Skip to main content Skip to search
01 Sep 2018
56 min 18 sec
Video Overview
Creators: 
Penchela

A man Tshewang Namgyal from Khar gewog in Pemagatshel. He learned this skill of making trumpet from Tongphu Lama when he was just eleven years. Pemagatshel is famous for its artisan in making trumpet and fetch high priced and sold throughout the Bhutan. 

༉  པདྨ་དགའ་ཚལ་མཁར་རྒེད་འོག་ནང་ལས་གཞི་གསར་ནང་འོང་མི་ རྩི་རང་རྫོང་ཁག་མནྡྲལ་སྒང་ལས་ ཚེ་དབང་རྣམ་རྒྱལ་འདི་ དུང་དང་རྒྱ་གླིང་བཟོ་མི་ཅིག་ཨིནམ་ད་ ཁོ་ར་སྐྱེས་ལོ་ ༡༡ ལས་ར་ གཏོང་ཕུག་བླམ་ལས་ དུང་བཟོ་ནི་ལྷབ་སྦྱངས་འབད་འབདཝ་ཨིན་པས། པདྨ་དགའ་ཚལ་རྫོང་ཁག་ནང་ དུང་བཟོ་མི་ལག་ཤེསཔ་ལེ་ཤ་ཡོད་པའི་ཁར་ པདྨ་དགའ་ཚལ་པའི་དུང་ཟེར་ ང་བཅས་ར་རྒྱབ་ཁབ་ནང་ཡོངས་གྲགས་ཐོན་ཏེ་ཡོདཔ་ཨིན། དུང་བཟོ་ནི་གི་རྒྱུ་དེ་ཡང་ ཟངས་དམར་དང་ཟངས་སེར་ དངུལ་དང་དངུལ་གསར་ལ་སོགས་པ་ཚུ་གིས་བཟོཝ་ཨིནམ་ད་ དུང་གི་རིང་གོང་ཡང་ རྒྱུ་ལེགས་ཧིང་དང་བཟོ་རྣམ་པ་ཏྲ་རྒྱས་བསྡུས་ཀྱི་ཁྱད་པར་དང་འཁྲིལ་ཏེ་ཡོདཔ་ཨིན་པས།

Transcript search
No results found for this search
0 of 0
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ང་པདྨ་དགའ་ཚལ་རྫོང་ཁག་ མཁར་རྒེད་འོག་ལས་ཨིན། ང་ར་ཤིམ་ཐིང་ལུ་སྦོམ་སྦོམ་ཨིན་ སྐྱེ་ལོ་ ༡༩ འབདཝ་ད་ རྩེ་བར་ལུ་ལྷོད་ཅི་ རྩེ་བར་ལུ་ ཏོང་ཕུག་བླམ་གི་ཕྱག་ཞུ་སྟེ་ ལོ་ ༡༡ སྡོད་ཅི།
    From Pema Gysethel Khar Gewog. I am brought up in Shimthing. From the age of ninten reach to Tshebar. In Tsebar i stayed under Tongphu lama. I stayed with lama for eleven years.
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    བླམ་དང་ཕྱག་ཞུ་སྡོདཔ་ད་ བླམ་གསུངས་ཞིན་ན་ང་གིས་ལྷབ་ཅི། བླམ་དང་གཅིག་ཁར་ལོ་ ༡༣ དུང་བཟོ་ནི་གི་ལཱ་འབད་སྡོད་ཅི་ འ་ནཱི་འདི་ དངུལ་གསར་ཨིན། ཟངས་དམར་འདི་ དམརཔོ་འོང་ དམརཔོ་དང་ ཟངས་སེར་འདི་རྫོགས་སོང་ནུག།
    When i was staying with lama, Lama said,"you have to learn it" so i learn it too. I had been working this for thriten years i mean bronze casting. This white is new silver. The red bronze is red and yellow bronze too. This is white, red and yellow is finished.
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ང་སྐྱེ་ལོ་ ༣༣ ཚེ་དབང་རྣམ་རྒྱལ་ཨིན། དུང་གི་མཇུག་འདི་༼ར་ཅི༽་ཨིན། འ་ནཱི་འདི་བསྡམ་ཏེ་མེ་བཏང་དགོ། སྦུག་གི་འདི་༼བར་གླང་༽་ཨིན། ངེད་ཀྱི་ལྕགས་ཀྱི་ དུང་ཅུང་འདི་ཚུ་ ལཱ་འབད་དེ་ཧུམ་ཆི་ཆི་ཡར་སོང་ཡི།
    I am 33 years and my name is Tshewang Namgyel. This is the base (RACHI)of trumpht. The base should be tied, later we will heat it. This is callled middle (BAR LANG). My iron pipe has became smooth due to works.
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    འདི་ལྕགས་དཀྱི་ཟེར་སླབ་འོང་ལགས་ འདི་བསྡམ་ནིའི་དོན་ལུ་ཨིན།
    This is iron thread. it is used for tieing it.
  • དཔོན་ཆེན་ལ་ Penchela
    བསྡམ་དགོ་པའི་ཁུངས་འདི་ག་ཅི་སྨོ?
    Why it is tied?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    བསྡམ་དགོ་ཁུངས་ག་ཅི་སྨོ་ཟེར་བ་ཅིན་ རང་ལུ་སྤྲོ་བ་དང་དང་འདོད་ཡོད་པ་ཅིན་ཤེས་པས་མེན་ན་ག་ནི་ཡང་ ཧེ་མ་འདི་ལཱ་ཁག་རྐྱབ་ཅི་མས་ལགས་ དེ་འབདཝ་ད་ཤུལ་ལས་ང་རའི་རྩ་བ་བླམ་གྱིས་ ང་བཅས་སློབ་ཕྲུག་དང་ དགེ་སློང་ཚུ་ལུ་སྟོན་གནང་ཡི་ ཨིན་རུང་རང་ལུ་ སྟབས་མ་བདེཝ་ཐོན་ཡོདཔ་ལས་ འཐོན་འོང་ཡི་ བླམ་གྱི་ཕྱག་ཞུ་མ་ཚུགས། མཆོད་ཆས་བཟོ་ནི་གི་ལཱ་འདི་ ལེགས་ཤོམ་ཨིན་ཟེར་གསུངམ་ལས་ སྤྲོ་བ་སྐྱེད་ཅི། ཤ་དང་ཉ་བཟུང་ནི་འདི་ མ་ལྷབ་པ་རང་སྦྱང་ཚུགས་པས། དེ་འབདཝ་ད་ དུང་བཟོ་ནིའི་ལཱ་འདི་ ལོ་ ༡ དང་ ཟླཝ་ ༣ ལྷབ་ཅི་ མ་གཞི་ཟླཝ་ ༣ ནང་རང་སྦྱང་ཚུགས་ ཨིན་རུང་དེ་བསྒང་ལེགས་ཤོམ་སྦེ་བཟོ་མི་ཚུགས།
    I learned it because of my interest. if we have interset we can learn but it is difficult in begaining. So my Lama taught to us. Then after learning due to personal problem i did not stay with him. He said making holy things are good so we learned it. So hunting and fishing is we can know without learning. I have learned for one year and three months. we can learn in one year fully but after three months we can do basic. but it will not be standared one.
  • དཔོན་ཆེན་ལ་ Penchela
    ཁྱོད་ཀྱིས་དུང་རྐྱངམ་གཅིག་བཟོཝ་སྨོ་གཞན་རྒྱ་གླིང་ཡང་བཟོ་ནི་ཡོད་ག?
    Do you make only Trumphet or others like Jaling too?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ང་གིས་རྒྱ་གླིང་ཡང་བཟོཝ་ཨིན་ དེ་འབདཝ་ད་ད་རེས་ནངས་པ་དུང་ལེ་ཤ་བཟོ་ནི་ཡོད། དེ་བཟུམ་སྦེ་ རྐང་དུང་ཡང་བཟོ་ཡི་ དེ་མ་ཚད་སེར་ཏོག་དང་དུང་ཆེན་འདི་ཚུ་ཡང་ བླམ་དང་ཕྱག་ཞུ་སྡོདཔ་ད་བཟོ་ཡི། ད་རེས་ནངས་པ་འདི་ དུང་དང་རྒྱ་གླིང་རྐྱངམ་གཅིག་བཟོ་དོ།
    I make JALING too but this time i got lots of trumphet making. and i make Kangdung too. I have made SERTOG to beferoe. Here there is not need of it thats why i dont do it. I made big trumphets too (Dungchen) when i་was with lama but today i only make trumphets and JALINGS.
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    འཕྲལ་འཕྲལ་མི་ཚུ་གིས་ དཔའ་རྟགས་བཟོ་ནི་ཡོད་ག་ཟེར་དྲི་ནི་འདུག་ དེ་འབདཝ་ད་དཔའ་རྟགས་འདི་ཚར་གཅིག་རང་མ་བཟོ།
    Sometime people ask do i make Knife? But i have never made it one.
  • དཔོན་ཆེན་ལ་ Penchela
    ཨ་ལྕོ་དུང་ལྷམ་པ་ག་དེམ་ཅི་བཟོ་ནི་ཡོད?
    ATA how many types of trumphets you make?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    དུང་ལྷམ་པ་གསུམ་དང་ རྒྱ་གླིང་ལྷམ་པ་གཉིས་ཡོད། འདི་ཡང་པདྨ་དགའ་འཚལ་པའི་བཟོ་བཀོད་འདི་ལུ་ གོང་ཚད་ཡང་ ༨༠༠༠ དང་དངུལ་གསར་དང་ཟངས་ཀྱི་ ༡༡༠༠༠ དེ་ལས་ གཅིགཔོ་ལུ་ ༢༡༠༠༠ ཨིན་ དེ་ཡང་ ཐིམ་ཕུག་བྱ་བབ་ཚུ་གི་བཟོ་བཀོད་ཨིན། འ་ནི་འདི་ པ་ཏྲ་གི་རྒྱན་ཏེ་འོང་།
    I make three different trumphets. JAILING two types. one is our Pema Gytselpai old one, sells at eighten thousand and the silver and red bronze one sells at eleven thousand. And the one cost twenty one thousand. It is made by people of Thimphu, which is covered by craft patterns.
  • དཔོན་ཆེན་ལ་ Penchela
    དུང་གི་གོང་ཚད་འདི་པ་ཏྲ་དང་འཁྲིལ་ཏེ་ཨིན་ན?
    Is the cost of Trumpht depends on patterns?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ཨིན་གོང་ཚད་འདི་པ་ཏྲ་དང་འཁྲིལ་ཏེ་ དངུལ་གསར་ཡང་གོང་མཐོ་མི་འདི་ དངུལ་གྱི་གོང་འདི་ ཟངས་ལས་མཐོ་ནི་འདི་གིས་ཨིན། དངུལ་གོང་ཡང་ ༡༠༥༠ དང་ཟངས་ལུ་འབད་བ་ཅིན་ ༨༥༠ རང་ཨིན་ ལཱ་འབདཝ་ད་ཡང་ དངུལ་འདི་ཟངས་དང་ཕྱདཔ་ད་ལཱ་ཁག་ཡོད། ྄Yes it depends on patterns. This silver one are expensive because it cost more when we buy in market compearing to bronze. It cost thousand fifty in kilo and bronze eight hundered fifty. while workimg also silver is difficult but bronze is eassy.
  • དཔོན་ཆེན་ལ་ Penchela
    དུང་ཆ་གཅིག་བཟོ་ནིའི་དོན་ལུ་ཉིནམ་ག་དེམ་ཅིག་འགོར་འོང་ག?
    How many days it take to make a pair of trumphet?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ངལ་རང་མ་གསོ་བར་བཏང་པ་ཅིན་ པ་ཏྲ་མེདཔ་ལུ་ ཉིནམ་ ༥ དང་ པ་ཏྲ་ཅནམ་ལུ་འབད་བ་ཅིན་ ཉིནམ་ ༡༠ ཡང་འགོར་འོང་།
    If we work nonstop it takes about five days without patterns and with patterns it takes about ten days.
  • དཔོན་ཆེན་ལ་ Penchela
    ཨ་ནཱི་ཐོཝ་འདི་ལྕགས་ཀྱི་མེན་པས་མེན་ན?
    Why it is not metal hammer?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ལྕགས་ཀྱི་མེན་འདི་གླང་གི་རྭཝ་ཨིན།
    It is not metal, its horn of bull.
  • དཔོན་ཆེན་ལ་ Penchela
    ལྕགས་ཀྱི་ག་ཅི་སྦེ་མ་བཟོཝ་སྨོ?
    why it is not made of metal?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ལྕགས་ཀྱི་འབདན་པར་ཐོན་འོང་ གཅིགཔོ་འདི་ཤིང་གི་ཨིན། ཤིང་དང་རྭཝ་གི་ལག་ལེན་འཐབ་མི་འདི་ ཡང་འཕྲོས་འཕྲོས་ཡོད་པའི་ཁར་པར་ཡང་མི་ཐོན།
    If it is metle hammer it will make scars. one is made of wood because wood can be light. If it is metle it will make scars. so thats why metle hammer is not used, we us only wood and horn one.
  • དཔོན་ཆེན་ལ་ Penchela
    དུང་གི་ལཱ་འབད་བའི་སྐབས་ ཧེ་མ་དང་ད་ལྟོའི་བར་ན་ཁྱད་པར་ག་ཅི་འདུག?
    What differences you see about trumphet making?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ཧེ་མ་ང་དགེ་སློང་ནང་ ལོ་ ༨ སྡོད་པའི་བསྒང་ བླམ་སངས་རྒྱས་རྡོེ་ལས་ལྷབ་ཅི། བླམ་གིས་ཟངས་མདོག་དཔལ་རི་དང་ མཆོད་རྟེན་ཡང་བཞེངས་ཡི་ ཁོ་གི་འོག་ལུ་ དགེ་སློང་ཞལ་གྲངས་ ༦༣ ཡོད་ དགེ་སློང་ཚུ་ག་རང་ཁོ་ར་གིས་སྦེ་གསོ་སྡོད་ཅི་ ཁོ་གིས་ལྷབ་ཟེར་གསུང་ནི་ཡོད་དེ་འབདཝ་ལས་ལྷབ་ཅི་ ང་ར་མཚམས་ནང་ལོ་ ༣ དང་ཟླཝ་ ༨ སྡོད་ཅི་ དེ་ལས་ ང་ར་ལུ་ དཀའ་ངལ་ཐོན་ཏེ་ དགོངས་ཞུ་འབད་ཡི།
    Before i was in monk, i stayed there for eight years, there i leanrned it their from our lama. He is called Sangay Dorji. Our lama built Dzangtopelri and stupa. (Jali ka sho) There was sixty three monks. Every expenses are born by lama. He advise us to learn. I have made trumphets and Shir Too and dungchen or big trumphets. I also stayed in meditation for three years and eight months. After that due to personal problem i left monkhood.
  • དཔོན་ཆེན་ལ་ Penchela
    ལཱ་འདི་ད་ལྟོ་ཁྱོད་ར་གིས་འབད་སྡོད་དེ་འདུག་ ཁྱོད་རའི་ཨ་ལོ་ལུ་སྟོན་བྱིན་ནི་གི་མནོ་བསམ་ཡོད་ག་དང་ ཡང་ན་སྟོན་དོ་ག?
    Would you like to teach your chidern or have you started teaching?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ཁོ་ཆུང་ཀུ་འབད་ནི་དེ་གིས་ སླབ་ད་ཡང་ཉན་མི་བཏུབ་པས་ སྟོན་བྱིན་ནིའི་སེམས་འདི་ཡོད་ འབད་འོང་མི་འབད་ག་སླབ་མི་ཤེས་པས་ དཔེ་ཆ་ལྷབ་དེས་ དཔེ་ཆ་མཐར་མ་འཁྱོལ་བ་ཅིན་ ལྷབ་ནི་འདི་ལྷབ་རང་དྲག་ཟེར་སླབ་དོ་ང་གིས་ ད་ལྟོ་ང་ལུ་ཨ་ལོ་གཉིས་ཡོད་ གཅིགཔོ་འདི་ཆུང་ཀུ་རང་ཡོད་ གཅིག་སློབ་རིམ་ ༥ པའི་ནང་ལྷབ་དོ་ དཔེ་ཆ་ལེགས་ཤོམ་སྦེ་ལྷབ་དོ་མ་ལྷབ་དོ་ག་ ང་གིས་འདི་ལྷབ་ཟེར་ སླབ་དོ་ཏེ་ རང་རང་སོའི་སེམས་སོ་སོ་འདུག་ འཕྲལ་འཕྲལ་འདི་སླབ་ད་ཡང་ ཉན་མི་བཏུབ་པས་ འཕྲལ་འཕྲལ་ཉན་མས་ ད་ལྟོ་འདི་སྟོན་ཡང་མ་བྱིན་ ལྷབ་དྲག་དཔེ་ཆ་མཐར་མ་འཁྱོལ་བ་ཅིན་ ལཱ་ཁག་རྐྱབ་འོང་ཟེར་སླབ་དོ་ ལོག་ཅི་ལོག་ཅི་རང་སླབ་དོ་སླབ་ནི་འདི།
    They are young thats why they don't listen but i would like to teach them. If they dont do well in studies it is better to learn this. One is studying in class five, sometime they listen but not all the time. I always say it is better to learn because if they dont do good in studies it will be difficult to them.
  • དཔོན་ཆེན་ལ་ Penchela
    ཁྱོད་ད་ལྟོ་སོ་ནམ་པ་ཅིག་ཡང་ཨིན་པས་སྨོ་ཤིག་ དུང་བཟོ་ནི་དང་སོ་ནམ་གྱི་ལཱ་འབད་ནི་འདི་གཉིས་ག་ཁེ་ཕན་འདུག?
    Your a farmer so which one is profitable, farming and Trumphet making?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    སོ་ནམ་གྱི་ལཱ་དུམ་གྲ་རེ་མི་མ་ལངམ་ད་ལྟོ་རེ་བཟོ་བྱིན་དོ་ལགས་ བཞེས་སྒོ་རེ་བཟོ་བྱིན་དོ་ ང་ཏོག་ཙི་བརྐོ་སྟེ་ལཱ་འབད་ནི་མེད་ འཕྲལ་འཕྲལ་སྟབས་མ་བདེ་བའི་སྐབས་ གཡུས་ཁར་འགྲོ་དོན་རེ་ཐོནམ་ད་ ཨ་ཙི་རེ་ཕར་དང་ཚུར་འགྱོ་སྟེ་སྡོད་དོ་ ང་སོ་ནམ་པའི་ལཱ་ཟེར་ རོགས་བཟུམ་སྦེ་ཏོག་ཙི་བརྐོ་སྟེ་ ཨ་རིང་ལྕང་ལཱ་རྐྱབ་ནི་སྤྲོ་བ་ཡང་མེད་ འབད་ནི་ཡང་མེད་ ཤེས་ཡང་མི་ཤེས།
    I dont work in farm at all but sometime when there is worker in field i cook for them. I never work in field but some times go for reciting prayers in village. I dont know farming work and don;t have interest too.
  • དཔོན་ཆེན་ལ་ Penchela
    ཨ་ནཱི་དུང་བཟོ་ནི་འདི་ཁྱོད་ཀྱི་ལཱ་རང་འདི་ཨིན་ན?
    Making trumpet is your profession right?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ངེའི་ལཱ་གཙོ་བོ་རང་འདི་ཨིན་ ཁེ་སང་ཡོད་རུང་མེད་རུང་འདི་འབད་ནི་དེ་གིས་ འདི་རང་བཏགས་སར་བསྐྱལ་ཏེ་རང་འབད་དོ།
    Yes it is my profission. If their is profit or not i do only this, i never mix works.
  • དཔོན་ཆེན་ལ་ Penchela
    ནཱ་མན་ཌལ་སྒང་འདི་ ཁྱོད་གཞིས་གསར་ཨིན་པས་མེན་ན་ ནཱ་མན་ཌལ་སྒང་དང་པདྨ་དགའ་ཚལ་གྱི་བར་ན་ག་ཏེ་ལུ་མངམ་ཐོན་མས་འདི་གི་ལཱ?
    If you compare Mendrelgang and Pema Gytshel were you find more of this work?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ནཱ་ལུ་འདི་ ང་ར་གཅིག་ཨིན་ འདི་བཟུམ་མའི་ལཱ་འབད་མི།
    I only do this work here.
  • དཔོན་ཆེན་ལ་ Penchela
    མེན་དུང་ལཱ་འབད་མི་སླབ་ཅི།
    No i mean Making trumphet?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    རྩེ་བར་ལུ་ལྷབ་ཅི།
    I learned in Pema gytshal,Tshabar.
  • དཔོན་ཆེན་ལ་ Penchela
    ལྷབ་ནི་འདི་ཕར་ལྷབ་ལྷབ་ཨིན་པས་མེན་ན་ དེ་འབདཝ་ད་དུང་བཟོ་མི་ག་ཏེ་ལེ་ཤ་འོང་མས་གོ་ ནཱ་རྩི་རང་ལུ་མངམ་འོང་མས་གོ་ པདྨ་དགའ་ཚལ་ལུ་མངམ་འོང་མས་གོ?
    No you learned in Tshabar. But where is more i mean trumphet making,Tirang or pemagytshel?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    འེང་་་དུང་མཁོ་འདོད་བསྐྱེད་མི་ཡ? འདྲན་འདྲ་ར་འོང་དོ་འོང་ ནཱ་འདི་ ང་ལོ་ ༧ དེ་ཅིག་ཡར་སོང་ཡི་ གྲམ་ཕུག་ལུ་འདི་ངེའི་དུང་ལེ་ཤ་ལྷོད་དེ་ཡོད་ འེང་་་་དུང་བཟོ་མི་འདི་ པདྨ་དགའ་ཚལ་མང་དོ་འོང་ པདྨ་དགའ་ཚལ་རྩེ་བར་ཟེར་ས་ལུ་རང་མང་དོ་འོང་ ཕར་ལུ་རང་ ༥༠ ལྷགཔ་ཅིག་དང་ ༦༠ གི་བར་ན་ཡོད་ ག་ར་ལ་ལུ་ཅིག་ སོ་ནམ་པ་དང་ ལ་ལུ་ཅིག་ང་བཅས་ཀྱི་གྲྭ་པ་ དགེ་སློང་འདི་ཚུ་འོང་།
    You mean demand for trumphets? Its same. I had been here for seven yrs, i have supplied more trumphets at Damphu. But Trumphet maker are more in Pema Gytshel Tshebar. There are about fifty to sixty, some are villager but some are my friends.
  • དཔོན་ཆེན་ལ་ Penchela
    ཨ་ནཱི་དུང་འདི་ཚུ་བཟོ་ཡང་ཁྱོད་རང་བཟོ་འབག་སྟེ་ བཙོངམ་སྨོ་ཁྱོད་ཀྱིས་ནཱ་བཟོ་སྟེ་ ཕར་ཚོང་ཁང་ནང་སྦེ་བཙོང་དོ་ག་ ག་དེ་སྦེ་འབད་དོ?
    Do you sell your self in market or you take to shops?
  • ཚེ་དབང་རྣམ་རྒྱལ་ Tshewang Namgyel
    ནཱ་རང་ལྷོདཔ་མས་ རེ་རེ་གཉིས་དེ་ཅིག་འདི་ ལ་ལུ་ཅིག་གིས་ ཡར་འབག་འོང་གནང་ཟེར་སླབ་མས་ ལ་ལོག་ནང་རང་ ད་ལྟོད་འདི་གནགཔོ་འདུག་མེན་ན་ སྐྱུར་ཆུ་ཨེ་སིཏ་གིས་ འཁྱུ་ཞིནམ་ལས་ དཀརཔོ་འགྱོཝ་ཨིན་ ཟངས་དམར་འབད་བ་ཅིན་ དམརཔོ་འགྱོཝ་ཨིན།
    Some come here to get it but some order. It is black rite, once we wash with acid it became white and the bronze became red.