Video Overview
The song Aalo originated from Shumar Gewog and was composed and sung by Aum Tshering Chozom to share about her childhood suffering as someone's servant. This Aalo was frequently sung when she was a young girl to let others see her suffering. Even today she sings this Aalo when she is in need of consolation. She is the only one who sings this Aalo in her village.
གླུ་གཞས་ཨ་ལོ་འདི་ པད་མ་དགའ་ཚལ་རྗོང་ཁག་ ཤུ་མར་རྒད་འོག་ལས་ཨམ་ཚི་རིང་ཆོས་འཛོམས་གིས་བརྩམས་གནང་ཡོདཔ་མ་ཚད་འཐེན་འདི་ཡང་ཡོདཔ་ཨིན་མས། གླུ་གཞས་འདི་ནང་མོ་ཨ་ལུའི་གནས་སྐབས་ལུ་ རོགས་ཀྱི་བྱ་རོགས་འབད་སྡོད་པའི་སྐབས་ སྡུག་བསྔལ་མྱོང་བའི་སྐོར་ལས་ཨིན་མས། གླུ་གཞས་འདི་ཧེ་མ་མོ་ཆུང་ཀུ་འབད་སྡོད་པའི་སྐབས་ མི་གཞན་གི་མོ་གི་གནས་སྟངས་ཤེས་བཅུག་ནིའི་དོན་ལུ་འཕྲེལ་འཕྲེལ་ར་འཐེནམ་ཡོདཔ་ཨིན་མས། ཨིན་རུང་ད་ལྟོ་ཡང་ མོ་སེམས་སྐྱོ་བའི་སྐབས་དང་སྡུག་བསྔལ་ཚུ་ཞི་ནིའིདོན་ལུ་ གླུ་གཞས་འདི་འཐེནམ་ཨིན་མས། གཡུས་འདི་ནང་གླུ་གཞས་ ཨ་ལོ་འདི་འཐེན་མི་མོ་ར་རྐྱངམ་ཅིག་ཨིན་མས།
- Pemagatshel
- Shumar
- ཚེ་རིང་ཆོས་འཛོམས་Tshering Chozom: ཨ་ལོ་ལ་ལ་ལས་ཨ་མ། །མ་ལ་ལ་ཕེ་ལོ་ལ་ཤོ་ནང་། ། ཨ་ལོ་ལ་ལ་ལས་ཨ་མ། །སེམས་མི་དགའ་བས། །
- ཚེ་རིང་ཆོས་འཛོམས་Tshering Chozom: སྐྱེ་བས་མི་དང་མཉམ་པ། །ཨཔ་བསོད་ལ་བསོད་ནམས་མ་མཉམ། ། སྐྱེས་པས་མི་དང་མཉམ་རུང་། །ཨཔ་བསོད་བསོད་ནམས་མི་མཉམ་པས། །
- ཚེ་རིང་ཆོས་འཛོམས་Tshering Chozom: སྤྲང་མོ་ལ་ཉི་མིན་ད་ཟ། །ཚེ་སྔོན་ལ་ལས་རང་གི་དུ། ། སྤྲང་མོ་བུམོ་ཅུང་། །ཚེ་སྔོན་ལས་རང་ཨིནམ་འོང་། །
- ཚེ་རིང་ཆོས་འཛོམས་Tshering Chozom: ཆུང་ཆུང་ཕ་མས་གསོས་ཀྱང་། །སྦོམ་སྦོམ་ལ་མི་ག་གཡོག་པ།ོ ། ཆུང་ཀུའི་བསྒང་ཕམ་གིས་གསོ་རུང་རང་། །སྦོམ་ཚེ་མི་གི་གཡོག་པོ། །
- ཚེ་རིང་ཆོས་འཛོམས་Tshering Chozom: སྤྲང་མོ་ཇང་ད་ཟ་ཏེ། ། སྤྲང་མོ་ང་ད་ཟ་འདི། །