Video Overview
This short video documentation shows how a milk churner locally known as Chundara is made and designed in southern Bhutanese of Nepali ethnic community. As the local artisan who does wood turning in Tashipang village is mute, the documenter has used a local man to do the explanatory narration of the process. While the wood turning in other parts of Bhutan use imported electric run machines, this person still resorted to using the traditionally designed water turned machine for turning and wood blocks with locally made tools.
གློག་བརྙན་ཐུང་ཀུ་འདི་ནང་ འབྲུག་གི་ ལྷོ་ཕྱོགས་རྫོང་ཁག་ནང་ ནཱེ་པཱ་ལི་གི་མི་རིགས་ཚུ་གིས་ ཁོང་རའི་ ཁ་སྐད་ལས་བཙུན་ད་ར་ཟེར་ ཨོམ་དཀྱོག་ནི་གི་ ཨོ་ཟོ་ག་དེ་སྦེ་ བཟོ་སྲོལ་ཡོདཔ་ཨིན་ནའི་སྐོར་ལས་ བཤདཔ་ཨིན་པས། རྩི་རང་རྫོང་ཁག་ བཀྲིས་སྤང་གཡུས་ཚན་ལས་ གློག་བརྙན་འདི་ནང་ ཁུ་སི་སིམ་སྦེ་ ཨོ་ཟོ་བཟོ་མི་འདི་ ནཱེ་པཱ་ལི་ མི་རིགས་ཀྱི་གཡུས་ཚན་འདི་ནང་ ཟོ་ལཱ་འབད་མི་ཅིག་ཨིན་པས། གློག་བརྙན་བཟོ་མི་འདི་གིས་ གློག་བརྙན་ནང་ བཤད་པ་རྐྱབ་ནིའི་དོནལ་ུ་ གཡུས་ཁའི་མི་གཞན་མི་ཅིག་ ལག་ལེན་འཐབ་ནུག། འབྲུག་གི་ ལུང་ཕྱོགས་སོ་སོར་ཚུ་ནང་འབད་བ་ཅིན་ ཤིང་བཟོ་གི་དོན་ལུ་ ཕྱི་ལས་ནང་འདྲེན་འབད་འབད་བའི་ གློག་ཆས་ཀྱི་ ཅ་ཆས་ཚུ་ ལག་ལེན་འཐབ་ཨིན་རུང་ ཁོ་གིས་ ཤིང་གི་དུམ་བསྒྱིར་ནིའི་དོན་ལུ་ ནང་འཁོད་ལས་ ནང་འཁོད་ཀྱི་ ཅ་ཆས་ཀྱིས་ བཟོ་བཀོད་འབད་འབད་བའི་ ཆུ་གིས་སྦེ་ བསྒྱིར་བའི་འཕྲུལ་ཆས་འདི་ ལག་ལེན་འཐབ་ཨིན་པས།
- དཱ་ཏ་རཱམ་རའི Data Ram Raiང་གིས་ བཟོ་མིའི་ ཅ་ལ་འདིའི་མིང་ ཙུན་དཱ་ར་ཟེར་ སླབ་ཨིན། ཏེ་ཨ་ནཱི་ ཙུན་དཱ་རའི་ ལཱ་འབད་ནིའི་དོན་ལུ་ ཆུ་གཡུར་བ་དང་ ཡང་ཅིན་ ཆུང་དུང་ནང་ལས་སྦེ་ ཆུ་བཀལ་ཏེ་ རླུང་འཁོར་གུ་བཏངམ་ཨིན། ཏེ་རླུང་འཁོར་འདི་ཡང་ ཤིང་ལེགས་ཤོམ་གྱི་ ཨེན་ཏ་གི་ བཟོཝ་ཨིན།
- དཱ་ཏ་རཱམ་རའི Data Ram Raiདེ་ལས་ ཆུ་འདི་ རླུང་འཁོར་གུ་རེག་འོང་ དེ་བསྒང་ རླུང་འཁོར་འདི་འགྱིར་འོང་། རླུང་འཁོར་འགྱིར་བའི་ཤུགས་ཀྱིས་སྦེ་ ང་བཅས་ཀྱིས་ ང་བཅས་རའི་ ལག་བཟོའི་ཅ་ལ་ཚུ་ བཟོ་ཚུགསཔ་ཨིན། ང་བཅས་ཀྱིས་ ནགས་ཚལ་ནང་ལས་ ཅ་ལ་ལེགས་ཤོམ་ བཟོ་ཚུགས་ནི་གི་དོན་ལུ་ ང་བཅས་ཀྱི་ གཡུས་ཁ་ལུ་ ཤིང་གི་མིང་འདི་ དཱར་དང་ ཁན་བཱ་རི། ཏེ་ཨ་ནཱི་ ཤིང་འདི་ཚུ་གི་སྦེ་ ཅ་ལ་འདི་ཚུ་ལེགས་ཤོམ་འོང་ ཚེ་འོང་། འདི་གུ་ ཚོན་འདི་ཚུ་ཡང་ འདི་གུ་ར་ཡོདཔ་སྦེ་འོང་།
- དཱ་ཏ་རཱམ་རའི Data Ram Raiནཱི་འབདཝ་ལས་བརྟེན་ ཧེ་མ་ལས་ར་ བཟོ་སྲོལ་འདུག། དེ་འབདཝ་ད་ ལོ་ངོ་ཁལ་གཅིག་ལྔ་དང་ སུམ་བཅུའི་ཧེ་མ་ལས་ ཉམས་འགྱོ་སྟེ་འདུག། འདི་འབདཝ་ལས་ ང་གིས་ འགོ་བཙུགས་ཅི། ཏེ་ཅ་ལ་བཟོ་ནིའི་ ཐད་ཁ་ལྷོདཔ་ད་ བཟོ་ཆས་འདི་ཚུ་དང་ ཅ་ཆས་གཞན་ཚུ་ ལེགས་ཤོམ་ཡོད་པ་ཅིན་ ཁྲེ་ཀ་སྦོམ་གཉིས་གཉིས་ གསུམ་གསུམ་རེ་བཟོ་ཚུགས་པས། དེ་ལས་ ཅ་་ཆུང་ཀུ་འདི་ཚུ་འབད་བ་ཅིན་ དུས་ཚོད་ལེ་ཤ་མི་འགོར་བས། ཏེ་ཅ་ལ་འདི་ཚུ་ དེ་སྦེ་བཟོ་དོ།
- དཱ་ཏ་རཱམ་རའི Data Ram Raiཧེ་མ་ ནཱ་གཡུས་ཁ་དང་ དེ་ལས་ ང་བཅས་ རྩི་རང་ལུ་ཡང་ཡོད་ལོ། དེ་འབདཝ་ད་ ཧེ་མ་དེ་ མགརཝ་གིས་ བཟོ་བའི་ལོ།
- དཱ་ཏ་རཱམ་རའི Data Ram Raiཅ་ལ་བཟོཝ་ད་ ཅ་ཆས་ཁག་ཆེ་ཤོག་ར་ བཱག་ཟེར་ སླབ་མི་འདི་ཨིན། ཅ་ལ་འདི་ ལྕགས་ལེགས་ཤོམ་གི་སྦེ་བཟོ་དགོ། འདི་ཡང་ མགརཝ་ཚུ་གིས་ ཁ་དང་ངར་འདི་ཚུ་ ལེགས་ཤོམ་སྦེ་བཏོན་ཏེ་བཟོ་དགོ། ཅ་ཆས་འདི་ཚུ་ལེགས་ཤོམ་ཡོདན་ ཅ་ལ་འདི་ཚུ་ཡང་ ལེགས་ཤོམ་སྦེ་བཟོ་ཚུགས་པས།
- དཱ་ཏ་རཱམ་རའི Data Ram Raiདེ་ལས་ ཅ་ཆ་གཞན་འདི་ བཱི་ནི་ཟེར་ སླབ་ཨིན། འ་ནཱི་འདི་ ནང་ན་རྐོ་ནིའི་དོན་ལུ་ཨིན། བཟོ་ཆས་འདི་ཚུ་ ད་རེས་ནངས་པ་ མགརཝ་ཆ་མཉམ་གྱིས་མི་བཟོ་བས། ཏེ་ཧེ་མ་ལས་ར་ མགརཝ་རྒས་ཤོ་ཚུ་གིས་ བཟོ་མི་རྐྱངམ་ཅིག་མ་གཏོགས་ ག་གི་ཡང་མི་ཤེས་པས། ཏེ་ཁོང་རྒས་ཤོས་ཚུ་གིས་ སྟོན་བྱིནམ་ད་ རྐྱངམ་ཅིག་བཟོ་ཚུགས་པས།