།
- ནང་དུ་བལྟས་དུས་ནང་ན།
- ནང་ན་མི་ཡི་ཀོ་བའི་འབྲེང་པ་ཞིག་དང་།
- ལྕགས་ཀྱི་ཐོ་བ་དང་ལྕགས་ཀྱི་སྐམ་པ་ཞིག་ཡོད།
- དེ་ཚོ་བླངས་ནས་ཤུལ་ལ་བལ་ཐིག་འདོམ་པ་བརྒྱ་དང་བརྒྱད།
- ཤིང་གི་ཐོ་བ་དང་ཤིང་གི་སྐམ་པ་བཞག་ནས་བསྡད།
- དེ་ནས་འདྲེ་མོ་ཡིས་གྲོད་པུ་ནང་དུ་ཆུ་མ་བསྡད་པར།
- མོ་ཡི་སྐྲ་བསྡམ་ནས་ཚང་མ་བཏོགས་ནས།
- ཆུ་ཁྱེར་ནས་ཆུ་རྒྱ་ལངས་བོ་ཟེར་ནས།
- ཁོང་ཁྲོ་ལངས་ནས་ཐོན་པ་རེད།
- དེ་ནས་མོར་བླུད་ཟེར་ནས།
- མི་ལྡུད་ཟེར་ནས་རྒན་མོ་རྒྱུགས་པ་རེད།
- གཉིས་ཀས་ཐེངས་མ་གཅིག་ལ་གཡུགས་ནས།
- པ་སངས་ཡ་རུ་ཁ་ཁྲ་མནན་པ་རེད།
- མནན་ནས་མི་རིང་མུ་གེ་བཀྱིག་རྒྱུ་ཟེར་ནས།
- བལ་ཐིག་གིས་བཀྱིག་པ་རེད།
- དེ་ནས་ཨ་ཐོ་ཐོ་བས་གཅེར་རྒྱུ་བརྒྱག་རྒྱུ་ཟེར་ནས།
- ཤིང་གི་ཐོ་བས་བརྒྱབ་ནས་ཤིང་ཐོ་གཅིག་གས་སོང་།
- དེ་ནས་ཨ་ཙ་སྐམ་པས་གཅེར་རྒྱུ་ཟེར་ནས།
- ཤིང་གིས་མོར་གཅེར་ནས་སྐམ་པ་དེ་ནས་ཆག་སོང་།
- དེ་ནས་ཁོས་ཕྱིར་གཡུགས་ནས་འདྲེ་རྒན་མ་དེ་མནན་པ་རེད།
- ཁྱོད་མི་རིང་མུ་གེ་བཀྱིག་པ་ཞིག
- མོ་ཡིས་འབྲེང་པ་ཡིས་ཕྱིར་མོ་བཀྱིག་པ་རེད།
- དེ་ནས་ཁྱོད་ཨ་ཐོ་ཐོ་བས་གཅེར་རྒྱུ་ཞིག་ལ།
- ལྕགས་ཀྱི་ཐོ་བས་བརྒྱབ་ནས།
- ཨ་ཙ་སྐམ་པས་དཀྲི་རྒྱུ་མ་ཟེར་ནས།
- ལྕགས་ཀྱི་སྐམ་པས་དཀྲིས་ནས་བསྐྱུར་བ་རེད།
- བསྐྱུར་ནས་ཁོ་ཚོ་ཐོན་དུས།
- ཁྱོད་ཚོིས་ཚེ་གང་བོར་རྫུན་བཤད་ནས།
- དེ་རིང་དེ་འདྲ་ཞིག་མ་རེད།
- ཁོས་གན་ན་ཅིག་བཟུང་ཡོད་ཟེར་ནས་སོང་དུས་ཤུལ་ན་མེད།
- དེ་ནས་ཁོང་ཚོས་བལྟས་དུས་མར་ཐུར་ཁང་ཞིག་ན་ཁྲག་དམར་ཤ་ཞིག་ཡོད།
- དེ་ནས་ངེད་ཚོ་སུ་ནང་དུ་ལྡིང་རྒྱུ་ཡིན་ཟེར།
- པ་སངས་ཡ་རུ་ཁ་ཁྲ་ཁྱོད་ལྡོངས་ཟེར་ནས།
- ཐིག་དུམ་ཞིག་གི་སྣེ་མོར།
- པ་སངས་ཡ་རུ་ཁ་ཁྲའི་ལག་པ་བཏག་ནས།
- ལྡིང་ནས་མར་ཞོལ་ལ་འགྲོ་རུ་བཅུག་ནས།
- ཁོང་ཚོས་ཕྱིར་མ་འཐེན་པ་རེད།
- དེ་ནས་ཁོ་ཞབས་ལ་མར་ལྡིང་ནས།
- ཕྱིར་ཡོང་མ་ཐུབ་པར་ནང་དུ་སོང་།
- བུ་མོ་ཞིག་ལ་ལྕགས་སྒྲོག་བརྒྱབ་ནས།
- བུ་མོ་ཡག་པོ་ཡག་པོ་ཞིག་ལ།
- ལྕགས་སྒྲོག་བརྒྱབ་ནས་ཆུ་འཁུར་ནས་འགྲོ་བཞིན་ཡོད།
- དེ་ནས་ཁྱོད་ཅི་ཞིག་ཡིན་ཟེར་དུས།
- མོ་འདྲེ་མོ་ཡིས་བཟུང་ནས།
- དེ་ལྟར་བཙོན་ན་བཀག་ཡོད་པ་རེད་ཟེར།
- དེ་ནས་ཁྱོད་དེར་མ་ཡོང་།
- གཉིད་ཡོད་ཡོད་ཟེར་དུས།
- གཉིད་ཡོད་ཡོད་ཟེར་དུས་མིག་བཙུམ་ནས་བསྡད་ཡོད།
- ཆེན་པོ་ཞིག་ཕྱེ་ཡོད།
- གཉིད་མེད་མེད་ཟེར་དུས།
- མིག་ཆུང་བ་ཕྱེ་ཡོད།
- ཆེ་བ་དེ་བཙུམ་ནས་བསྡད་ཡོད།
- གཉིད་ཡོད་ཡོད་ཟེར་དུས།
- ཁྱོད་ཀྱིས་མིག་ཆེ་བའི་ནང་དུ་བརྒྱག་དགོས་ཟེར།
- དེ་ནས་ཁོ་སོང་ནས་ཁ་རོག་ལ་བལྟས་དུས་བར་ཞིག་ལ།
- གཉིད་ཡོད་ཡོད་ཟེར་ནས་བསྡད་པ་དང་།
- གཉིད་གཉིད་མེད་མེད་ཟེར་དུས།
- མིག་ཆེ་བ་ཕྱེ་ཡོད།
- ཕྱེ་བ་དེའི་ནང་དུ་བརྒྱབ་དུས།
- ས་ཆར་ལྡིར་སྒྲ་གྲགས་ནས།
- དེ་ནས་འདྲེ་རྒན་མ་བསད་པ་རེད།
- དེ་ནས་ཁོ་སོང་ནས་བུ་མོ་ཡིས།
- ཁྱོད་ས་ཁ་འགྲོ་ཐུབ་ནི་མ་རེད།
- ཁྱོད་འགྲོ་རྒྱུ་ན་བྱེའུ་བརྒྱ་དང་བརྒྱད་བསད་ན།
- ངེད་གཉིས་ས་ཁ་འགྲོ་ཡ་ཟེར།
- དེ་ནས་ཁོས་བྱེའུ་བརྒྱ་དང་བརྒྱད་བསད་ནས།
- བུ་མོ་དེ་འབྲུག་ཅིག་ཏུ་གྱུར་སོང་།
- འབྲུག་དེའི་ཐོག་ཏུ་ཞོན་ནས་ཡར་སོང་།
- འབྲུག་རེ་རེ་གྲགས་ན་ཁ་ནང་དུ་བྱེའུ་རེ་རེ་འཕེན་དགོས་པ་རེད་ཟེར།
- དེ་ནས་ཁོ་ས་ཁར་བུད་དུས།
- སྡོང་བོ་ཞིག་སྐྱེས་ནས་ལྷ་ཡུལ་ལ་ཐོན་ཡོད།
- དེ་ནས་དེའི་མགོར་འཐམ་ནས་ཁོ་ལྷ་ཡུལ་ལ་སོང་།
- ལྷ་ཡུལ་ནས་མཚམས་པ་ཞིག་གི་མདུན་ནས།
- ཁོས་ཁྱོད་སྡོད་དང་ཟེར།
- མ་བསྡད་པར་ཕྱིར་ལམ་ལ་ཆས།
- ལམ་ལ་ཆས་དུས་ཨ་ཁུ་མཚམས་པ་དེས་ཕྱག་སྣེ་བདུན་བྱིན་པ་རེད་ཟེར།
- དེ་ནས་ཁོ་ཕྱིར་མར་ལ་ཡོང་དུས།
- སྡོང་བོའི་འདབས་ན་སྟག་མ་འདྲེ་རྒན་མ་ཡོང་ནས་བསྡད་ཡོད།
- ཁོ་མཐོང་ནས་གུ་ལུ་རྒྱུགས་སྟག་མ་རྒྱུགས་ཟེར་ནས།
- ཁོའི་ཐོག་ཏུ་གུ་ལུ་སྟག་མ་གཉིས་རྒྱུག་ཏུ་བཅུག
- ཁོ་རག་ཕྱག་སྣེ་བདུན་པོ་ཡིས་བསྐྱབ་ནས།
- ཁོ་སྐར་མ་སྨེ་བདུན་གྱིས་ལོག་ནས་གནམ་ལ་འཕུར་སོང་།
- དེ་འདྲ་ཞིག་རེད།