Skip to main content Skip to search
28 Jun 2018
5 min 13 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • མེ་ཏོག་རྒྱལ་མཚན་
    དང་ཕུ་ཧེ་མ་ ང་བཅས་རའི་ ཨ་རྒས་ཚུ་གིས་ ད་ལྟོ་ནཱ་རྒཔོ་གི་ ཡིག་ཚང་ཆགས་ས་ལུ་ ལྷ་ཁང་སྦེ་འདུག་ ཨིན་རུང་ང་བཅས་ཀྱིས་ དེའི་སྐབས་སུ་འདི་ ང་དམངས་ཨཔ་སྦེ་སྡོད་དེ་ཏེ་ ངེའི་ཚོགས་པ་ ཏེ་རྒཔོ་ སྤྱི་དཔོན་ ང་བཅས་བཞི་བསྟུན་གྲོས་རྐྱབ་སྟེ་ ད་འབདན་གཡུས་ཀྱི་བར་ན་ མ་མི་བདེ་བའི་ཟེར།
  • མེ་ཏོག་རྒྱལ་མཚན་
    ཏེ་ལྷ་ཁང་བཞེངས་ནི་གི་ གནང་བར་ཅིག་ཞུ་དགོ་པས་ཟེར་ ཏེ་ང་བཅས་ཚུ་བསྟུན་གྲོས་རྐྱབ་སྟེ་ ཏེ་ས་གོ་འཚོལ་ཏེ་ ཏེ་རོགས་སྤྱི་དཔོན་འདི་གིས་ སའི་སྦྱིན་བདག་ཡང་ ཁོ་གིས་ཐོན་ཏེ་ དེ་ངེའི་འ་ནཱི་ས་འདི་ རི་འུང་ཟེར་མི་འདི་བྱིན་ནི་ཟེར་ ཁོ་གིས་ ཁས་བླངསམ་ལས་བརྟེན་ཏེ།
  • མེ་ཏོག་རྒྱལ་མཚན་
    ཏེ་ ཨིན་མས་ཟེར་ ང་བཅས་ཚུ་ནང་ན་ལས་ སྒྲ་སྒྲིག་འབད་སྡོདཔ་ད་ར་ ཏེ་ད་ལྟོ་ འབྲུག་རྒྱལ་བཞི་པ་ཞབས་རིན་པོ་ཆེ་ ང་བཅས་རའི་ རྒྱལ་ཁབ་སྟབས་མ་བདེ་བར་བྱོནམ་ད་ ནཱ་ ལྷ་ཁང་ནང་ན་ར་བྱོནམ་ད།
  • མེ་ཏོག་རྒྱལ་མཚན་
    ཏེ་མཆོད་མེ་ཕུལ་ནི་སྦེ་ ལྷ་གང་ནང་བྱོནམ་ད་ ཏེ་ཕྱི་ཁར་ ལྷ་ཁང་གི་ཕྱི་ཁར་ མི་སེར་ག་ར་ ཚོགས་ཆང་སྒྲིག་སྟེ་ སྡོད་ཡི་ ཞབས་ཀྱིས་འ་ནཱ་བཀའ་གནང་ཡི་ ད་འབདན་ ལྷ་ཁང་འདི་ ཉམས་བཅོས་འབད་ནི་གི་ ཁག་ཆེ་ཏོག་ཏོ་སོང་འདུག་ཟེར་བཀའ་གནང་ཡི།
  • མེ་ཏོག་རྒྱལ་མཚན་
    ཏེ་གནངམ་བཞིན་དུ་ ང་བཅས་ཀྱིས་ ལྷ་ཁང་ཡང་ འ་ནཱ་ལས་ཡར་ལྟག་ ང་བཅས་རའི་གཡུས་ལས་ བར་ན་ལས་ཡར་ལྟག་ ཧ་ལམ་ཀི་ལོ་མི་ཀྲར་ གཅིག་ཨ་ཙི་ཅིག་མ་ལངམ་ཅིག་ས་ཁར་བཞེངས་ཏེ་ བཞེངསམ་ད་ཡང་ ཞབས་ཀྱིས་བཀའ་གནང་སྟེ།
  • མེ་ཏོག་རྒྱལ་མཚན་
    ཏེ་བཞེངས་དགོཔ་འདུག་ཟེར་ བཀའ་གནངམ་ལས་བརྟེན་ཏེ་ ང་བཅས་ཀྱིས་ཡང་ མི་སེར་གྱིས་ཡང་བཞེངས་ཏེ་ དེ་ལས་ཏེ་ ཤུལ་ལས་ཏེ་ ༢༠༠༣ གྱི་ལོ་ལུ་ ཏེ་ལྷ་ཁང་ཡང་བསྒྲུབས་ཏེ་ ཞབས་རིན་པོ་ཆེ་གིས་ ད་ གུ་རུ་དང་ སངས་རྒྱས་བསྟན་པའི་སྐུ་ཡང་ གཉིས་གནང་ཡི་ཟེར་ཞུ་ནི་ལགས།
  • མེ་ཏོག་རྒྱལ་མཚན་
    ཏེ་དང་ཕུ་ ང་བཅས་རའི་ ཨ་རྒས་ཚུ་གིས་བསྒྲུབས་བསྒྲུབས་ཀྱི་ གསེར་གྱི་གླེགས་བམ་ཟེར་ ཡོད་ཟེར་ཞུ་ནི་ལགས་ ཏེ་སྐུ་རྟེན་གསུང་རྟེན་ཟེར་ འ་ནཱི་ཁག་ཆེ་ཤོས་ར་ གཉིས་ཡོད་ཟེར་ཞུ་ནི་ལགས་ ག་ཅི་སྨོ་ཟེར་བ་ཅིན་ དང་ཕུ་ ཨ་རྒས་ཚུ་གིས་ ཨང་རྒས་ཚུ་གིས་ བསྒྲུབས་བསྒྲུབས་ཀྱི་གསེར་གྱི་གླེགས་བམ།
  • མེ་ཏོག་རྒྱལ་མཚན་
    གཉིས་པ་ ཞབས་རིན་པོ་ཆེ་གིས་ གནང་གནངམ་མི་ སྐུ་ གུ་རུ་དང་ སངས་རྒྱས་བསྟན་པ་ གནང་གནངམ་མི་ཁག་ཆེ་ཤོས་ སྐུ་རྟེན་གསུང་རྟེན་ གཉིས་གསུམ་ཡོད་ཟེར་ ཞུ་ནི་ཟེར་ཨིན་ལགས
  • མེ་ཏོག་རྒྱལ་མཚན་
    ཏེ་འ་ནཱི་ལྷ་ཁང་གི་མིང་ཡང་ ཏེ་རིན་པོ་ཆེ་ཞབས་ཀྱི་གསུངས་ཏེ་ རིན་པོ་ཆེ་རྩ་ཆེ་ཏོག་ཏོ་ ཞུ་དགོ་ཟེར་གསུངམ་ལས་བརྟེན་ཏེ་ རྒཔོ་ ཚོགས་པ་ ང་བཅས་ག་ར་འཛོམས་ཏེ་ ཏེ་འ་ནཱེ་སྦེ་བསྟུན་གྲོས་ སྦུག་ལུ་བཙུགས་སྟེ་འབདཝ་ད།
  • མེ་ཏོག་རྒྱལ་མཚན་
    ཏེ་ཡར་ རིན་པོ་ཆེ་ བུམ་ཐང་གི་ཐུགས་སྲས་རིན་པོ་ཆེ་ཟེར་མི་འདི་ཞུ་སྟེ་ ནཱ་བྱོནམ་ད་ལུ་ ཏེ་ཐུགས་སྲས་རིན་པོ་ཆེ་གིས་སྦེ་ ཏེ་ལྷ་ཁང་གི་མཚན་འདི་ཡང་ ང་བཅས་མི་སེར་ཚུ་གིས་ རྒཔོ་ ང་བཅས་མི་སེར་ག་ར་ བསྟུན་གྲོས་རྐྱབ་སྟེ།
  • མེ་ཏོག་རྒྱལ་མཚན་
    ལྷ་ཁང་གི་ མིང་ཅིག་ཞུ་དགོ་པས་ཟེར་ ཞུཝ་དན་ལུ་ རབ་རྟེན་མདོ་སྔགས་ཆོས་གླིང་དགོན་སྡེ་དགོན་པ་ཟེར་ འ་ནཱ་ལས་ མཚན་ཡང་འ་ནཱ་ལས་གནང་སྟེ་ ཡོད་ཟེར་ཞུ་ནི་ལགས།
  • མེ་ཏོག་རྒྱལ་མཚན་
    ཏེ་ང་བཅས་རའི་ མར་ཚྭ་ལའི་ལྷ་ཁང་འདི་ཡང་ གནམ་མེད་ས་མེད་ རྒྱ་ཆེཝ་མེད་དེ་སྦེ་རུང་ ཏེ་ཨང་རྒས་དང་ཨ་རྒས་ཚུའི་བཀའ་དྲིན་ གཉིས་པ་ མི་དབང་མངའ་བདག་རིན་པོ་ཆེའི་ བྱིན་རླབས་སྦོམ་སྦེ་གནང་སྟེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • མེ་ཏོག་རྒྱལ་མཚན་
    ཚེས་བཅུ་འབད་རུང་ཡང་ ཏེ་ལོ་ལྟར་ཚེས་བཅུ་ཟེར་ དང་ཕུ་ཨང་རྒས་ཨ་རྒས་ཚུ་གིས་ ཟླཝ་ ༨ པའི་ཚེས་བཅུ་ཟེར་གནང་མས་ ཏེ་གནང་སྟེ་བརྩམས་བཞག་སྟེ་ཡོདཔ་ལས་ འ་ནཱི་ཟླཝ་བརྒྱད་པའི་ཚེས་བཅུ་འདི་ ཟླཝ་བརྒྱད་པའི་ནང་འབདཝ་ད་ ཏེ་དང་ཕུ་འདི་ སྤྱི་དཔོན་ཟེར་བཀལ་དེས།
  • མེ་ཏོག་རྒྱལ་མཚན་
    སྤྱི་དཔོན་ཟེར་བཀལཝ་ད་ འ་ནཱི་ཟླཝ་ ༨ པའི་ཚེས་བཅུ་ཐམ་ལུ་ དར་བཀལ་བལྟཝ་ད་ལུ་ཏེ་ མི་བཏུབ་པའི་ཟེར་ དེ་ལས་ཏེ་ ཟླཝ་ མིང་འདི་ ཟླཝ་ ༨ པའི་ ཚེས་བཅུ་ཟེར་ ཨིན་ནི་འདི་ཟླཝ་ ༧ པའི་ ཚེས་ ༡༠ ལུ་ རྫོགསཔ་ཨིན་ཟེར་ཞུ་ནི་ལགས་ ཉིནམ་གསུམ་འབདཝ་ཨིན་ ང་བཅས་ནཱ་མར་ཚ་ལ་ལུ།
  • མེ་ཏོག་རྒྱལ་མཚན་
    ཏེ་ཟླཝ་རིམ་གྱི་ཚེས་བཅུ་འདི་ ཟླཝ་རེ་རེ་བཞིན་དུ་ ཡར་ངོ་མར་ངོ་འདི་བཟུངམ་ཨིན་ ཨིན་རུང་ལོ་ལྟར་གྱི་ སྦོམ་ཤོས་འདི་ ཟླཝ་ ༨ པ་ནང་ ཚོས་བཅུ་འདི་ ཟླཝ་ ༧ པའི་ནང་ བཟུངམ་ཨིན་ཟེར་ཞུ་ནི་ཨིན་ལགས།
  • མེ་ཏོག་རྒྱལ་མཚན་
    ཏེ་ང་བཅས་རའི་ ལྷ་ཁང་གི་རབ་གནས་འདི་ཡང་ ཏེ་ཟླཝ་ ༡༡ པའི་ ཚེས་ ༡༠ ལུ་ བཟུངམ་ཨིན་ཟེར་ཞུ་ནི་ལགས་ འཆམ་མེད་ལགས་ ད་ འཆམ་འདི་ ནཱ་ད་ལྟོ་ བཙུགས་མ་ཚུགས་པར་ཡོད།
  • མེ་ཏོག་རྒྱལ་མཚན་
    ད་མ་པ་ བཙུགས་ནི་གི་འཆར་གཞི་འདི་ ད་ལྟོ་ང་བཅས་ མི་སེར་རེ་རེ་གཉིས་གཉིས་ བསྟུན་གྲོས་རྐྱབ་བལྟཝ་ད་ མི་ཚུ་གིས་ཨ་ཙི་ཅིག་ མ་ལྕོགསཔ་འབད་འདི་གིས་ ཨ་ཙི་ཅིག་སྡོད་ཡི་ མ་འོངས་པའི་ནང་ འ་ནཱི་བཟུམ་བཙུགས་ནི་གི་ འཆར་གཞི་ཡོད་ཟེར་ཞུ་ནི་ལགས།
  • མེ་ཏོག་རྒྱལ་མཚན་
    ཧེ་མ་འདི་ ང་བཅས་ཨ་རྒས་ཚུའི་བསྒང་འདི་ པད་གླིང་ནོར་རྒྱམ་ཟེར་བཏང་སྡོད་ནུག་ ད་རེས་ནངས་པ་འདི་ ད་ ག་ཅི་སྨོ་ཟེར་བ་ཅིན་ གཏེར་གསར་མངམ་འབད་དེ་ཟེར་ཞུ་ནི་ལགས།
  • མེ་ཏོག་རྒྱལ་མཚན་
    ད་ལྟོ་ ནཱ་མར་ཚ་ལ་ ལྷ་ཁང་ནང་ན་བཏང་མི་འདི་ ད་ལྟོ་ གཏེར་གསར་གནངམ་ཨིན་ལགས།