17 Aug 2018
6 min 4 sec
Video Overview
Creators:
Dudul Dorjee, Tibetan & Himalayan Library
འདི་ནི་མི་ཞིག་བཙན་གྱིས་ཁྱེར་ནས་བཙན་དག་གིས་མི་ལ་གནོད་བྱེད་སྐབས་སྔགས་པ་ཞིག་གིས་བཙན་དེ་དག་བཟུང་ནས་ཁོ་ཕྱིར་བཏང་བའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་མི་ཞིག་བཙན་གྱིས་ཁྱེར་བར་བཙན་དེ་དག་གིས་ཁྱིམ་ཚང་ཞིག་ལ་གནོད་བྱས་ཏེ། བཙན་གྱིས་ཁྱི་བཏང་བར་ཕྱུགས་རྫིས་བསད་པར་བཙན་གྱིས་བུ་དེ་འཕྲོག་པ་ན། ཁྱིམ་ཚང་དེས་སྔགས་པ་ཞིག་བོས་ཏེ་དེས་བཙན་འགོག་གི་ཆོ་ག་སྤེལ་ནས་བཙན་དག་བཟུང་བ་དང་མི་དེ་རྩམ་པས་བྱས་པའི་རྟ་ཞིག་དང་མཉམ་དུ་ཕྱིར་མི་ཡུལ་དུ་འཕངས་བྱུང་།
这是一则关于一个男人被厉鬼带走,正当那些厉鬼准备杀害他的时候,一位咒师捉住那些厉鬼并解放了那个男人的故事。
这个故事主要讲述了一个男人被厉鬼带走,并危害他的家人。厉鬼放狗伤人,但狗被善良的牧人杀死。厉鬼又抢走了那家的儿子。无奈,那家人请来咒师降服厉鬼。咒师通过仪轨捉住了厉鬼并将那位被厉鬼捉去的男人同一匹用糌粑制作的马送回了人间。
The story of a man taken away by a demon, who is saved by an exorcist.
- ཚེ་བདག་རྒྱལ།དེང་མ་ཞིག་ལ།
- བཙན་ཟེར་བ་དེས་མི་ལ་གནོད་པ་སྐྱེལ་ནས།
- རྗེས་ནས་བུ་ཞིག་བཙན་གྱིས་ཁྲིད་སོང་།
- བཙན་གྱིས་ཁྲིད་ནས་སོང་སྟེ།
- ཁོ་བཙན་དེས་ཁྲིད་ནས་ས་ཆ་གང་མང་ལ་སོང་ནས།
- སེམས་ཅན་ལ་ངན་བཅོས་པ་རེད།
- ཉིན་ཞིག་ལ་ལུག་མང་ཞིག་གི་རྗེས་ན།
- བུ་ཞིག་གིས་མེ་མདའ་འཁུར་ནས་ལུག་འཚོས་ནས་བསྡད་ཡོད།
- དེ་ནས་ཆེ་བ་དེས་ཨ་རོད་དེ་རིང་ང་ཚོས་ཆུ་འཐུང་།
- ཆུ་འཐུང་ནས་ང་ཚོར་ཟ་རྒྱུ་ཞིག་དགོས་པ་རེད་ཟེར།
- དེ་དུས་ལུག་དེའི་ནང་དུ་སྤྱང་ཀི་ཞིག་རྒྱུགས་པ་རེད།
- ཁོས་བལྟས་ནས་བསྡད་པ་རེད།
- རྒྱུགས་ནས་དེ་དུས་ལུག་རྫི་དེས་མེ་མདའ་བཟུང་ནས།
- རྒྱུགས་ནས་སྤྱང་ཀི་ལ་བརྒྱབ་སྟེ་བསད་པ་རེད།
- བསད་ནས་ང་ཚོའི་ཆུ་བསད་པ་རེད་ཟེར།
- མ་འགྲིག་པ་རེད།
- གན་ན་བཤགས་པ་བཏོན་ཟེར།
- དེ་ནས་ལུག་རྫི་མར་རྒྱུགས་ནས་ཡོང་དུས།
- ཐག་པ་ཞིག་འཕངས་ནས་བསྐོན་པ་རེད།
- དེ་དུས་ཐང་ལ་འགྱེལ་ནས།
- ཕྱིར་འཁོར་ནས་ལངས་ཏེ་ཆུ་མ་ཞིག་བཏབ་ནས།
- ཐག་པ་རྐང་མགོ་ནས་ཡར་ནས་བུད་སོང་།
- དེ་དུས་ཡང་བསྐྱར་ལངས་ནས་རྒྱུགས་དུས།
- ཡང་ཐང་ལ་འགྱེལ་ནས་ཐག་པ་འཕངས་ནས།
- ཡང་རྐང་མགོ་ནས་ཐག་པ་ཡར་སོང་།
- དེ་དུས་ཡང་བསྐྱར་ལངས་ནས་རྒྱུགས་ནས།
- ཡང་ཐག་པ་འཕངས་དུས་ལངས་རྒྱུ་མེད་པ་རེད།
- ཐག་པ་རྐང་མགོ་ནས།
- མཛུབ་གུ་ཞིག་གི་མགོ་ནས་མ་ཕུད་པ་རེད།
- དེ་ནས་ལངས་རྒྱུ་མེད་པ་རེད།
- དེ་ནས་ཡུལ་གྱི་མི་བདག་ཡོང་ནས།
- ཡོང་ནས་རྟ་ཡི་གོང་ལ་བཞག་ནས་ཁྱེར་ནས་བུད་སོང་།
- ཁྱིམ་ཚང་ངོ་མས་ཕྱུག་པོ་ཞིག་ཡིན།
- ཡ་ད་ལྟ་ཡིན་ངེད་ཚོའི་བྱ་བ་ལམ་འགྲོ་རེད།
- ངེད་ཚོར་ཟ་རྒྱུ་ལག་ཏུ་ཡོང་བ་ཡིན།
- ཚང་མས་དེ་ལྟར་བཤད་པ་རེད།
- ཁོ་གམ་དུ་ཡོད་པ་རེད།
- ཁོ་མི་ཡིན་པ་རེད།
- ཚང་མ་ཡང་ཁོས་བལྟས་ན་མི་ཡིན་པ་རེད།
- དེ་ནས་རྟ་ཞིག་ཁྲིད་ནས་བུད་ཐལ།
- བར་ཞིག་ལ་བསྔགས་པ་ཞིག
- རྭ་བ་ལྕི་མོ་ཅན་ཞིག་གིས་རྔ་བཟུང་ནས།
- རྐང་དུང་བཟུང་ནས།
- དེ་འདྲ་ཞིག་ཁྲིད་ནས་ཐོན་པ་རེད།
- ཁྲིད་ནས་ཡོང་སྟེ་དེའི་བར་ནས་རིམ་གྲོ་སྒྲུབ་པ་རེད།
- རིམ་གྲོ་སྒྲུབ་ནས་འདོན་བཞིན་ཡོད།
- ང་ཚོ་འགྲོ་དང་ང་ཚོར་ཟ་རྒྱུ་ཡོད་པ་རེད།
- ཁོང་ཚོ་སོང་ནས་དེ་ཚང་གི་འདབས་ནས།
- ཁོང་ཚོས་བལྟས་ནས་བསྡད།
- ཁོ་ཡང་དེ་ལྟར་བསྡད་པ་ཡིན།
- དེ་ནས་གཏོར་མ་བཅོས་ནས།
- དེ་ནས་བཅོས་ནས་བར་ཞིག་ལ།
- བསྔགས་རྒན་གྱིས་བཏོན་ནས་དེ་ལྟར་བྱས་ཏེ།
- ཁོང་ཚོར་ཁྱོད་ཚོར་ལུང་བ་གན་གི་ནང་ན་ནོར་ཡོད།
- གན་ཁྱོད་ཚོར་བྱིན་པ་ཡིན།
- ནོར་ཚང་མ་ནག་ནག་སེ་བསྡད་ཡོད།
- ལུང་བ་གན་གི་ནང་ན་ལུག་ཡོད།
- གན་ཁྱོད་ཚོར་བྱིན་པ་ཡིན།
- ལུག་དཀར་སེར་བསྡད་ཡོད།
- དེ་ནས་རྟ་ཞིག་ཁྱེར་ནས་ཡོང་སྟེ།
- སྒོ་ཁ་ནས་བཏགས་ནས།
- རྟ་ལ་སྒ་བསྟད་ནས་དེ་ལྟར་བྱས།
- དེ་དུས་བསྔགས་རྒན་གྱིས་བཏོན་པ་རེད།
- བཏོན་ནས་རྔ་མ་བུད་པའི་ཚད་ལ།
- རྐང་དུང་གིས་ལག་མཐིལ་ལ་རེ་རེ་བརྒྱབ་ནས།
- གཅིག་རེ་གཅིག་རེ་ཡར་སོང་།
- དེ་ནས་དེ་རེད།
- གན་གྱིས་འདི་འདྲའི་མང་པོ་ཞིག
- ནོར་མང་པོ་གན་འདྲ་ཞིག་ཁོང་ཚོར་བྱིན་ནས།
- བར་ཞིག་ལ་ཁོ་ཡང་གར་སོང་མ་ཤེས་པར།
- དེ་ནས་མེད་སོང་།
- དེ་ནས་ཁོང་ཚོ་ཡིན་རྒྱུ་ན་མཉམ་དུ་ཡོད་དུས།
- ལུང་བ་གན་གི་ནང་ན་ལུག་ཡོད།
- གན་གི་ནང་ན་ནོར་ཡོད་ཅེས།
- གང་ཞིག་ལ་འཁོར་ནས་མེད་སོང་།
- དེ་ནས་ཁོ་ཐང་ལ་འཕངས་འདུག
- ཁོའི་རོགས་པ་དེ་ཚོ་མེད་པ་རེད།
- ལུག་ནོར་དེ་ཚོ་ཡང་ས་ཆ་ན་མེད་པ་རེད།
- ཁོའི་གམ་ན་ཅི་ཞིག་ཡོད་ཟེར་ན།
- ཤར་བརྩིགས་དཀར་ནག་ཅིག་ཡོད།
- རྩམ་པ་ཡི་རྟ་ཞིག་བཅོས་ནས།
- ཐོག་ཏུ་འབྲུ་ཞིག་འཕངས་ནས་བསྡད་ཡོད།
- གོང་གི་ལུག་མང་པོ་དང་རྟ་བཟང་བོ་དེ་རེད།
- ཁོའི་རོགས་པ་ཚོ་གར་སོང་མི་ཤེས་པ་རེད།
- དེ་ནས་ཁོ་ལྡོམ་ནས་ཕྱིར་སྐོར་ནས་ཡོང་དུས།
- ཁྱིམ་ཚང་དེར་ཐོན་དུས།
- ཁྱོད་ཅི་ལྟར་ཡོང་བ་ཡིན་ཟེར་ནས།
- ཁོ་དེ་ལྟར་བསྡད་ནས་དེ་ཚོས་ཁྲིད་ནས་བུད་སོང་།
- ཁོ་ངོ་མས་མི་ཞིག་ཡིན།
- དེའི་རྒྱུ་མཚན་མཐའ་དག་བཤད་ནས།
- རྗེས་ནས་ང་ཚོས་ཐང་ལ་འགྱེལ་ན།
- ཕྱིར་འཁོར་ནས་ཆུ་མ་འདེབས་པ་དེའི་དོན་ཡིན།
- ང་ཚོས་ཁ་ཏོན་དང་དེ་འདྲ་བྱས་ཡོད་པས།
- ཁོ་ཡིས་ངན་བཅོས་ན་ཡང་།
- རྐང་མགོ་ནས་ཕུད་འགྲོ་བ་རེད།
- རྒྱུ་མཚན་དེ་འདྲ་ཞིག་རེད།