29 May 2019
13 min 47 sec
Video Overview
Creators:
Tsering Gyel, Tibetan and Himalayan Library
A demonstration of how to make a Tibetan women's robe in Tsekhok.
བྱེ་བྲག་རྩེ་ཁོག་ས་ཆའི་མོ་ལྭ་བཟོ་ཚུལ་ཞིབ་ཏུ་བསྟན་པ།
མི་རིགས་རང་གི་ཁྱད་ཆོས་གྱོན་པའི་རྒྱུན་གྱི་སྲོལ་མ་དོར་བའི་རྨང་གཞིའི་སྟེང་རྩེ་ཁོག་ས་ཆའི་ལུགས་ལྟར་བཟོས་པའི་མོ་ལྭ་ཞིག་ཡིན། ཁྱད་ཆོས་གཙོ་བོ་ནི་ས་ཆ་འདི་འབྲོག་ཕྱོགས་ས་ཆ་ཡིན་པས་ལྭ་བ་གང་ཡིན་ཡང་རུམ་ཆེ་བ་དང་ཕུ་རུང་ཆེ་ལ་རིང་བ་དེ་རེད།
详细解说泽库地区的女士服装制作方式。
以藏族传统的服装制作方式为基础,同时用突出了泽库地区的特色,主要为衣腰宽大,两袖宽大而长。
- བཤད་མཁན་དང་པོ།མི་རིགས་ཤིག་གི་རྒྱན་གོས་ལས་མི་རིགས་དེའི་ཁྱད་ཆོས་དང་།
- ཡུལ་སྲོལ་གོམས་གཤིས།
- ཆོས་ལུགས་དད་མོས།
- དགའ་ཁ་ཁྱེར་ཕྱོགས།
- རིན་ཐང་ལྟ་ཚུལ་སོགས་མཚོན་ཐུབ་པར་མ་ཟད།
- མི་རིགས་དེའི་ལོ་རྒྱུས་ཀྱི་རྒྱུན་རིང་བོ་ཞིག་ཀྱང་དངོས་ཕུགས་གང་རུང་ན་བསྟན་ཡོད།
- བོད་མི་རིགས་ལ་མཚོན་ན།
- ས་རྒྱ་ཆེ་ཞིང་སྡོད་མི་ཐར་ཐོར་ཡིན་པ།
- ས་ཁུལ་དང་ས་ཁུལ་གྱི་བར་ཐག་རིང་བ།
- རི་ཆུ་ནགས་གསུམ་གྱིས་བར་ཆོད་པས།
- འགྲིམ་འགྲུལ་གྱི་སྟབས་མི་བདེ་བ་སོགས་ཀྱིས།
- མི་རིགས་ནང་ཁུལ་གྱི་ས་ཆ་སོ་སོར་ཡང་།
- རྒྱན་གོས་མི་འདྲ་བ་ཁ་ཁ་སོ་སོ་ཡོད།
- རྩེ་ཁོག་ས་ཆའི་གྱོན་ཆས་ལ་མཚོན་ན།
- ཨ་མདོ་དང་དབུས། ཁམས།
- མདོ་དབུས་ཁམས་གསུམ་གང་ལའང་གཏོགས་པའི་ཁྱད་ཆོས་ཡོད་པ་དང་།
- དུས་ཀྱི་ཆ་ནས་དབྱེ་ན།
- དབྱར་ལྭ་དང་དགུན་ལྭ།
- ཕོ་མོའི་ཆ་ནས་དབྱེ་ན་ཕོ་ལྭ་དང་མོ་ལྭ།
- ལས་རིགས་ཀྱི་ཆ་ནས་དབྱེ་ན།
- རོང་ལྭ་དང་འབྲོག་ལྭ་བཅས་ཀྱི་ཁྱད་པར་ཡོད།
- དེ་བཞིན་རྩེ་ཁོག་ས་ཆའི་བོད་ལྭའི་ཁྱད་ཆོས་གཙོ་བོ་ནི།
- ཕུ་ཐུང་རིང་ཞིང་འཁོབ་ཆེ་བ།
- རྒྱུན་པར་ལྭ་བ་བྱེད་ཆོག་པ་དང་།
- མཚན་མོ་ཉལ་དུས་ཉལ་ཐུལ་གྱི་གོ་ཡང་ཆོད་པས།
- ཁྱད་ཆོས་མང་པོ་ཞིག་ལྡན།
- གཤམ་དུ་རྩེ་ཁོག་ས་ཆའི་ཕོ་ལྭ་དང་མོ་ལྭ་གཉིས་ཀྱི་བཟོ་སྟངས་དང་།
- སྤྱོད་སྟངས་ཀྱི་ཆ་ནས་རྒྱུས་ལོན་རགས་བསྡུས་ཤིག་བྱ།