Video Overview
༉ རྟེན་འབྲེལ་བརྩི་སྲུང་ག་ཅི་ར་འབད་རུང་ ཧེ་མ་ར་ མར་ཆང་གཏོར་ཞིནམ་ལས་རྐྱངམ་ཅིག་ ལཱ་འགོ་བཙུགསཔ་ཨིན། དེ་ཡང་ ལཱ་དང་བྱ་བ་ག་ཅི་ར་ཨིན་རུང་ བར་ཆད་མི་འབྱུང་ནི་གི་དོན་ལུ་ ཆང་ཕུད་དཀོན་མཆོག་དང་ཆོས་སྐྱོང་སྲུང་མ་ ཡུལ་ལྷ་གཞི་བདག་དང་ལྷ་སྲིན་སྡེ་བརྒྱད་ཚུ་ལུ་ཕུལ་ཏེ་ རྒྱབ་དང་དཔུང་ཚུ་ཞུ་ཞིནམ་ལས་རྐྱངམ་ཅིག་ ལཱ་འགོ་བཙུགས་དོ་ཡོདཔ་མ་ཚད་ ཐ་ན་མགོནམ་སྦོམ་ཚུ་འབྱོན་པའི་སྐབས་ལུ་ཡང་ མར་ཆང་ཕུལ་ཞིནམ་ལས་རྐྱངམ་ཅིག་ བྱོན་བཞུགས་དང་བཀའ་དྲིན་ལེགས་སོ་ཚུ་ཞུ་སྟེ་ མགྱོནམ་གིས་གསུང་བཤད་གནང་ནི་ཡོད་རུང་ མར་ཆང་ཕུལ་ཞིནམ་ལས་རྐྱངམ་ཅིག་གནང་སྲོལ་ཡོད་དོ་བཟུམ་སྦེ་ སྤྱི་ལོ་ ༢༠༡༥ ལོར་ རྒྱལ་ཡོངས་དུས་ཆེན་ཐེངས་ ༡༠༨ པ་དེ་བརྩི་སྲུང་ཞུ་བའི་སྐབས་ལུ་ མགར་ས་རྫོང་རབས་ཀྱིས་འབད་ མར་ཆང་ཕུལ་བའི་མཐོང་སྣང་དེ་ཨིན་པས།
"Marchang" is the ceremonial offering of alcohol to the deities typically performed during national celebrations. After the procession in honor of the chief guest, monks perform the Marchang recitation while a high-ranking official prepares the offering. This is presented to the deities according to their spiritual significance. The last offering is made to the chief guest, followed by the presentation of a "wish flag" that the chief guest holds at its end and casts a prayer or a wish.
- Gasa
- མགར་ས་དྲགོས་རྫོང་རབ། Gasa Dasho Dzongrabཨོཾ་ཨཱཿཧཱུཾ། །ཨོཾ་ཨཱཿཧཱུཾ། །ཨོཾ་ཨཱཿཧཱུཾ། །
- མགར་ས་དྲགོས་རྫོང་རབ། Gasa Dasho Dzongrabམཆོད་དོ། ཕུད་ ཐམས་ཅད་ཀྱི་མངའ་བདག །རིགས་ཐམས་ཅད་ཀྱི་དབང་ཕྱུག །དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ སྐུ་གསུང་ཐུགས་གཉིས་སུ་མེད་པའི་ ཡེ་ཤེས་ཀྱི་ངོ་བོ་ རྩ་བརྒྱུད་ཀྱི་རྗེ་བཙུན་ དཔལ་ལྡན་བླ་མ་ དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། །
- མགར་ས་དྲགོས་རྫོང་རབ། Gasa Dasho Dzongrabབྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡིད་དམ་དཀྱིལ་འཁོར་གྱི་ ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། །
- མགར་ས་དྲགོས་རྫོང་རབ། Gasa Dasho Dzongrabགནས་གསུམ་གྱི་དཔའ་བོ་དང་ མཁའ་འགྲོ་མ་རྣམས་དང་། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ ཕྱོགས་སྐྱོང་དང་ ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། །
- མགར་ས་དྲགོས་རྫོང་རབ། Gasa Dasho Dzongrabདཔལ་མ་ཧཱ་ཀ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་སྲུང་མ་ཆེན་པོ་བྱ་རོགས་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་ཆོས་སྐྱོང་བའི་སྲུང་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། །
- མགར་ས་དྲགོས་རྫོང་རབ། Gasa Dasho Dzongrabགཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག །སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། །