05 Jan 2016
1 min 52 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee
This is a video of Tsethar Bum from Yonru Village in Chentsa singing a song called "The Many Forms of Karma." This song is part of a collection of folk songs from the Rebgong cultural area.
འདི་ནི་ཨ་མདོ་རེབ་གོང་ས་ཁུལ་གྱི་དམངས་གླུ་ཞིག་སྟེ། སོ་སོའི་ལས་དབང་མི་འདྲ་བ་བརྗོད་ཡོད།
གླུ་འདིའི་ནང་དུ་སོ་སོའི་ལས་དབང་མི་འདྲ་བ་བརྗོད་དེ་ལས་ཀྱི་དབང་གིས་ཡུལ་དུས་གཅིག་ཏུ་སྐྱེས་ཀྱང་མཐའ་མར་སོ་སོའི་འགྲོ་ལམ་མི་གཅིག་པ་དང་། ལས་དབང་ལྡོག་ཏུ་མེད་པ་བསྟན་ཡོད། དཔེར་ན། རྒོད་མ་གཅིག་ལ་སྐྱེས་པའི་རྟེའུ་གཅིག་བླ་མའི་བཅིབས་རྟར་གྱུར་བ་དང་གཅིག་ཇག་པའི་ཇག་པའི་ཇག་རྟར་གྱུར་བ་དང་། ཡང་མ་གཅིག་ལས་སྐྱེས་པའི་བུ་གཅིག་ལས་ཀྱི་དབང་གིས་བླ་མའི་སློབ་མར་གྱུར་བ་དང་། གཅིག་གཞན་གྱི་གཡོག་པོར་གྱུར་ཚུལ་བརྗོད་ཡོད།
- ཡེ་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
- རྟ་རྒོད་མ་ཞིག་ལ་རྟེའུ༼དུང་ལོ་ལོ༽གསུམ་སྐྱེས་ཡོད། །
- རྟེའུ་ལས་ཅན་བླ་མའི༼དུང་ལོ་ལོ༽བཅིབས་པ་རེད། །
- རྟེའུ་ལས་ངན་ཁྲམ་པའི༼དུང་ལོ་ལོ༽ཇག་རྟ་རེད། །
- མགོ་སྲབ་ལྕག་གྱོན་ན༼དུང་ལོ་ལོ༽སྙིང་རེ་རྗེ། །
- ཡེ་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
- མ་བཟང་མོ་ཞིག་ལ༼དུང་ལོ་ལོ༽བུ་གསུམ་འཁྲུངས། །
- བུ་ལས་ཅན་བླ་མའི༼དུང་ལོ་ལོ༽སློབ་མ་རེད། །
- བུ་ལས་ངན་ཕྱུག་པོའི༼དུང་ལོ་ལོ༽ཟོག་རྫི་རེད། །
- དབྱར་ཆར་ཆུའི་ནང་ན༼དུང་ལོ་ལོ༽སྙིང་རེ་རྗེ། །