Video Overview
Kato Kyi from Sonak village tells the story of how a father married his youngest daughter to a snake to retrieve a lost axe.
འདིར་ཕ་མས་རང་གི་བུ་མོ་སྦྲུལ་ཞིག་ལ་མནར་མར་བྱིན་པ་། རྗེས་ནས་བུ་མོ་ཆུང་བ་དེ་སྦྲུལ་དང་གཉེན་སྒྲིག་བྱས་པའི་གཏམ་རྒྱུད་ཅིག་བརྗོད་ཡོད།
གཏམ་རྒྱུད་འདིའི་ནང་གི་རྒད་པོ་དེ་བུད་ཤིང་འཐུ་རུ་འགྲོ་སྐབས་ལག་གི་སྟ་རེ་སེམས་ཆུང་མ་བྱས་པར་སྦྲུལ་ཞིག་གི་མདུན་དུ་ལྷུང་བས། སྟ་རེ་ལེན་པའི་ཆེད་དུ་ཁོ་ཚང་གི་བུ་མོ་གསུམ་ཡོད་པ་ལས་གཅིག་སྦྲུལ་ལ་མནའ་མ་སྟེར་རྒྱུ་ཁས་བླངས། དེ་ནས་བུ་མོ་གསུམ་ཡོད་པ་ལས་བུ་མོ་ཆུང་བ་དེ་མནའ་མར་བྱིན་པ་རེད། དོན་དངོས་ནས་སྦྲུལ་དེ་ནི་སྐྱེས་པ་ཞིག་ཡིན་པ་དང་ཉིན་ཞིག་བུ་མོས་ཤེས་ནས་ཁོའི་སྦྲུལ་ཤུན་མེར་བསྲེགས། རེད་ཀྱང་སྦྲུལ་ཤུན་མེད་ན་སྐྱེས་པ་དེ་ལ་སྲིན་པོས་གནོད་བསྐྱལ་སྲིད་པས། རེ་ཞིག་བུ་མོ་ཆུ་ཁུར་དུ་སོང་རྗེས་སུ་སྲིན་པོས་སྐྱེས་པའི་སྙིང་ཁྱེར་སོང་བ་རེད། མོས་རང་གི་སྐྱེས་པ་སྐྱོབ་ཆེད་སྲིན་པོ་ལ་ཁ་ཡག་ངོ་དགའ་བྱས་ནས་མཇུག་མཐར་སྙིང་དེ་ཕྱིར་ཁྱེར་འོང་དང་སྐྱེས་པའང་ཕྱིར་གསོན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་བའི་གཏམ་རྒྱུད་ཞིག་ཡིན།
本段讲述了一位父亲在砍树时不小心把斧头掉到一条蛇的旁边,为了要回斧头父亲答应把自己的一个女儿嫁给它的故事。
故事里的这位父亲有一天去砍树时不小心把斧头掉到一条蛇的旁边,为了要回斧头父亲答应把自己的一个女儿嫁给它。到家后大女儿和二女儿都不肯去,三女儿却答应了。其实那条蛇是一个人,只是为了躲避妖魔的危害。但是姑娘得知它他是个人之后把蛇皮给烧了。有一天姑娘不在时妖魔把她丈夫的心脏给挖走了,为了救他姑娘用花言巧语骗了妖魔,偷回了丈夫的心脏并救活了他。
- གནའ་གནའ་ཞིག་ལ་རྒད་པོ་ཞིག་ལ་བུ་མོ་གསུམ་ཡོད།
- ཉིན་ཞིག་ལ་ཁོ་ནགས་བཏུ་རུ་སོང་།
- ནགས་ལ་སོང་ནས།
- སྡོང་བོ་ཞིག་གི་ཐོག་ལ་སྟ་གཤར་སྐབས།
- སྦྲུལ་ཞིག་འཁྱིལ་ཡོད་པས་དེའི་ནང་དུ་ལྷུང་བ་རེད།
- དེ་ནས་ཁོ་དེ་ལེན་པར་སྐྲག་ནས་བསྡད་དུས།
- སྦྲུལ་གྱིས་ཨ་རོད་རྒད་པོ་ཟེར་བར་ཨ་ཟེར།
- ཁྱོད་ལ་ལ་བུ་མོ་གསུམ་ཡོད་དམ་ཟེར།
- ཁྱོད་ཀྱིས་བུ་མོ་གཅིག་ང་ལ་བྱིན་ན།
- ཁྱོད་ལ་སྟ་རེ་སྟེར་ཟེར།
- དེ་ནས་སྟ་རེ་ལོན་རྒྱུ་མ་རེད་འདོད་ནས་ཡ་ཟེར།
- དེ་ནས་ཁྱོད་ཀྱིས་སྟ་རེ་ཁྱེར་ཟེར་བས་ཡ་ཟེར།
- ཁོས་སྟ་རེ་ཁྱེར་ནས་ཡུལ་ལཡོང་།
- ཁོ་ཡིས་སེམས་སྡུག་བྱས་ནས་བསྡད།
- ཉིན་ཞིག་ལ་ཉི་མར་ལྡེ་ནས་བསྡད་དུས།
- བུ་མོ་ཆེ་བ་ཡོང་ནས་ཨ་ཕ་ཇ་འཐུང་དུ་ཤོག་ཟེར།
- ཡ་མོད་ངས་ཁྱོད་གཞན་ཞིག་ལ་བྱིན་པ་ཡིན་ཟེར།
- ཁྱོད་ཀྱིས་ང་སུ་ལ་བྱིན་པ་ཡིན་ཟེར་བས།
- སྦྲུལ་ཞིག་ལ་བྱིན་པ་ཡིན་ཟེར།
- ཁྱོད་ཀྱིས་ང་ས་ཐོག་གི་མི་ལ་མི་སྟེར་བར་ས་འོག་གི་འབུ་ལ་སྟེར་དགོས་སམ།
- ཨ་ཕའི་མགོར་ཐོམ་བུ་ཡིས་བརྒྱབ་ནས་བུད་སོང་།
- ཡང་བུ་མོ་འབྲིང་བ་ཡོང་ནས་ཨ་ཕ་ཇ་འཐུང་དུ་ཤོག་ཟེར།
- ཡ་མོད་ངས་ཁྱོད་གཞན་ཞིག་ལ་བྱིན་པ་ཡིན་ཟེར།
- ཁྱོད་ཀྱིས་ང་སུ་ལ་བྱིན་པ་ཡིན་ཟེར།
- སྦྲུལ་ཞིག་ལ་བྱིན་པ་ཡིན།
- ཁྱོད་ཀྱིས་ང་ས་ཐོག་གི་མི་ལ་མི་སྟེར་བར་ས་འོག་གི་འབུ་ལ་སྟེར་དགོས་སམ།
- ཨ་ཕའི་མགོར་ཐོམ་བུ་ཡིས་བརྒྱབ་ནས་བུད་སོང་།
- དེ་ནས་བུ་མོ་ཆུང་བ་ཡོང་ནས་ཨ་ཕ་ཇ་འཐུང་དུ་ཤོག་ཟེར།
- ཡ་མོད་ངས་ཁྱོད་གཞན་ཞིག་ལ་བྱིན་པ་ཡིན།
- ཁྱོད་ཀྱིས་ང་སུ་ལ་བྱིན་པ་ཡིན་ཟེར།
- སྦྲུལ་ཞིག་ལ་བྱིན་པ་ཡིན།
- ཁྱོད་ཀྱིས་ང་ས་ཐོག་གི་མི་ལ་མི་སྟེར་བར་ས་འོག་གི་འབུ་ལ་ཅིའི་ཕྱིར་སྟེར་མོད།
- ཁྱོད་ཀྱིས་བྱིན་ས་ལ་ང་འགྲོ་དགོས་པ་རེད།
- ད་ཤོག་དང་ཇ་འཐུང་ང་འགྲོ་ཟེར།
- དེ་ནས་ཨ་ཕ་དགའ་སྟེ་ཡ་ཟེར་ཞོར་དུ་ཇ་འཐུང་།
- སྔོན་ལ་སྦྲུལ་གྱིས་ཉིན་ཞིག་ལ་ཁྱེད་ཚང་ལ་སྦྲང་མ་ཞིག་ཡོང་ངེས།
- སྦྲང་མ་ཞིག་འཁོར་ནས་འདུག་པདེའི་རྗེས་ལ་བུ་མོ་ཕེབས་ཟེར།
- དེ་ནས་བསྡད་པས་ཉིན་ཞིག་ལ་སྦྲང་མ་ཡོང་ནས་ཁྱིམ་ནས་འཁོར།
- དེ་ནས་ཨ་ཕས་བུ་མོ་ཁྱོད་འདིའི་རྗེས་ལ་དེད་ནས་འགྲོ་དགོས་ཟེར།
- བུ་མོ་ལམ་ལ་ཆས་ནས།
- སྦྲང་མ་དེའི་རྗེས་ལ་ལམ་ན་ཕུད་པ་རེད།
- དེ་ནས་བུ་མོ་དེ་སྦྲང་མའི་རྗེས་དེད་ནས་ཡོང་བས།
- སྒོ་ཞིག་དང་འཕྲད་པ་རེད།
- དེ་ནས་ལྕགས་སྒོ་དེ་ཕྱེ་ནས་ཡར་ལ་སོང་རྗེས་གསེར་གྱི་སྒོ་ཞིག་དང་འཕྲད།
- དེ་ནས་དེ་ཕྱེ་ནས་ཡར་ལ་སོང་དུས་དངུལ་གྱི་སྒོ་ཞིག་དང་འཕྲད།
- དེ་ཕྱེ་ནས་ཡར་ལ་སོང་དུས་དུང་གི་སྒོ་ཞིག་དང་འཕྲད།
- དེ་ཕྱེ་ནས་ཡར་ལ་སོང་དུས་ཁྱིམ་ཆེན་ཁྱིམ་ཚང་ཕྱུག་པོ་ཞིག་ལ་ཐོན་ཡོད།
- ཁྱིམ་ཆེན་ཞིག་ལ་ཐོན་ཡོད།
- དེ་ན་མི་ཞིག་མེད་གི
- ཐབ་ཀའི་ཡར་ན་སྦྲུལ་ལག་གོར་འདྲ་བ་ཞིག་འཁྱིལ་ནས་བསྡད་ཡོད།
- གོ་ཀའི་དཀྱིལ་ན་སྦྲུལ་ལག་གོར་འདྲ་བ་ཞིག་འཁྱིལ་ཡོད།
- མར་ན་ཡང་སྦྲུལ་ལག་གོར་འདྲ་བ་ཞིག་འཁྱིལ་ཡོད།
- དེ་ནས་སྦྲང་མས་མོ་ལ་ཁྱོད་སྐྲག་དགོས་ནི་མ་རེད།
- གོ་ཀའི་ཡར་ན་ཡོད་པ་ཁྱོད་ཀྱི་ཨ་མྱེས་རེད།
- གོ་ཀའི་མར་ན་ཡོད་པ་ཁྱོད་ཀྱི་ཨ་ནེ་རེད།
- གོ་ཀའི་དཀྱིལ་ན་ཡོད་པ་ཁྱོད་ཀྱི་མག་པ་རེད།
- ཁྱོད་ཀྱིས་འདི་ཚོར་ཟ་མ་སྐོལ་ནས་བསྡད་ན།
- ཁྱོད་ཀྱིས་ལས་ཀ་གཅིག་ཀྱང་ལས་དགོས་པ་མ་རེད།
- རྒྱུ་ནོན་པ་ཞིག་གི་ཆད་མཁོ་ཡོད་པ་མ་རེད།
- ད་ཁྱོད་སྐྱིད་ནི་རེད།
- ཁྱོད་ལ་རྒྱུ་ནོན་པ་ཞིག་གི་ཆད་མཁོ་ཡོད་པ་མ་རེད།
- ད་ཁྱོད་སྐྱིད་ནི་རེད།
- ཡ་ཞེས་དེ་ནས་བསྡད།
- ཉིན་ཞིག་ལ་མོ་ཆུ་འཁུར་དུ་སོང་།
- ཕྱིར་ཡོང་དུས་སྐྱེས་པ་ཡིས་སྦྲུལ་ཤུན་ཕུད་ནས་ལས་ཀ་ལས་བཞིན་འདུག
- གསར་ཡག་ཞིག་ཡོད་པས་མོ་དགའ་ནས།
- མི་ཞིག་རེད་འདོད་དེ་དགའ་ནས།
- རྒྱུགས་ཡོང་སྟེ་སྦྲུལ་ཤུན་ཁྱེར་སོང་ནས་མེ་ནང་དུ་འཕངས།
- ཁྱོད་ཀྱིས་དེ་འཕེན་དགོས་ནི་མིན་ཡ།
- ཁྱོད་ཀྱིས་ངའི་མགོ་ཁེབས་ནི་མ་རེད་ཅེས་བཤད།
- མོས་མགོ་ཁེབས་ཟེར།
- དེ་ནས་མོས་རྒྱུན་ཏུ་སྲུང་།
- འདྲེ་མོ་ཞིག་གིས་ཁོའི་སྙིང་ཁྱེར་འགྲོ་བ་རེད།
- འདྲེ་མོ་ཞིག་གིས་ཁོ་ལ་གནོད་པ་སྐྱེལ་ནི་རེད།
- དེ་ནས་མོ་ཡིས་སྲུང་ནས་བསྡད་ན་འདྲེ་མོ་ཡོང་མི་ཐུབ་གི
- སྲུང་ནས་བསྡད་པ་ཡིན།
- ཉིན་ཞིག་ལ་མོ་ཆུ་འཁུར་དུ་སོང་།
- ཆུ་འཁུར་ནས་ཡོང་དུས་སྐྱེས་པ་ཤི་འདུག
- འདྲེ་མོ་ཡོང་ནས་སྙིང་ཁྱེར་ནས་བུད་སོང་།
- དེ་ནས་བལྟས་དུས་ཁྲག་གི་རྗེས་ཤིག་ཡོད་ནི་རེད།
- མྱུར་དུ་ཁྲག་རྗེས་དེ་དེད་ནས་སོང་དུས།
- རྟ་ཞིག་གིས་མཁལ་མ་དྲུད་ཡོད་གི
- འདི་སྙིང་རྗེ་འདོད་ནས་མཁལ་མ་བྲང་ལ་བླངས།
- དེ་ནས་སོང་བས་མཛོ་ཞིག་གི་སྣ་ཁང་རིས་བཅོས་ཡོད།
- འདི་སྙིང་རྗེ་འདོད་ནས་སྣ་ཡི་ཁང་རིས་བླངས་ནས།
- ཁྲག་རྗེས་དེ་དེད་ནས་སོང་།
- ཁྲག་རྗེས་བྲག་ཁུང་ཞིག་གི་ནང་དུ་ཡོད་ནི་རེད།
- བྲག་ཁུང་དེའི་ནང་དུ་སོང་དུས་འདྲེ་མོ་དེ་ཡོདཔ་རེད།
- འདྲེ་མོ་ཁ་ཡག་བཤད་ནས་ངེད་གཉིས་འདུག་ཟེར་ནས།
- འདྲེ་མོ་ཡིས་རོགས་པ་ཡོད་འདོད་ནས་ཡ་ཟེར།
- མོས་གྲོད་པུ་ཞིག་ལ་ཁབ་གཙགས་བརྒྱ་དང་འབིག་གཙགས་བརྒྱ་བྱས་ནས།
- ཁྱོད་སོང་དང་ཆུ་འཁུར་ཤོག
- ངས་འུ་གཉིས་ལ་ཇ་སྐོལ་ཟེར།
- ཁྱོད་སོང་དང་ཆུ་འཁུར་ཤོག
- ཡ་ཟེར་དེ་ནས་འདྲེ་མོ་ཆུ་ཁར་སོང་ནས།
- གྲོད་པུ་ནང་ལ་ཆུ་བཅུས་བས་ཆུ་བཞུར།
- གྲོད་པུ་ལ་ཐོམ་བུ་བཞག་ནས་བསྡད།
- དེའི་སྐབས་སུ་མོས་བྲག་གི་སྒམ་ཞིག་ཡོད་པ་དེའི།
- བྲག་གི་སྒམ་དེའི་ཁ་ཕྱེ་དུས།
- ནང་ན་མི་ཡི་སྙིང་བཀང་བཞག་ཡོད་ནི་རེད།
- དཀྱིལ་ན་མོའི་སྐྱེས་པའི་སྙིང་ད་རུང་ཤི་མེད་པར་ལྡིང་བཞིན་ཡོད།
- དེ་ནས་མྱུར་དུ་དེ་སྣོད་ཅིག་གི་ནང་དུ་བཞག་ནས།
- རུམ་ལ་བཅུག་སྟེ་བྲོས་ནས་ཡོང་བས།
- མཛོ་དེ་ཡི་རྩིབ་དུ་ཐོན་དུས་འདྲེ་མོས་ཤེས་སོང་།
- འདྲེ་མོ་རྗེས་ལ་རྒྱུགས་ནས་ཡོང་དུས།
- མཛོ་ཡི་ཡར་ལ་ཤོར་དུས་མཛོ་ཡིས།
- འདིས་ངའི་སྣ་ཡི་ཁང་རིས་བླངས་ནས།
- ཡང་དྲིན་ཆེན་ཡིན་དེ་ཟེར་ནས་འདྲེ་མོ་བཀག་ནས་བསྡད།
- དེ་ནས་རྒྱུགས་ཡོང་དུས་མོ་རྟ་དང་འཕྲད་པ་ཡིན།
- རྟ་ཡི་ཡར་ལ་སོང་དུས་འདྲེ་མོ་མཛོ་ཡི་ལག་ནས་ཤོར་སོང་།
- རྟ་ཡིས་ངའི་མཁལ་མ་བྲང་ལ་བླངས་ཟེར་ནས་དེས་བཀག་ནས་བསྡད།
- དེ་ནས་མོ་བྲོས་ནས་ཡོང་སྟེ་ཁོ་ཚང་གི་སྒོ་ཁར་ཐོན་དུས།
- འདྲེ་མོ་ཡང་རྗེས་ལ་ཐོན་ཏེ།
- མོ་ཁ་སྦུབས་ཀྱིས་བརྒྱབ་ནས་ལག་གི་སྙིང་ལྷུང་ནས།
- སྐྱེས་པའི་ཁོག་ཏུ་སོང་ནས་ཕྱིར་སོས།
- དེ་ནས་འདྲེ་མོ་ཡོང་མ་ཐུབ་པ་རེད།
- དེ་ནས་བཟུང་འདྲེ་མོས་གནོད་པ་སྐྱེལ་མ་ཐུབ་པ་རེད།
- དེ་ནས་སྐྱིད་པོ་བྱས་ནས་བསྡད་པ་ཡིན།