Skip to main content Skip to search
15 Dec 2011
1 min 56 sec
Rating
0
No votes yet
Video Overview
Creators: 
Unknown

This title is part of a series of short (2-5 minute) dramatic enactments of contemporary life in Lhasa in the early 2000s. A wife complains about how difficult home life is, and how little the husband helps out with the kids and domestic chores. He objects that he is very busy at the office, but she rejects this and they quarrel. The couple are the parents of Dadrön, who is in the broader dramatic series is involved in a romantic dilemma involving her best friend and boy friend, though this issue is not directly addressed herein. 

Show More

  • པཱ་ལགས
  • ཨ་མ་ལགས
    འོ་ཙི། ཁྱེད་རང་ནི་གཞི་ནས་ལོག་ཕེབས་བྱས།
    Oh, you're just getting back now?!
  • པཱ་ལགས
    ཟ་ཡག་ར་ཅིག་༿འདྲ་པོ་ཅིག༾འདུག་གས་ལགས།
    Is there anything to eat?
  • ཨ་མ་ལགས
    ཁྱེད་རང་གི་བསམ་བློའི་ནང་འདི་མགྲོན་ཁང་ར་ཅིག་༿འདྲ་ཅིག་༾རེད་བསམ་་གནང་གི་འདུག་གས།
    Do you think this house is a hotel?!
  • པཱ་ལགས
    ཨ་ཙི་་་ད་ཞག་༿དེང་སང་༾ལས་ཁུངས་ལ་བྲེལ་བ་ཞེ་པོ་ཅིག་འདུག
    Geez. These days it's very busy at the office.
  • པཱ་ལགས
    བྱས་ཙང་ག་ཨ་ནི་་་ཁྱེད་རང་ལ་ཏོག་ཙམ་ཅིག་བྲེལ་བ་བྲེལ་བ་ཆེ་ཙམ་ཅིག་ཡོད་རེད་ད།
    So, you'll be a little busy too.
  • ཨ་མ་ལགས
    ལས་ཁུངས་ལས་ཁུངས་ལས་ཁུངས་ཟེ་རྟག་པར་རེ་བཞིན་ཁྱེད་རང་ལས་ཁུངས་ཟེར་བྱས་ནང་འདིའི་སྦུག་ལ་ཡ་ ང་གཉིས་མ་བུ་གཉིས་ལ་ཡང་ཇུས་གཏོགས་ཁོ་རང་གནང་གི་མི་འདུག་ག ཁྱེད་རང་གིས།
    It's always "office, office, office". Always talking about the office. You're not getting involved at home, with me and our son.
  • པཱ་ལགས
    ཐུགས་ཁག་མེད་ཐུགས་ཁག་མེད།
    I'm sorry, it's my fault.
  • པཱ་ལགས
    ད་ཉིན་མ་གཉིས་ཙ་༿ཙམ༾ཅིག་རེད།
    It'll only be two more days.
  • པཱ་ལགས
    ཉིན་མ་གཉིས་ནས་འདི་ཚར་སོང་ན་ལས་ཀ་འདི་ཚར་སོང་ན་ཨ་ནི་་་ངས་རོགས་པ་ཞུས་ཆོག  སྣང་དག་མི་དགོས།
    In two days, when I've finished this work, then I'll help you. No worries.
  • ཨ་མ་ལགས
    ཉིན་མ་གཉིས་ཉིན་མ་གཉིས་ཟེར
    It's always "two days, two days".
  • ཨ་མ་ལགས
    ངས་རྟག་པར་རེ་བཞིན་ཞོགས་གས་༿ཞོགས་པ་༾ཡར་ལངས་པ་ནས་བྱས་པུ་གུ་༿ཕྲུ་གུ་༾ཡར་ལངས་ཁ་ལག་སྟེར་་་སློབ་གྲྭར་བསྐྱལ་སློབ་གྲྭ་ནས་བསུས་་་
    Every day I wake up and then wake the kids, feed them, and take them to school pick them up from school
  • ཨ་མ་ལགས
    ནང་ལ་ཡོང་བྱས་ཡང་ཁ་ལག་བཟོས། འགང་ག་༿ཚང་མ་༾ཚང་མ་ང་མི་གཅིག་གིས་བྱེད་དགོས་ཀྱིས་ཁྱེད་རང་བསམ་བློ་ཏིག་ཙ་༿ཏོག་ཙམ་༾བཏང་གནང་མ་བཞིན།
    come back home, and then cook. I do everything by myself.If only you'd think just a little bit.
  • པཱ་ལགས
    མ་གཞི་ནས་ཁྱེད་རང་ནང་གི་ཨ་མ་ཡིན་པའི་ཁུལ་རེད་པ།
    Actually, you're supposed to be the mother, aren't you?
  • པཱ་ལགས
    ཨ་ནི་་་པུ་གུའི་༿ཕྲུ་གུའི་༾ཐད་ལ་ཡང་ནང་གི་ཨ་མས་ཏོག་ཙམ་ཅིག་གི་ཐུགས་འཁུར་གནང་ཡག་༿ཡས་༾དེ་ཨ་མའི་འོས་འགན་རེད། མ་རེད་པས།
    It's the mother's responsibility to take care of the kids, isn't it?
  • ཨ་མ་ལགས
    རེད་རེད་རེད། ཨ་མས་ཐུགས་འཁུར་བྱེད་ཡག་༿ཡས་༾ཨ་མའི་འོས་འགན་སོང་ཙང་ངས་བྱེད་ཀྱི་ཡོད་རེད།
    Yes, yes, yes. Because it's the mother's responsibility - that's why I do it.
  • ཨ་མ་ལགས
    ཡིན་ནའི་ཁྱེད་རང་ཇུས་གཏོགས་ཅི་ཡའི་༿ཅི་ཡང་༾མ་གནང་ན་ཏག་ཏག་བསྡད་ཀྱི་འདུག་གས།
    But if you don't get involved, Is that ok?
  • པཱ་ལགས
    ད་འདི་འདྲས་གསུང་དགོས་མ་རེད་།
    You shouldn't talk like that.
  • པཱ་ལགས
    ལས་ཁུངས་ལ་ལས་ཀ་མེད་པ་ཡིན་ན་བྲེལ་བ་མེད་པ་ཡིན་ན་ངས་སྣང་དག་མེད་པ་རོགས་པ་ཞུ་གི་རེད།
    If I didn't have any work at the office, if I wasn't busy, it wouldn't be a problem for me to help you.
  • ཨ་མ་ལགས
    ཁྱེད་རང་རྟག་པར་རེ་བཞིན་སྣང་དག་མེད་སྣང་དག་མེད།
    You're always saying "no problem, no problem".
  • ཨ་མ་ལགས
    ད་བཀའ་མོལ་མང་པོ་མི་འདུག འདའི་༿འདིར་༾གཟིགས་དང་།
    Now there's not much point in saying anything. Look here.
  • ཨ་མ་ལགས
    འདི་པུ་གུའི་ཁྱིམ་བདག་ཚོགས་འདུའི་བརྡ་ཐོ་རེད།
    This is a flier for the parent teacher meeting.
  • ཨ་མ་ལགས
    འདའི་༿འདིར་༾འདི་གློག་རིན་བསྐྱལ་དགོས་ཀྱིས་ ད་འདི་ཁྱེད་རང་གིས་གནང་ཨ་དེ་རིང་།
    Here, this is the electricity bill. We have to go pay it. Today you do this.
  • ཨ་མ་ལགས
    ང་ཇུས་གཏོགས་བྱེད་ཀྱི་མིན་ད།
    I'm not going to get involved.
  • པཱ་ལགས
    ཨ་ནི།
    And...
  • ཨ་མ་ལགས
    རྟག་པར་རེ་བཞིན་ངས་བྱེད་ཀྱི་ཡོད་རེད་པ།
    I always do everything, don't I?
  • པཱ་ལགས
    འདི་ པུ་གུའི་༿ཕྲུ་གུའི་༾ཁྱིམ་བདག་གི་ཚོགས་འདུ་འདའི་༿འདིར་༾ཡ་བདེ་སྐྱིད་ཕྱིན་ན་འགྲིག་གི་མ་རེད་པས།
    Isn't it ok if Dekyi goes to the parent teacher meeting?
  • ཨ་མ་ལགས
    ལགས། འདའི་༿འདིར་༾གཟིགས་དང་། ཕ་མ་གཉིས་ཟེར་འདུག་ག
    Look at this. It says 'both parents', you see?
  • པཱ་ལགས
    འདི་འདི་འདི་འདི་་་བདེ་སྐྱིད་་་བདེ་སྐྱིད་བཏང་གནང་་་་
    S - s - s - s - send Dekyi.
  • པཱ་ལགས
    འོང་་་་བདེ་སྐྱིད་ཁྱིམ་བདག་རྐུབ་༿རྗེས་༾ལ་
    Have Dekyi go to the meeting.
  • ཨ་མ་ལགས
    ་་་་་་་་འདི་ཡོང་གི་མ་རེད་ད།ཡོང་གི་མ་རེད། ཨ་ནི་་་ཁྱེད་རང་གློག་རིན་གྱི་རྐུབ་༿རྗེས་༾ལ་་་་་
    That won't do. No way. And you go pay the electricity bill.
  • པཱ་ལགས
    ཡང་མིན་ན་གློག་རིན་རྐུབ་༿རྗེས་༾ལ་ཁྱེད་རང་ཐད་་་་
    Either you go pay the electricity bill,
  • པཱ་ལགས
    ཡང་མིན་ན་ཁྱིམ་བདག་རྐུབ་ལ་ཁྱེད་རང་ཐད་་
    Or you go to the meeting,
  • པཱ་ལགས
    གློག་རིན་འདི་བདེ་སྐྱིད་ལ་་་་་་་་་བརྩིས་སྤྲད་གནང་
    And give the electricity bill to Dekyi.
  • ཨ་མ་ལགས
    ་་་་་་་་ད་གང་ལྟར་འགང་ག་ལོགས་༿ཚང་མ་༾ང་ང་ཟེར་གྱི་རེད་པ། ཁྱེད་རང་ག་རེ་གནང་ག
    In any case, I've got to do everything, you see? What are you going to do?
  • པཱ་ལགས
    ད་གང་ལྟར་ང་འགྲོ་ཡག་༿ཡས་༾ཡིན།ད་་་ང་་་ང་་་ང་འགྲོ་ཐུབ་མ་སོང་།ཐུགས་རྗེ་གཟིགས།
    In any case, I have to go now. I can't do this now.I am sorry.
  • ཨ་མ་ལགས
    ད་གཟིགས་དང་། ཁྱེད་རང་ཇུས་གཏོགས་མ་གནང་ན་ང་ཡའི་༿ཡཎ་༾བྱེད་ཀྱི་མིན་ད།
    Look, now. If you are not going to be involved, I am not going to be involved either.
  • པཱ་ལགས
    ང་བྲེལ་བ་ད་ག་འདྲ་པོ་ཡོད་ད། དགོངས་པ་མ་འཚོམས།
    I am so busy. I am sorry.