Video Overview
འདི་ནི་ཁྱིམ་ཚང་གི་བུ་ཞིག་ལ་ཁྱི་གུ་གྲོགས་པོ་ཞིག་ཡོད་པར་ཉིན་ཞིག་ཁོ་གངས་སྲུབས་སུ་ལྷུང་བས་ཁྱི་གུས་བསྐྱབས་པའི་གཏམ་རྒྱུད་ཅིག་ཡིན།
- སྒྲོལ་མ་མཚོ།གནའ་ཞིག་ལ་ས་ཆ་ཞིག་ན་ཁྱིམ་ཚང་ཞིག་ལ་བུ་ཞིག་ཡོད།
- བུ་དེར་རྩེད་རོགས་ལ་ཁྱི་ཞིག་ཡོད།
- བུ་དེ་ཉིན་རྒྱུན་ཁྱི་དེ་དང་མཉམ་དུ་རྩེད།
- འཚར་ལོངས་བྱུང་ནས།
- ཁྱིམ་ཚང་དེའི་བུ་དེ་འཚར་ལོངས་བྱུང་ནས་ཁྱིམ་ཞིག་བཅོས།
- ཉིན་ཞིག་ལ་ས་ཆ་དེར་ཁ་བ་བབས་ནས།
- ཤིན་ཏུ་གྲང་པས་ཟོག་ཚང་མ་དེད་སོང་།
- བུ་དེ་ཟོག་བཙལ་དུ་སོང་།
- ཟོག་བཙལ་དུ་སོང་ནས་སེམས་ཅན་ཚང་མ་ཕྱིར་ཡོང་བ་རེད།
- ཁོ་ཕྱིར་ཡོང་རྒྱུ་མེད་པ་རེད།
- ཁྱིམ་ཚང་དེས་སེམས་འཁུར་བྱས་ནས།
- ཡུན་རིང་ཞིག་ལ་བཙལ་རུང་བཙལ་ནས་མ་རྙེད་པར།
- བླ་མར་ལུང་བསྟན་ཞུས་ནས་རིམ་གྲོ་སྒྲུབ་ནས།
- བླ་མར་ལུང་བསྟན་ཞུས་ན་ཤི་མེད་གི་ཟེར།
- བཙལ་ནས་རྙེད་རྒྱུ་མེད།
- ཅི་ལྟར་བཙལ་ཀྱང་རྙེད་རྒྱུ་མེད།
- དེ་ལྟར་ལོ་གཅིག་གཉིས་འགོར་སོང་ནས།
- ཉིན་ཞིག་ལ་ཁོང་ཚང་གི་ཁྱི་ཞིག་ཡོད།
- ཁྱི་ལྟོ་ཞིག་བླུད་ནས།
- ཁྱི་ཡིས་ཁྱི་ལྟོ་འཐུང་ནས་བུད་སོང་།
- བུད་སོང་ན་ཡང་ཉིན་འགའ་ལ་ཕྱིར་ཡོང་རྒྱུ་མེད་པ་རེད།
- ཡང་ཕྱིར་ཡོང་དུས་ཁྱི་ལྟོ་ཞིག་བླུད་ན་ཡང་བུད་འགྲོ།
- ཁྱིམ་ཚང་དེའི་འདི་ཅི་ཞིག་ཡིན་འདོད་ནས།
- ཁྱི་དེའི་རྗེས་དེད་ནས་སོང་།
- སོང་དུས་ས་ཆ་ཐག་རིང་ཞིག་ན།
- དར་ལ་སེར་ཁ་གས་ནས།
- ཁྱི་དེས་ཁ་བའི་ནང་དུ་ཟོག་ཤི་ཡོད་པ་དག་གི་ཤ་བཏུས་ནས།
- དར་དེའི་གསེང་དུ་འཕེན་བཞིན་ཡོད།
- འདིས་རྒྱུན་དུ་དར་གསེང་ལ་ཤ་འདི་འཕངས་ནས་ཅི་ཞིག་བྱེད་བསམ་ནས།
- ཁོ་ཚང་གིས་ཅི་འདྲ་གང་འདྲ་འདོད་ནས།
- ཐག་པ་རིང་པོ་ཞིག་མཐུད་ནས་དར་གསེང་ལ་སོང་དུས།
- ཁོང་ཚང་གི་བུ་དར་གསེང་དེར་ལྷུང་ནས།
- ཤི་མེད་པར་དབུགས་ཁམ་གང་ཡོད་པ་རེད།
- དེ་ནས་ཁྱི་ཡིས་ཤ་འཕངས་ནས།
- ཤ་འཕངས་ནས།
- བུ་དེས་ཁྱི་ཡིས་འཕངས་བའི་ཤ་ཟོས་པས་ཁོ་མ་ཤི་བ་རེད།
- དེ་ནས་ཁོང་ཚང་གིས་བུ་དེ་ཕྱིར་བླངས་ནས།
- དེ་ནས་བུ་དེ་སོས་པ་རེད།
- ཁྱིམ་ཚང་དེས་ཁྱི་དེ་ལ་ཁྱི་ལྟོ་བླུད་ནས།
- ཁྱི་ལྟོ་བཟང་པོ་ལྡུད་དགོས།
- ངོ་མའི་ཁྱི་ལ་ཁྱི་ལྟོ་བཟང་བོ་ལྡུད་དགོས།
- ད་བར་ང་ཚོ་བོད་ཀྱིས་ཁྱི་ལྟོ་དེ་ལྟར་ལྡུད་པ།
- ཁྱི་ལྟོ་བཟང་བོ་ཞིག་ལྡུད་དགོས་ཟེར་བ་དེའི་རྐྱེན་ཡིན།