Video Overview
Two drama troupe managers argue about the appropriate disciplinary consequences for the reported behavior of an employee.
- ཀབློ་བཟང་ལགས།
- ཁའ་ཙི་འ་ཙི། ཨ་ལས་ཏིག་ཙ༼ཙམ་༽བཞུགས་དང་།
- ཀའོང་། ལགས་སོ།
- ཀད་འདི་གང་འདྲས་བྱས་པ་རེད། སྤོ་བོ་ལ། རིན་འཛིན་ལ་ཡ་རྦད་དེ་ཁོ་ར། ལོ་གཅིག་གི་ཇང་ཅིན་༼གཟེངས་བསྟོད༽བཅགས། ཇང་ཅིན་བཅགས་པས་མ་ཚད། ཀུང་ཙི་༼གླ་ཆ༽བཅགས། ད་དེ་ལམ་སང་ཐོ་རྒྱག་གོ་རྒྱག་ལ། དེ་འདྲས་རང་གནང་ན་འགྲིག་གི་ཨ༼ཨེ༽ཡོད།
- ཀསྤོ་བོ་ད་ནོར་འཁྲུལ་ད་ཡོའོ་རེད། སྤོ་བོ་ནོར་འཁྲུལ་ཡོའོ་རེད་པཱ། ད་དེ་འདྲས་གནང་ན་ཏག་ཏག་རང་བསྡད་ཀྱི་ཨ་༼ཨེ༽ཡོད་བསམས་ཀྱིས། ད་ཡིག་ཆ་འདུག་བཟོ
- ཁད་མ་རེད། རྒན་ལགས་འདི། ཁ་སང་སྤོ་བོ་མོ་རང་འདི་གནས་ཚུལ་འདི་གཅིག་གུ་མ་རེད་ད། དེ་མ་བྱེད་དཀའ་མེད་འདྲ་ཅིག་ལ་ཐུབ་པ་རེད་ད་ལ།
- ཁའོང་། ཐག་འདི་འདྲས་འདྲ་ཅིག་ལ་མ་བཅད་དཀའ་མེད་འདྲ་ཅིག་ལ་ཡ། ་ད་ཞིང་དངོས་གནས་བྱས་པ་ཡིན་ན་སྤོ་བོ། སྤོ་བོ་ཅིག་དག་དངོས་གནས་བྱས་པ་ཡིན་ན། གཞན་དག་དང་བསྡུར་པ་བྱས་ན་ཧ་ལམ་ལས་ཁུངས་ནས་པིད༼འབུད༽་པ་ཡིན་ནའི་ལས། དངོས་གནས་དེ་རྒྱུ་མཚན་མེད་པ་ཟེར་གའི་རེད་མི་འདུག
- ཁཡང་ང་ཚོས་ཟོན་ད་མ་སོང་ནའི་ཞེ་དྲག་ཞུས་པ་དེ་འདྲས་རེད།ཟེར།
- ཀད་ཅིག་གི། དངོས་གནས་ད་ཨ་ལས་ར་བཟི། ད་ལྟ་དེའི་ནང་ལ་དེ་འདྲས་འདུག་ག ར་བཟི། ཕྱི་འབྱོར་བྱས། ཆང་བཏུང་པ་རེད་ཟེར། ཕྱི་འབྱོར་བྱས་པ་རེད་ཟེར་ཡས་ཅིག་ད་སྤྱིར་བཏང་འདི་འདྲས་ཟེར་ཡོའོ་རེད་པ།
- ཁཨོའོ་རེད།
- ཀདེ་འདྲས་ཡིན་དུས་ཙམ་ནས། དེ་འདྲས་འདྲ་ཅིག་ཡིན་ན་ད་ཅིག་ལོ་ཆུང་ཆུང་རེད་ལས་ཁུངས་ནང་ནས་རེད་པ། ཨ་ནི་སྤོ་བོ་ད་ག་རེ་ཟེར་དགོས་རེད་པས། ཆེད་ལས་སྒང་ལའི་དངོས་གནས་འཇོ་ན་པོ་ཡོའོ་རེད་ད།
- ཀཨ་ནི་ང་རང་ཚོའི་རྒན་པ་ཚོ་དང་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་ཏིག་ཙ༼ཙམ༽བལྟ་རྟོགས་བྱས། སློབ་གསོ་རྒྱག་ཡས་ཅིག་རེད་མ་གཏོགས། ལམ་སང་ཐེངས་མ་གཅིག་ལ་ད་རེས་འདི་ང་ཚོ་དངོས་གནས་འདི་ཨ་ག་རེ་ཟེར་དགོས་རས༼རེད༽།
- ཀཁོ་ལ་ཡ་ཅིག་གི་ཐ་ཚིག་འདྲ་ཅིག་བསྒྲགས་བྱས། རྗེས་མ་ཨ་ནི་འདི་འདྲས་ཟེར་བྱས་པ་ཡིན་ན་ཟེར་ནའི་ང་མོས་ཐུན་ཡོད།
- ཁད་འདི་འདྲས། རྒན་ལགས།
- ཀད་ལམ་སང་ཧོབ་དེ་ཁ་ལ་དེ་འདྲས་ད་ཏིག་ཙ༼ཙམ༽ཅིག
- ཁད། དེ་མ་བྱས་པ་མ་རེད། ད། དེ་ཐེངས་མ་མང་པོ་བྱས་ཚར་ར་རེད། ད་དངོས་གནས་ཡིན་ད་ལ།
- ཀངས་དེ་ཐལ་ཆེ་མི་འགྲོ་བསམ་བསམས་རེད། ངས་བལྟས་པ་ཡིན།
- ཁད་རྒན་ལགས། ཁ་སང་མི་བཞུགས་མེད་ཙང་བྱས་པ་རེད། ད་གཙོ་བོ་ཐུགས་ཁག་མེད། ད་མིས་མང་པོས་ཞེ་དྲག་བཤད་ཀྱི་ཡོའོ་རེད་ད་ང་ཚོ་ཡ། ང་ཚོ་ཡ་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན།
- ཁཨ་ནི་བག་ཆགས་ངན་པ་ཞེ་དྲག་འདུག་ལས་ཁུངས་ནང་ལ། ལས་ཁུངས་ནང་ལ་མི་དེའི་ཚོའི་བཟོ་འདྲ་དེ་ཚོ་རང་སྣང་གང་དྲན་བྱེད་མཁན་ལ་ཁོང་ཚོ་འོ་ན་ཆད་པ་མེད་པ་ཅིག་དང་། ཡང་མིན་ན་མི་བཟང་ང་ཡ་བཟང་འབྲས་འཐོབ་ཡས་ཀྱི་ཨ་ནི་ཕ་གའི་ཡ་་ཆད་པ་མེད་པ་ཅིག་གི། ལེགས་པའི་ཡ་ལེགས་བཟོ་ད་ཡ། ངན་པ་ཡ་ངན་བཟོ་བྱེད་དགོས་ཡས་དེ་འདྲས་དབྱེ་བ་མེད་པ་ད་ག་རེ་རེད་ཟེར། ད་སྤོ་བོ་ལ་དེ་འདྲས་ཟེར་བཤད་ཀྱི་ཡོའོ་རེད་ད།
- ཀད་ཅིག་གི་སྐྱོན་ཟེར་ཡས་དེ་མི་སུ་ལའི་ཡོང་གི་རེད་པ། ད་སྤོ་བོ་ཆེད་ལས་སྒང་ལ་འཇོན་པོ་ཡོའོ་རེད་ད། ལས་ཀ། ད་སྤོ་བོ་རྟག་པར་ཕྱི་འབྱོར་བྱེད་ཀྱི་ཡོའོ་རེད་གསུངས་ཀྱི་ཡོའོ་རེད་ད། གཅིག་བྱས་ན་ཕྱི་འབྱོར་བྱེད་ཀྱི་ཡོད་འགྲོ། ཡིན་ནའི་ལས་ཀ་འདིའི་ཅིག་སླེབས་ཚར་དུས། འོང་སྤོ་བོ་གི་ལས་ཀ་དྲག་དྲག་བྱེད་ཀྱི་ཡོའོ་རེད།
- ཁདཱ། ཆེད་ལས་དེ་ཡག་ག་མི་དགོས་ཡག་ག་ཚོད་ཡོད་ཟེར་ནའི་ལས་ད་དངོས་གནས་ཡིན་སྤྱོད་པ་དེ་ འདྲས་ཅིག་ཁྱེར་ཡོང་བྱས་ལས་ཁུངས་ནང་ལ་ཕྱག་ལས་གནང་ག་ཕེབས་པ་ཡིན་ན། ང་ཚོ་མི་དོ་རྣམས་་དེ་གས་དེ་ལ། ཡག་པོ་ཁྱོན་ནས་ཡོང་ཡས་མི་འདུག ད་འདི་རྒན་ལགས་ཁྱེད་རང་གས༼གིས༽མི་ངོ་བསུ་གནང་ཀ་ཕེབས་ཀྱི་ཡོད་ན་འདྲ། ག་རེ་ཡིན་ནའི་ད་འདི་ངས་ཞུས་ཚོད་ཐིགས་མ་སོང་།་ད་འདི་གང་་ལྟར་ང་ཚོའི་ཐག་གཅོད་དེ་ནི་འདུག་བཟོ་བཅད་པ་ཡིན།
- ཁཨ་ནི་རྒན་ལགས་ཁྱེད་རང་གས༼གིས༽་འོང་ད་དུང་གཅིག་མཁྱེན་ཡོའོ་མ་རེད། ཁ་སང་། ང་ཚོས་དེ་བྱེད་དགོས་ཡས་དེ། སྤོ་བོ་གས༼གིས༽མིའི་མགོ་ལ་ཤེལ་དམ་བཞུས་བྱས། མིའི་མགོ་ལ་རྨས་སྐྱོན་བཟོས་བྱས། ད་ལྟ་སྨན་ཁང་ནང་ནས་འདོན་རྒྱུ་རེད།
- ཀརེད་པས།
- ཁའོང་ལགས།
- ཀད་དེ་ངས་ཧ་གོ་མ་བྱུང་། དངོས་གནས་དེ་འདྲས་ཡིན་ན།
- ཁམི་ནང་མི་ཡོང་བྱས་ང་ཚོ་ཡ་རྩད་གཅོད་བྱེད་ཀ་ཡོང་གི་ཡོའོ་རེད། ཁྱེད་རྣམ་ཚོས་ཐག་གཅོད་གནང་གི་རས༼རེད༽མ་རས༼རེད༽ཟེར། དེ་རེད། ཐག་གཅོད་ནན་པོ་མ་གནང་པ་ཡིན་ན།
- ཁང་ཚོས་རིམ་པ་གོང་མ་ཞུས། དེ་ནས་མ་སོང་ན་ང་ཚོས་ཁྲིམས་ལ་གཏུག་བྱས། སྐད་ཆ་བཤད་ཀྱི་ཡིན་ཟེར་གྱི་ཡོའོ་རེད།
- ཁད་འོ་ན་ང་ཚོ་དེ་ཨེ་འདྲས་ཟེར་བྱས་བྱས། གོ་རྒྱུ་ཚོར་རྒྱུ་མེད་པ་ཅིག་བསྡད་བསྡད་ན་ལན་པོ་ཡོའོ་རེད་པས།
- ཀད་ལབ་ཡས་ཟེར་གའི་བྱུང་མ་སོང་། ད་འོ་ན་དེ་ངས་དངོས་གནས་ཧ་གོ་བྱུང་དེ་འདྲས་ཡིན་ན། ད་ཡིན་ནའི་དེ། ང་རས༼རང་གིས༽སེམས་ལ་ཏིག་ཙ༼ཙམ་༽འདྲ་ཅིག་ད་གང་འདྲས་གནང་པ་ཡིན་ནམ་བསམས། ད་པུ་གུ༼ཕྲུག་གུ༽ལོ་ཆུང་ཆུང་རེད་པ། ཨ་ནི་སློབ་གསོ་རང་གནང་ན་ཡག་པོ་ཡོའོ་རེད། དེ་ནས་ག་རེ་ཟེར་དགོ་རས༼རེད༽ཐ་ཚིག་ཅིག་བསྒྲགས་པ་ཡིན་ནའི་ང་མོས་མཐུན་ཡོད།ཏིག་ཙ༼ཙམ༽ཅིག་ལྗིད་དྲག་པའི་བཟོ་འདྲ་ཅིག་མཐོང་སོང་དའི།
- ཁཨོའོ་ད་དེ།
- ཀཐབས་ཤེས་ཡོའོ་མ་རེད། ད་གཡུག་ཤོག་གནང་། གཡུག་ཤོག་གནང་། གཅིག་ནས་ཐག་གཅོད་ཡའི་གནང་ཚར་བཞག ཐེལ་ཙའི་བསྐྱོན་ཚར་ཤག ཨོའོ་ཁོའོ་སོ་སོའི་ནང་ལའི་ཁྱབ་བསྒྲགས་གནང་ཚར་ཤག ང་ཏིག་ཙ༼ཙམ༽ཅིག་གི་ཨ་ལས། ག་རེ་ཟེར་དགོས་རེད་པས། ང་རའི༼རང་གི༽སེམས་ལ་ཏིག་ཙ་༼ཙམ༽ཅིག་ཐལ་པ་མི་འགྲོ་བསམས་བྱས། དེ་ལ་ཡ་དེ་ཅིག་གནང་རྒྱུ་ཡོད་ན་བསམས་བྱས་ཡོང་པ་རེད། ད་མི་ཚར་ས་ཚར་ཐག་གཅོད་གནང་ས་གནང་། ཡིག་ཆ་བཀྲམ་ས་བཀྲམ་པ་རེད། ད་ཁོ་རའི་མི་ཐལ་ཆེ་པ་རེད། རྒྱག་རེས་ཨེ་འདྲས་བརྒྱབ་པ་ཡིན་ན། བྱས་ན་ང་ལའི་ཞུ་ཡས་གའི་མི་འདུག
- ཀད་ད་ག་རེད། ད་འགྲོ་གི་ཡིན།
- ཁལགས།
- ཀད་བཞུགས་གོ
- ཁད་ཨ་ལས། ཕེབས་གོ
- ཀད་རླུང་ལངས་སོ།