Skip to main content Skip to search
31 Mar 2015
6 min 5 sec
Rating
0
No votes yet
Video Overview
Creators: 
Duptho

༉  མར་མར་རྒྱ་ཡི་མེ་ཏོག་ཟེར་མི་གླུ་གཞས་འདི་ ཅ་གླིང་གཡུས་ཚན་ལས་ ནོར་བུ་གིས་འཐེནམ་ཨིནམ་ད་ གླུ་གཞས་འདི་གིས་ ང་བཅས་རའི་མི་ཚེ་ནང་ སེམས་ཅན་ག་ར་ཨིན་རུང་ ཚར་གཅིག་འཇིག་རྟེན་འདི་ནང་སྐྱེས་ཞིནམ་ལས་ ལོག་སྟེ་ར་འཇིག་རྟེན་འདི་ནང་ལས་ཤི་སྟེ་འགྱོ་དགོཔ་ལས་ ཚེ་མི་རྟག་པ་ཨིན་ཟེར་ དྲན་གསོ་འབདཝ་ཨིན་མས། ང་བཅས་རའི་མི་ཚེ་འདི་ནང་ མི་ལ་ལུ་ཅིག་གིས་ རྒྱུ་ནོར་ལོངས་སྤྱོད་ཚུ་ལེགས་ཤོམ་སྦེ་བསྒྲུབས་ཏེ་ ཚར་གཅིག་གནམ་བྱཱར་གྱི་མེ་ཏོག་ཤར་དོ་བཟུམ་སྦེ་ དགའ་ཏོག་ཏོ་དང་སྐྱིད་ཏོང་ཏོ་སྦེ་སྡོད་ཚུགས་རུང་ དུས་ཚོད་རིམ་གྱིས་རྫོགས་པའི་སྐབས་ འགྱུར་བ་མེདཔ་སྦེ་སྡོད་ནི་གི་རང་དབང་མེད་ ཟེར་ཨིན་མས། དེ་འབདཝ་ལས་གླུ་གཞས་འདི་གིས་ ང་བཅས་རའི་ཚེ་འདི་རྟག་པ་དང་བརྟན་པ་མེད་མི་ཚེ་འདི་ དམ་པའི་ཆོས་འབད་དགོ་ཟེར་བའི་ དོན་སྟོནམ་ཨིན་པས།

Show More